དཔེ་འཕྲིན། ལེགས་བཤད་དང་ཉེན་བརྡ།

    ཡིག་སྒྱར་བ། སེངྒེ་དང་ཕོ་ལྷ།


དཔེ་འཕྲིན། ལེགས་བཤད་དང་ཉེན་བརྡ།


                    
ཡིག་སྒྱར་བ། སེངྒེ་དང་ཕོ་ལྷ།

སྔོན་འགྲོའི་གཏམ། 
སྤྱིར་ན་ལོ་ཙཱའི་ལས་རིགས་གཉེར་བ་ལ་ཕྱོགས་གང་ཐད་ནས་ཆ་རྐྱེན་ཕུན་སུམ་ཚོགས་པ་ཞིག་ཚང་དགོས་པ་ནི་འདས་པའི་ལོ་རྒྱུས་ལ་བལྟས་ན་ཤེས་གསལ་རེད། འོན་ཀྱང་ད་ཐེངས་ངེད་གཉིས་ལ་མཚོན་ནས་བཤད་ན་ལོ་ཙཱ་དང་སྒྱུར་རྩོམ་ལ་ཆ་རྒྱུས་གང་ཡང་མེད་མོད། སྤྱིར་བཏང་རང་ཉིད་ཀྱིས་སྒྲུབ་འདོད་པའི་བྱ་བ་ལ་འབད་བརྩོན་བྱ་རྒྱུ་ནི་མི་ཚེའི་བདེ་སྐྱིད་འཚོལ་ཐབས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།

དེའི་ཕྱིར་ང་རང་གཉིས་ཀྱི་དགའ་ཕྱོགས་དང་དུས་རབས་ཀྱི་འགྲོས་བཞིན་རྒྱའི་སྐད་ཡིག་ལ་བགྲང་བྱ་གཉིས་ལྷག་སློབ་སྦྱོང་བྱས་པར་བརྟེན། ཤར་ནུབ་ཀྱི་མཁས་དབང་དུ་མའི་གསུང་གི་ཉིང་ཁུ་དག་བོད་བསྒྱུར་བྱས་པའི་སྒྱུར་དེབ《ལེགས་བཤད་དང་ཉེན་བརྡ》ཞེས་པ་འདིས་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་དུ་ལོ་ཙཱའི་ལས་རིགས་ལ་ཞབས་འདེགས་ཡོང་བའི་ངེས་པ་མེད་ཀྱང་། འདི་ནི་ཕྱི་དྲན་གྱི་མཛེས་སྡུག་ཅིག་དང་། ན་གཞོན་གྱི་དན་རྟགས་ཤིག་ཡིན་ཞེས་སྐད་གསང་མཐོན་པོའི་བརྗོད་ཆོག 

ཡང་ན་ངེད་གཉིས་ལ་ཕྱི་ནང་གསང་གསུམ་ནས་ཐུགས་ཁུར་གནང་བཞིན་པའི་དྲིན་ཆེན་གྱི་ཕ་མ་དང་། བློ་ཉེ་བའི་གྲོགས་པོ་དག་ལ་ལེགས་སྐྱེས་ཤིག་ཏུ་འགྱུར་ན་ཡང་ཅིའི་མི་ཆོག  བསྒྱུར་གྱི་ཆ་ལ་མི་འགྲིག་ས་དང་མི་མཐུན་པ་དུ་མ་ཞིག་ཡོད་སྲིད་པས། མཁྱེན་ལྡན་གྱི་ཀློག་པ་པོ་དག་གིས་སྐྱོན་བརྗོད་དང་། མཛུབ་སྟོན་གང་མང་ཞིག་ཡོད་པར་མཁྱེན་མཁྱེན། 
                          ༢༠༢༣/༡/༡ཉིན་སྒྱུར་བ་པོ་ནས་བྲིས་སོ།།

                       རྩོམ་སྒྲིག་པ། མྱི་གསར་བ། 

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Neteas