དཔེ་འཕྲིན། ཟླ་འོད་འོག་གི་གླུ་པ།
ལྡོང་འཇིགས་སྲས་ཀྱིས་བརྩམས།
ལྡོང་འཇིགས་སྲས་ཀྱིས་བརྩམས།
དཔེ་འཕྲིན། ཟླ་འོད་འོག་གི་གླུ་པ།
ལྡོང་འཇིགས་སྲས་ཀྱིས་བརྩམས།
འགྲོས་མྱུལ་བའི་དུས་ཚོད་རྒྱང་དུ་བཞུད་རྗེས། ང་ལ་ལྷག་ཡོད་པ་ནི་ལོ་ཟླའི་སྒེའུ་ཡོལ་ངོས་སུ་བྲིས་པའི། སྐད་ཆ་ཤི་མ་གསོན་འདི་དག་ལས་ཅི། ཡིན་ཡང་ད་དུང་ཞེ་ཆགས་ཀྱི་རྒྱུ་བ་མ་ཆོད་པར།སྔར་བཞིན་ཚོར་བ་བདེ་སྡུག་གི་ལམ་དུ་བགྲོད། རེད་ཡ། ང་ཚོ་འཇིག་རྟེན་གྱི་ཁམས་ཆེན་མོ་འདིར་མགྲོན་ལ་ཕེབས་པ་ནས། ང་ཚོ་ཆུ་བཞིན་གཡོ་ལ། དུས་ཚིགས་ལ་ཁྱད་མེད་པར་གཉོམ་དུང་དུང་གི་མཚོ་རྫིང་དང་འདྲེས།
རིམ་བཞིན་ལང་ཚོའི་ཀྱི་མཛེས་པ་འཆོར་བཞིན་པའི་དུས་སུ། མིག་ཆུ་མོད་པོ་དྲན་པས་སྦངས་བའི་ཡིག་ཟམ་དུ་བཅུག དེ་ནི་ལོ་ཟླའི་འདས་དོན་ནང་། ཨུག་ཆོས་དཀར་པོ་བརྩེ་བའི་ཡིག་འཕྲིན་དུ་འབུལ་ཐབས་ཤིག་གམ། བྱིའུ་ཆུང་འཇོལ་མོས་དུངས་བའི་དབྱངས་སྙན་ལེན་ཐབས་ཤིག
༼ཟླ་འོད་འོག་གི་གླུ་པ་༽ངག་ལྐུགས་པའི་ནད་པ་ཞིག་ལྟར་ཚོར་བ་བདེ་སྡུག་གི་ལམ་དུ་གནས། ༼ཟླ་འོད་འོག་གི་གླུ་པ་༽མི་ཚེ་སྐྱོ་གར་རང་བཞིན་ཅན་གྱི་མི་ཞིག་སྟེ། རང་གི་ལོ་ན་དང་ལུས་སེམས་ཀྱི་འགྱུར་བའི་ཆོས་ཉིད་དང་བསྟུན་ཏེ་མདུན་དུ་བསྐྱོད།
རྩོམ་སྒྲིག་པ། མྱི་གསར་བ།
![]() |
|
Signature is customized by Neteas