དཔེ་འཕྲིན། གངས་འདབས་ཀྱི་ཉི་ཟེར།

    གངས་འདབས་ཀྱི་ཉི་ཟེར།


དཔེ་འཕྲིན། གངས་འདབས་ཀྱི་ཉི་ཟེར།
རིན་པོ་ཆེའི་སྐུ་ཚེ་བརྟན། སྤྱི་ལོ་གསར་བ་ཚེས་པ་དང་བསྟུན་ཕ་ཡུལ་གཅིག་པའི་ན་གཞོན་འགའི་དེབ་གསར<<གངས་འདབས་ཀྱི་ཉི་ཟེར>>ཞེས་པ་དངོས་སུ་ཀློག་པ་པོ་ཡོངས་ཀྱི་སྤྱན་སྔར་དུ་འབུལ། 
   འདི་ནི་ཚོར་བའི་རྟ་ཁྱུ་འདེད་པའི་གངས་འདབས་ཀྱི་ན་གཞོན་སྐོར་ཞིག་གིས་ཕ་ཡུལ་ལ་ཕུལ་བའི་སྐྱེས་དང་ཕ་ཡུལ་ལ་བསྐྱངས་བའི་སེམས་འདུན་ཡིན། ཕ་ཡུལ་ནི་གང་གིས་ཀྱང་འགྲན་ཟླ་མི་འོང་བའི་སོ་སོའི་སེམས་ཀྱི་འཇིག་རྟེན་གཞན་ཞིག་ཡིན། 
     ཆིག་སྒྲིལ་གྱི་སྟོབས་མ་འཐོར་བའི་ཕ་ཡུལ་གྱི་བཀྲག་མདངས་རེ་རེའི་ཁྲོད་ན་མ་འོངས་པའི་ཕུགས་བསམ་དང་ཕུགས་བསམ་གྱི་ཡང་སྙིང་ཡོད། ཆོད་སེམས་ཀྱི་སྤོབས་མ་ཉམས་པའི་ན་གཞོན་ཚོའི་དཔུང་རྡང་ཡོད། 
   ན་གཞོན་སོ་སོའི་བསམ་བློའི་དཔལ་ཡོན་དང་འཚོལ་སྙེག་གི་རེ་བ། འཚོ་བ་དང་བརྩེ་དུང་། ལྟ་ཞིབ་དང་སྒེར་གཤིས་ཀྱི་འདུ་ཤེས་ཀྱང་མཚོན་པར་བྱས་ཡོད་པའི་སྙན་ངག་རེ་རེ་ནི་མཚར་སྡུག་གིས་ལང་ཚོ་གསར་བས་བརྒྱན་ཞིང་རྣམ་དཔྱོད་ཀྱི་བློ་མིག་གསོན་པོས་སྤྲས་ཡོད་དོ། །
   དུས་དེབ་འདི་དཔར་གྲངས་ཉུང་ཉུང་ཞིག་མ་གཏོགས་མེད་མོད་དགོས་མཁན་ཚོས་ཐད་ཀར་གཤམ་གྱི་འཕྲིན་ཕྲན་ཨང་གྲངས “SNDZ21” ལ་བརྒྱུད་དེ་མངག་ཉོ་གནང་ཆོག མཇུག་མཐར་བཀྲ་ཤིས་བདེ་ལེགས། 
                      རྩོམ་སྒྲིག་པ། མྱི་གསར་བ། 

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Neteas