དཔེ་འཕྲིན། རྩིགས་པ།

    ཀོང་ཞིའི་རིག་གནས་སྒྱུ་རྩལ་དཔེ་སྐྲུན་ཁང་།


ཞུ་མཆིད་དང་ཞེ་དམ།
 
     ཧི་མ་ལ་ཡི་སྣང་སྲིད་ཀྱི་གཞི་ཀློང་དུ་འུ་བུ་ཅག་གི་མེས་པོ་རྣམས་ཀྱིས་ནི་གདོད་མ་ནས་ཆོས་སོ་སོར་འབྱེད་པའི་ཤེས་རབ་དང་བརྩོན་འགྲུས་ཆེན་པོས་འཕྲལ་ཡུན་གྱི་བདེ་སྐྱིད་འཚོལ་བར་གཞལ་དུ་མེད་པའི་དུས་ཚོད་དང་གསེར་དངུལ་མི་ཤུགས་སོགས་ཕོན་ཆེན་བཏང་མྱོང་།    དེའི་འབྲས་བུར་ཆོས་དང་། ནོར་དང་། གླུ་དང་། སྙན་ངག་དང་། བཟོ་དང་། རྩིས་དང་། འཚོ་བྱེད་ཀྱི་ཐབས་སོགས་མདོར་ན་གངས་རི་དཔལ་དང་ལྡན་པའི་ལྗོངས་ཆེན་པོ་འདིར་རིག་པའི་གནས་བཅུ་སོགས་ངོ་མཚར་འཛད་དུ་མེད་པའི་ཤེས་རིག་གི་སྡིངས་ཆ་གཏོས་ཆེན་པོ་ཞིག་གྲུབ།   དེ་དག་ལས་འུ་བུ་ཅག་གིས་རྩྭ་རྩེའི་ཟིལ་པ་ཙམ་ཞིག་སྙིང་ལ་ཉེ་བར་ལེན་འདོད་པ་ནི་འདི་ཀ་སྟེ། སྐྱེ་ནས་འཆི་བའི་བར་མེས་པོ་དག་གི་སྐད་ཆའི་ལད་མོ་ཙམ་ཡང་དོན་ཆེན་པོར་བསྒོམས་ནས་སྨྱུ་གུ་ས་ལ་མི་འཇོག་པའི་ཞེ་དམ་འདི་རང་ཉིད་ལ་ཕུལ་སྙིང་འདོད་པ་འདི་རེད།  འདི་ལ་སྙིང་པོ་མཆིས་སམ། མཚུངས་པ་མེད་པའི་མེས་པོ་དམ་པ་ལགས།  

 
ཕྱི་ལོ། ༢༠༢༡ ་ ༠༤  ཧྥ་རན་སི། སྨོན་འཕེལ་གླིང་།
ནམ་རྒྱུན་ཡང་འཇུག་མེད་པ་དེ་རྒྱུག་ཆེ་ཚོད་ལ། དེབ་འདིའི་མདུན་ཤོག་ལ་དབྱིན་ཡིག་ཀྱང་འཁོད་ཡོད་པས རྩིགས་པ འདིའི་བསྟན་དོན་ཧ་གོ་ཡོད་མདོག་བྱས་པ་ཡིན། རྩོམ་པོ་བརྒྱད་པོ་ལས་ད་དུང་མིང་ཙམ་ཡང་གོ་མ་མྱོང་བ་དེ་འདྲ་ཡང་འདུག་སྟེ། དེ་ནི་ཁོང་ཚོར་སྐད་གྲགས་མི་འདུག་ཟེར་པ་ནི་གཏན་ནས་མིན་པར་ང་རང་སོ་སོའི་ཐོས་རྒྱ་ཆུང་པ་དེ་ལ་དཀྱེལ་ཡངས་མཛད་རོགས་གནང་ཞེས་ཞུ་འདོད་པ་དེ་ཡིན། བཀླགས་མ་མྱོང་པའི་དེབ་ཅིག་གི་སྐོར་ལ་སྐད་ཆ་མང་པོ་ཞིག་ཞུ་རྒྱུ་ག་ལ་ཡོད་དེ། གཅིག་ན་བྲི་སྐུལ་གནང་མཁན་ལ་མིན་ཟེར་མ་ནུས་པ་དང་གཉིས་ན་སྙན་ངག་མཁན་མང་པོས་མཐུ་བསྡོངས་དཔུང་བསྡོངས་གནང་ཚུལ་འདི་བཟང་ལྟས་ཤིག་གམ་གོམས་གཤིས་ཡག་པོ་ཞིག་རེད་བསམ་བྱུང་། ཇི་བཞིན་ད་རེས་རྡོག་རྩ་གཅིག་སྒྲིལ་གནང་པ་དེ་བཞིན་མ་འོངས་པར་ཡང་མུ་མཐུད་དེབ་འདིའི་རིགས་མཉམ་འདོན་གནང་ཐུབ་པར་སྙིང་ཐག་པ་ནས་གསོལ་འདེབས་ཞུས་པ་ཡིན་ཏེ། དཔེར་ན་རབ་ལ་ལོ་རེར་དེབ་ཁ་ཤས་རེ་སྡུག་མཐའ་ལ་ཡང་ལོ་རེར་དེབ་རེ་ལྟ་བུ།
                            ___ལྗང་བུ་ནས།

 
རྩིགས་པཞེས་པའི་སྙན་ངག་བཏུས་དེབ་པར་དུ་བསྐྲུན་པར་རྟེན་འབྲེལ་ཞུ། སྨྱུ་གུའི་ཟློས་གར་འདིས་ཀུན་གྱི་ཡིད་དབང་དགུག་ནུས་པར་སྨོན། 
 
                    —སྐྱབས་ཆེན་བདེ་གྲོལ་གྱིས་ཕུལ།
 
དུར་མིག་སོགས་ཀྱིས་བརྩམས་པའི་སྙན་དེབ རྩིགས་པ ཞེས་པ་པར་སྐྲུན་འགྲེམ་སྤེལ་གནང་བར་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུ་རྒྱུ་ཡིན།   བཀྲ་ཤིས་བདེ་ལེགས།
 
                 __མདོ་སྨད་པ་སྨན་བླ་སྐྱབས་ཀྱིས་ཕྱི་ལོ་༢༠༢༡ཟླ་ཚེས་བཟང་པོར།

དཔེ་ཆ་འདི་མངག་ཉོ་བྱེད་ས།
འཕྲིན་ཕྲན་འབྲེལ་གནས།
རོ་རྒྱ་གླིང་།  ‬ rjl8330
སྒེའུ། wxid_gb0a3gfrzdy
དབྱངས་ཅན་མ་དཔེ་ཤག CANG13766               

                       རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease