དཔེ་འཕྲིན། གངས་ཁྲོད་ཀྱི་རྨི་ལམ།

    ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།


དཔེ་འཕྲིན། གངས་ཁྲོད་ཀྱི་རྨི་ལམ། 
 
                          འབར་བློ་དཀར་གྱིས་བརྩམས། 

            ཕྲན་གྱི་སྙན་དེབ་ཐོག་མ་(གངས་ཁྲོད་ཀྱི་རྨི་ལམ་)ཞེས་པ་འདི་ཉིད་ད་ལྟ་དཔེ་སྐྲུན་ཁང་དུ་དཔར་སྐྲུན་བྱེད་བཞིན་པ་ཡིན།  མི་འགྱང་བར་སྒོར་ཐོན་ལ་ཉེ་བའི་སྙན་དེབ་འདི་ནི་ཕྲན་གྱིས་མི་ལོ་བཅུ་གྲངས་ཙམ་ལ་བྲིས་པའི་ཚིག་བཅད་སྙན་ངག་ཡོད་ཚད་ལས་ཡང་དང་བསྐྱར་དུ་གདམས་གསེས་ལེགས་པོར་བྱས་ཏེ་གྲུབ་པ་ཞིག་ཡིན།  སྤྱིར་བཏང་བྱ་བ་གང་ཡིན་ན་ཡང་རྔམ་རྒྱུ་མང་དྲགས་པ་ནི་སྐྱོན་དུ་འགྱུར་བ་ལས་དགེ་མཚན་དུ་ཕལ་ཆེར་མི་འགྱུར་བས།  ཕྱོགས་གཅིག་ནས་སྙན་དེབ་འདི་ཕུད་པའི་དུས་ཚོད་ཅུང་ཟད་སྔ་འགྲོ་བ་མིན་ནམ་སྙམ་ནས་སྟོང་འདང་མང་པོ་ཞིག་རྒྱག་དགོས་བྱུང་།  ཡིན་ན་ཡང་ད་སྔོན་ཡན་ཆད་ལ་བྲིས་པའི་རྩོམ་ཡིག་གི་ཁ་གྲངས་ལྟོས་འཇོག་གིས་མང་པོ་ལོན་འདུག་པ་དང་།  དེ་དག་གི་ནང་དུ་རང་ཚོད་ཀྱིས་སྙན་ངག་ཅུང་ཟད་རྩེ་གྲ་རུ་རློམ་ཆོག་པ་མང་ཙམ་འདུག་སྙམ་པའི་འཁྲུལ་བློ་ཞིག་ཀྱང་བྱུང་བ་དང་།  ད་དུང་བློས་ཐུབ་ཀྱི་གྲོགས་པོ་རེ་འགས་ལྷག་བསམ་དག་པས་ད་ནི་སྙན་དེབ་ཅིག་ཕུད་པའི་ཚོད་རེད་འདུག་ཅེས་རེ་སྐུལ་ཡང་ཡང་བྱས་པ་སོགས་ཀྱིས་དེབ་ཆུང་འདི་ཉིད་མི་ཡུལ་དུ་འཁྲུངས་པའི་རྟེན་འབྲེལ་གྱི་སྒོ་མོ་ངང་གིས་ཕྱེས་བྱུང་།  ད་ནི་གང་ལྟར་ཀྱང་ངའི་རྣམ་ཤེས་དང་ཚེ་སྲོག་གི་སྙིང་པོར་གནས་པའི་ངག་གི་བདེན་པ་སྟེ། ཤེས་རབ་དང་ཉམས་རྟོགས་ཀྱི་ཀློང་ནས་སྐྱེད་པའི་དབྱངས་གསལ་གྱི་སྦྱོར་བ་ཉུང་ངུ་འདི་ཉིད་ངས་མི་ཡུལ་གྱི་གྲོགས་པོ་དག་ལ་སྐྱེས་སུ་བཏེགས་པ་ཡིན།  མཇུག་མཐར་ངའི་སྙན་དེབ་འདི་ཉིད་སྒོར་ཐོན་པར་རེ་སྒུག་བྱེད་མཁན་གྱི་གྲོགས་པོ་ཡོངས་ལ་བཀའ་དྲིན་ཆེ་ཞུ།  ཁྱེད་ཅག་གི་རྒྱབ་སྐྱོར་དང་སྐུལ་འདེད་ཀྱིས་བདག་ལ་སེམས་ཤུགས་དང་སྤོབས་པ་བླ་ན་མེད་པ་ཞིག་བསྩལ་བྱུང་དངོས་ནས་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན་ནོ།།


                         རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease