དཔེ་འཕྲིན། The language of my heart.

    སེམས་ཀྱི་སྨྲ་བརྗོད།


དཔེ་འཕྲིན། སེམས་ཀྱི་སྨྲ་བརྗོད།

                        འོ་མས་བརྩམས།

འཕྲིན།
ཀློག་པ་པོ་ལགས།  ཁམས་བདེ།
         ད་ཐེངས་བུད་མེད་རྩོམ་པ་པོ་འོ་མ་ལགས་ཀྱིས་དབྱིན་སྐད་དུ་བརྩམས་པའི་སྙན་དེབ་The language of my heart(སེམས་ཀྱི་སྨྲ་བརྗོད།)ཞེས་པ་མི་འགྱངས་པར་སྒོར་འབུད་རྒྱུ་རེད།
 
        སྙན་དེབ་འདི་ནི་ཁོ་མོས་ཉེ་བའི་ལོ་འགའི་ནང་དུ་བརྩམས་པའི་སྙན་ངག་རྩེ་བཏུས་ཀྱི་དེབ་ཅིག་ཡིན་པ་རེད།  ད་ལྟ་ཕྱི་ནང་གི་སྒྲིག་སྦྱོར་གྱི་ལས་ཚེགས་རྣམས་ཡོངས་སུ་ཚར་ཏེ།  དཔར་སྐྲུན་ཁང་ལ་བསྐུར་ཟིན་འདུག
        ཁོ་མོས་ད་ལྟའི་བར་དབྱིན་སྐད་ནས་སྙན་ངག་གི་གཙོས་པའི་སྒྲུང་ཐུང་དང་ལྷུག་རྩོམ་མང་དུ་བརྩམས་ཡོད་ལ།  སྣུམ་ཚོན་རི་མོ་སྐོར་ཞིག་ཀྱང་བྲིས་ཡོད།  
 
        མོ་རང་འབྲོག་མོ་ཞིག་རེད།  མོས་འབྲོག་སྐད་ཀྱི་ལམ་ནས་བྲིས་པའི་སྙན་ངག་ལའང་བྲོ་བ་དམིགས་བསལ་བ་ཞིག་ཡོད།  དེ་མཚུངས་ད་ཐེངས་ཀྱི་སེམས་ཀྱི་སྨྲ་བརྗོད་བཀླག་པར་རེ་ཞིང་སྒུག་ཡོད།   ཅེས་སྒྲེ་བོས་འོས་སུ་སྦྱར་རོ།།

                       རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Neteas