དཔེ་འཕྲིན། པདྨའི་ཚལ།

    ཀློང་ཐང་ཤེས་རིག་ཕོ་བྲང་ཞབས་ཞུ་ལྟེ་གནས།


ལོ་དེབ་པདྨའི་ཚལ་སྤྱིའི་འདོན་ཐེངས་ལྔ་པའི་འགྲེམ་བརྡ།


           ངེད་ཁམས་སྟོད་འདན་མའི་ན་གཞོན་སྐོར་ཞིག་གིས་འགན་ཡོངས་སུ་བླངས་ནས་གཉེར་བའི་《པདྨའི་ཚལ》ཞེས་པའི་ལོ་དེབ་འདི་ནི་སྟོང་ལོ་བཅུ་དྲུག་ལོ་ནས་ཕུཊ་བསམ་དང་རྨི་ལམ་གང་མང་ཞིག་ཁུར་ཏེ་དཀའ་སྡུག་གི་འོག་ནས་འགག་འཕྲང་བརྒྱུད་དེ་ལམ་དུ་ཆས་པའི་འདན་མའི་ལོ་དེབ་ཅིག་ཡིན། ལོ་རེར་དེབ་རེ་སྤེལ་བཞིན་ཡོད་ལ། གཙོ་བོ་རང་མི་རིགས་ཀྱི་སྐད་ཡིག་གི་དངོས་དོན་ཐད་ཀྱི་སྤྱོད་རྒྱ་དེ་ཇེ་ཆུང་དུ་འགྲོ་བཞིན་པའི་དུས་རབས་ཀྱི་རྒྱབ་ལྗོངས་འདི་འདྲའི་འོག་ཏུ་པདྨའི་ཚལ་གྱིས་ཕ་ཡུལ་གྱི་ན་གཞོན་དག་ལ་ཕན་རེ་ཐོག་ན་སྙམ་པའི་རེ་འདུན་ཕྲ་མོ་ཞིག་དང་། ཡུལ་འདན་མའི་སྨྱུག་ཐོགས་པ་གསོ་སྐྱོང་ལ་དམིགས་ཤིང་། དེ་དང་སྦྲག་བོད་ཕྱི་ནང་གཉིས་སུ་བཞུགས་པའི་སློབ་ཆེན་ཁག་གི་སློབ་གྲོགས་རྣམས་དང་གྲྭ་བཙུན་རྩོམ་འབྲི་བ་དག་གཙོས་པའི་སྤྱི་ཚོཊ་ནང་གི་རྩོམ་པ་པོ་ཚོའི་སྦྱོང་རྩོམ་འགོད་པ་དང་། གཞན་བོད་ཀྱི་རྩོམ་པ་པོ་མིང་ཅན་དག་གི་ལེཊ་རྩོམ་རེ་འགོད་ཀྱིན་ཡོད། 
སྤྱིའི་འདོན་ཐེངས་ལྔ་པའམ་ད་ལོའི་ལོ་དེབ་ཀྱང་ལེགས་འགྲུབ་འབྱུང་ལ་ཉེ་ཡོད་པས་སྟབས་དང་བསྟུན་དེ་རིང་དངོས་སུ་འགྲེམ་བརྡ་སྤེལ་གྱིན་ཡོད་པས། སྤྱི་ཚོཊ་ཀྱི་ཟུར་སོ་སོའི་དཔེ་འཚོང་ཁང་དང་ཀློག་པ་པོ་དག་གིས་རྒྱབ་སྐྱོར་དང་དོ་ཁུར་གནང་བར་ཞུ། མ་ཟད་ལོ་དེབ་འདི་ལ་མོས་པ་ཡོད་མཁན་དག་གིས་ཐད་ཀར་ང་ཚོ་རྩོམ་སྒྲིག་པ་དག་ལ་འབྲེལ་བ་བྱས་ནས་ཉོ་འཚོང་བྱ་ཆོག་ལ་རང་ནུས་ཅི་ལྕོག་གིས་ཁྱེད་ཅག་གི་འདོད་མོས་ལྟར་ཞབས་ཞུ་བྱ་ངེས།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease