དཔེ་འཕྲིན། དབྱངས་ཀྱི་ཁ་ཆུ།

    དབྱངས་ཀྱི་ཁ་ཆུ་རྩོམ་སྒྲིག་ཁང་།


དེབ་གསར་དཔེ་འཕྲིན། དབྱངས་ཀྱི་ཁ་ཆུ།
གྲོགས་པོ་རེ་སྨྱུག་ལགས་ཀྱིས་བརྩམས་པའི་དབྱངས་ཀྱི་ཁ་ཆུ་ཞེས་པའི་སྙན་དེབ་གསར་བ་ཞིག་སྒྱུ་མའི་འཇིག་རྟེན་དུ་གར་གྱི་སྟངས་སྟབས་ཤིག་རོལ་རྩིས་ཡིན་པས་ཁྱེད་ལྟད་མོ་མཁན་རྣམས་ཀྱིས་དབྱངས་ཀྱི་འགྱུར་ཁུག་ལ་རོལ་མྱོང་རེ་བྱོས་དང་སྒེག་ལྡན་མའི་ཞལ་རས་ལ་སེམས་པ་འཁོར་ཆོག
                                    ཐལ་ཞག་ནས།

སེམས་ཀྱིས་མྱངས་བའི་ཡིད་བརྙན་ནི་སྨྲ་བསམ་བརྗོད་འདས་ཀྱི་སྒྱུ་འཕྲུལ་ལྟ་བུ་ཞིག་རེད། ངས་སྒྱུ་འཕྲུལ་གྱི་རང་གཟུགས་མཐོང་ཐུབ་པའི་སེམས་བསྐྱེད་ཀྱིས་མྱོང་སྣང་ནི་ངོས་འཛིན་ཆོག་པའི་ཕོན་པོ་ཞིག་གཏན་ནས་ཤར་མ་ནུས། འོན་ཀྱང་ཚོར་བའི་སྣེ་མོར་འཁྱིལ་བའི་ནང་སེམས་ཀྱི་འཆར་ཡན་རིང་ལུགས་དེ་དག་མགུལ་དུ་བརྒྱན་ནས་བདག་གི་གཅེས་ཕྲུག་ལྟ་བུའི་སྙན་དེབ་ཐོག་མ་«དབྱངས་ཀྱི་ཁ་ཆུ»ཞེས་པ་འདི་ལ་དཀའ་ངལ་དང་དུས་ཚོད་གང་མང་ཞིག་བཏང་ནས་རང་ཉིད་ཚབ་མཚོན་ཐུབ་པའི་ལེགས་སྐྱེས་ཤིག་ད་ཐེངས་དངོས་སུ་སྒྱུ་རྩལ་རྩོམ་རིགས་ལ་བློ་དཀར་བའི་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་བའི་སྐལ་བ་ལྡན་བྱུང་། འདི་ནི་ཁོ་བོའི་རུས་རྐང་ལས་བཞད་པའི་ཕ་སྐད་མ་ཡིག་གི་གསོན་ཤུགས་རྒྱས་པའི་ཐབས་སོ།།                     
                                   
རེ་སྨྱུག
དཔེ་ཆ་མངག་ཉོ་བྱེད་ས།

ཨང་གྲངས།
15528899908
འཕྲིན་ཕྲན་འབྲེལ་གནས།
1742063275

                                 སྒྲིག་སྦྱོར་བ། མྱི་གསར་བ།