དཔེ་འཕྲིན། ཆར་མིག་དང་དབྱངས་མིག

    དབྱངས་མིག་དང་ཆར་མིག་རྩོམ་སྒྲིག་ཁང་།



དེབ་གསར་གྱི་བརྡ་ཁྱབ།

ངའི་གྲོགས་པོ་མེའུ་ཁུ་ལགས་ཀྱི་དེབ་གསརདབྱངས་མིགདང་ཆར་མིགགཉིས་སྟབས་ཅིག་ཏུ་བསུ། 
ཁྱེད་ཀྱི་སྙན་ངག་གི་ས་ལམ་སྔར་ལས་ཡངས་པར་སྨོན།   
                            ལྷོ་ཆུ་འཛིན་གྱིས།
 
གྲོགས་ཀྱི་དེབ་གསར་གྲོགས་ཀྱིས་བསུ།
དེབ་གསར་གང་ཞིག་འཇིག་རྟེན་འདིར་འཁྲུངས་ཐུབ་པ་ནི་དཔེ་ཆ་བའི་ཀྱག་ཀྱོག་གི་ལམ་ཁ་མང་ཙམ་བརྒྱུད་རྗེས་གནའ་དེངས་རིགས་གཞུང་གི་ཁྲོད་ནས་རྙེད་པའི་ཤེས་རབ་དང་དགོངས་ཚུལ་སྐོར་ཞིག་ཕྱོགས་གཅིག་ཏུ་སྤུངས་ནས་ཀློག་པ་པོ་དག་གི་སྤྱན་ལམ་དུ་བསྟར་བ་ཙམ་དུ་ཟད་གྲང་།
རྩོམ་འབྲི་བ་གསར་བ་ཞིག་གི་བརྩམས་ཆོས་གསར་བ་ཞིག་སྒོར་ཐོན་པ་ནི་བཀྲ་ཤིས་པའི་དོན་བཟང་ཞིག་ལ་བགྲང་ན་འོས།
རེབ་འདིར་གྲོགས་པོ་མེའུ་ཁུའི་སྙན་དེབ《ཆར་མིག》དང་གཞས་ཚིག《དབྱངས་མིག》གཉིས་ཀ་སྟབས་གཅིག་ཏུ་སྒོར་ཐོན་པའང་བཀྲ་ཤིས་པའི་དོན་བཟང་ཞིག་ཅི་ལ་མིན་ཏེ་ཁོང་ཉིད་དཔེ་ཀློག་གི་ལམ་ཁ་ནས་རྩོམ་འབྲི་བའི་གཞུང་ལམ་དུ་བསྐྱོད་བཞིན་པའི་དན་རྟགས་དེ་ཡིན་པས་སོ།།
                       གདོང་རེ་མྱུག


རླུང་བུས་ཁུར་ཟིན་པའི་ལང་ཚོ་ལ་སྙན་ངག་གིས་ལོངས་སྤྱོད་བསྩལ་ནས
དུས་ཀྱི་འཕོ་འགྱུར་ལ་སྩོལ་བའི་ཞིང་སར་བརླན་པའི་ཆ༷ར་ཆུ་ནི
འབྲུ་དྲུག་གི་ལོ་ལེགས་རྒྱས་པའི་དཔལ་ཡོན་གྱི་མཛེས་སྡུག་ཡིན
མྱོང་སྣང་གི་རྦ་རླབས་གཡོ་བའི་དུས་ཀྱི་དཀྱོག་མཚམས་ཁྲོད་ནས
ནང་སེམས་ཀྱི་མེ་ཏོག་བཞད་པའི་སྐྱེད་ཚལ་ནི
དྭངས་གཙང་གིས་དཔལ་དུ་བཤམ་པའི་ཁྲ་ཆུང་མི༷ག་གི་ལྟད་མོ་ཡིན
                རེ་སྨྱུག་ནས་སྦྱར།
 
ཉིད་ཀྱིས་ཤེས་རིག་གི་གཤོག་ཟུང་མཁའ་ལ་བསྐྱོད་དེ་རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་རྣམས་པའི་སྤྱན་ལམ་དུཆར་མིགདངདབྱངས་མིགཅེས་པའི་རྩོམ་དེབ་གཉིས་ལེགས་འགྲུབ་བྱུང་ཟིན་པས་ཁྱེད་ཀློག་པ་པོ་དག་གིས་ཁོང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་རེ་གནང་རྒྱུ་མཁྱེན།
ཆབས་ཅིག་ཏུ་ཁྱེད་ལ་རྟེན་འབྲེལ་བརྒྱ་ཕྲག་གིས་བསུ་བ་ཡོད།།
                        ཤེས་འཚོལ་བུ་མོ།


ང་རང་ཉིད་ཀྱི་སྙན་རྩོམདབྱངས་མིགདང་གླུ་ཚིག་ ཆར་མིགགཉིས་ད་ལོར་ལེགས་འགྲུབ་བྱུང་བས་རྒྱ་ཆེ་བའི་བོད་ཀྱི་སྙན་ངག་ལ་དགའ་ཞིང་གླུ་ཚིག་ལ་མགུ་བའི་སྤུན་གྲོགས་ཀུན་ལ་གུས་པས་སྤྱན་ལམ་དུ་ཕུལ། 
དེབ་འདི་གཉིས་ནི་ངའི་ཤ་རུས་ཁྲག་གསུམ་གྱི་ཉིང་ཁུ་ལས་མཆེད་པའི་བུ་མོ་ཐོག་མ་དེ་ཡིན་ཡང་ཁྱེད་ཅག་སུ་ལ་བག་མ་དགོས་ན་གསོང་པོར་ཤོད་དང་ངས་འཛུམ་མདངས་དང་བཅས་ཏེ་ཁྱེད་ལ་སྟེར་ཆོག་གོ།
ཀྱི་རུམ་དུ་འབྱོར་འོང་ངེས་པས་དགའ་བ་གྱིས་ཤིག ཧེ་་་་་་་
མེའུ་ཁུ།

འབྲེལ་གཏུག་བྱེད་ཡུལ།   
༡༣༥༥༡༩༩༣༧༥༢
            13551993752
                                   
  སྒྲིག་སྦྱོར་བ། མྱི་གསར་བ།