དཔེ་འཕྲིན། ལྷ་ཁང་ནང་གི་རྨི་ལམ།

    ལྷ་ཁང་ནང་གི་རྨི་ལམ་རྩོམ་སྒྲིག་ཁང་།


དེབ་གསརལྷ་ཁང་ནང་གི་རྨི་ལམགྱི་འགྲེམ་བརྡ། 

སྙན་དེབ་གསར་པ《ལྷ་ཁང་ནང་གི་རྨི་ལམ》པར་དུ་བསྐྲུན་ཏེ་མི་རིང་བར་བོད་ཀྱི་ས་གནས་སོ་སོའི་དཔེ་ཁང་བརྒྱུད་ནས་ཀློག་པ་པོ་དག་གི་སྤྱན་ལམ་དུ་འབུལ་རྒྱུ་ཡིན། འདི་ནི་སྒྱུ་རྩལ་རྩོམ་རིག་ལ་བློ་དཀར་བའི་དགོན་སྡེའི་ཁྲོད་ཀྱི་གྲྭ་བཙུན་ཁ་ཤས་ཤིག་གི་ཚོར་འདུ་དང་བརྩེ་བ་མངོན་སྟངས་ཤིག་ཡིན་ལ། ལོ་རབས་གསར་པ་འདིའི་དགའ་སྐྱོ་ཁུར་བའི་བོད་ཀྱི་སེར་མོ་བའི་སྒྱུ་རྩལ་སེམས་ཁམས་མཚོན་པའི་མེ་ཏོག་རྐང་ཅིག་ཀྱང་ཡིན།
《ལྷ་ཁང་ནང་གི་རྨི་ལམ》ནི་དུས་རྒྱུན་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་རྩོམ་བཀོད་མྱོང་མཁན་གྱི་གྲྭ་གཞོན་འགའི་སྙན་དེབ་གཅེས་བསྡུས་བྱས་པ་ཡིན་པས་ང་རང་ཁོ་ཚོའི་རྩོམ་རྩལ་ལ་ཡིད་ཆེས་ཡོད། 
                  —སྐྱབས་ཆེན་བདེ་གྲོལ་གྱིས།

དགོན་སྡེའི་སྙན་ངག་པ་བདུན་གྱི་སྙན་དེབ་པར་སྐྲུན་བྱས་པ་འདིས་བོད་ཀྱི་དེང་རབས་སྙན་ངག་ལ་ཚོན་མདངས་གསར་བ་ཞིག་སྤྲོ་ངེས་པར་ཡིད་ཆེས་ཡོད།
                 —སྟག་འབུམ་རྒྱལ་གྱིས།
 
སྨོན་ཚིག
 
རླུང་གིས་ཁུར་ཟིན་པའི་ཉི་འོད་དེ་ནི།
རླུང་གིས་འཁུར་བར་གྱིས།
སྙིང་ལ་འཚང་འོང་བའི་ས་རྡུལ་དེ་ནི།
སྙིང་ལ་འཚང་བར་གྱིས།
ང་ནི་སང་ཉིན་གྱི་ལས་བཟོ་བ་ཡིན།
མུ་མཐུད་དུ་ལམ་ལ་ཆས།
        —རོང་བོ་དགེ་འདུན་ལྷུན་གྲུབ་ཀྱིས།

ལྷ་ཁང་ནང་གི་རྨི་ལམ།།
ལན་ཅིག་མཇལ་སྐལ་བྱུང་ན།།
སྐྱེ་བ་ད་ལྟའི་དུས་ལ།།
འགྱོད་པ་མི་སྣང་གསུང་བྱུང་།།
          —བདེ་སྐྱིད་སྒྲོལ་མས།

དཔེ་ཆ་འདི་མངག་ཉོ་བྱེད་ས།
འཕྲིན་ཕྲན་འབྲེལ་གནས།
ཐོ་ཡོར། ‭152 8362 3726‬
འབྲོག་རེ་ལྡེ། 2256659254
གཡུ་རྔོག་ལུང་རྟོགསYl17381029775

                         སྒྲིག་སྦྱོར་བ། མྱི་གསར་བ།