སྙན་ངག་པ།

    རྩོམ་པ་པོ། བཟི་བོ།


སྙན་ངག་པ།

         བཟི་བོས།



སྙན་ངག་པ།  ལྷས་བཏང་བའི་མངོན་མཁྱེན་པ་དེ་ཁྱེད་ཡིན་ལ།  བླུན་རྨོངས་ཀྱི་མིག་ནང་གི་ལྷའི་སྒྲོན་མ་དེ་ཡང་ཁྱེད་ཡིན།  ཁྱོད་ཀྱིས་བླུན་རྨོངས་དེ་དག་གི་ང་རྒྱལ་དང་ཁྲེལ་གཞུང་ངོ་ཚ་རྣམས་ལ་ཞེ་མི་ཁྲེལ་འམ།  ཁྱོད་ཀྱི་མགོ་ཐོག་ན་ཡོད་པ་ནི་གནམ་སྔོན་པོ་ཁོ་ན་ཡིན་ལ། ཁྱོད་དང་འགྲན་བཟོད་པ་ནི་ཤེས་བྱའི་ཁམས་ན་བཙལ་ཡང་མེད།  དེ་བས་ཁྱོད་ཀྱི་མགོ་འཕང་དེ་ཡར་འགྱོག་ནས་བླུན་རྨོངས་དེ་དག་གི་བྱ་སྤྱོད་ལ་ལད་མོ་མ་བྱེད།


སྙན་ངག་པ།  ཁྱོད་ཀྱིས་ཚོར་བའི་དར་སྐུད་རོལ་དབྱངས་འཐུམས་དེ་གླུ་དབྱངས་ལེན་གྱིན་འདུག  འོན་ཏེ་བརྩེ་བ་མེད་པའི་ང་རྒྱལ་ཅན་གྱི་མི་ཚོགས་འགའ་ཞིག་གིས།  ཅི་ཡང་མི་སྙམ་པར་ཁྱོད་ཀྱི་གླུ་དབྱངས་ལ་རྣ་བ་བླགས་ཀྱིན་འདུག  ཁོ་ཚོས་སྨྲས་པ་"གླུ་དབྱངས་དེའི་ཚིག་དང་བརྗོད་བྱ་གང་ཐད་ནས་ང་ཚོ་དང་འབྲེལ་བ་མེད་པས།  གླུ་དབྱངས་དེ་ཕལ་བ་རེད"ཟེར།  དེ་བས་ཁྱོད་ཀྱི་དྲི་ཟའི་གླུ་དབྱངས་དེ་རྒྱལ་ཁམས་ལ་བསྒྲག་དགོས་ཀྱི།  ཁོ་ཚོས་དང་འབྲེལ་འདྲིས་མང་དྲགས་ན་རོམ་མོའི་དེའི་རོལ་སྐུད་ཆད་ངེས།
 
 

སྙན་ངག་པ།  ཁྱོད་ནི་སྡུག་པའི་བྲན་གཡོག་དང་ལྟོ་གོས་ཁོ་ནའི་ཕྱིར་ཏུ་གསོན་ན།  གནམ་ཀྱི་སྲས་པོ་དེ་ག་ལ་ཡིན།   ཁྱེད་ཅག་གིས་ཁེ་ཕན་གྱི་ཆེད་དུ་མདོ་མེད་ཀྱི་སྡུག་མོ་གཞན་ལ་བསྐུར་ནས་དབྱངས་ཅན་མའི་མགུལ་རྒྱན་རྐུས་ན།  སྙན་པ་ངག་པ་ག་ལ་ཡིན།   དེ་བས་གསུང་མགུར་རེ་རེའི་གསེབ་ནས་མི་སེམས་ལ་དག་ཞིང་ཞིག་བསྐྲུན་ནས།  དད་མེས་ལ་མཐོ་བར་བྱས་ན་འོས་ལེགས།  ཀུ་རེ་རྩེད་ཤེས་ན་བླུན་རྨོངས་པ་དེ་སྙན་ངག་པ་རྣམས་རེད།         ༡༩  ༣  ༡༩
                         རྩོམ་སྒྲིག་པ། མྱི་གསར་བ།