ཟླ་འོད་འཕྲོ་བའི་མཚན་མོ།

    ཡིག་སྒྱར་བ། གེ་མོ་བཀྲ་ཤིས་དཔལ་ལྡན།


ཟླ་འོད་འཕྲོ་བའི་མཚན་མོ།
                       ཏུའུ་ཧྥུ་ཡིས་བརྩམས།
                     གེ་མོ་བཀྲ་ཤིས་དཔལ་ལྡན་གྱིས་བསྒྱུར།
དོ་ནུབ་ཧྥུ་ཀྲོའུ་དབྱིངས་ཀྱི་ཟླ་བ་གོར་གོར་དེར།།
ཁྱེད་ཉིད་ཁེར་མོས་ཉལ་ཤག་ནང་ནས་རྒྱང་ལྟ་བྱས།།
ལོ་ན་ཕྲ་བའི་བུ་མོ་ཆུང་ཆུང་སྙིང་རེ་རྗེ།།
ཁྲང་ཨན་ཕྱོགས་ལ་དྲན་གདུང་བསྐྱེད་པའི་དོན་མ་རྟོགས།།
སྨུག་རླངས་ཁ་ཆུས་སྐྲ་ཡི་ལན་བུ་བརླན་པར་བྱས།།
བསིལ་འོད་འཚེར་ཚེ་དཔུང་བའི་ཤ་འཇམ་གྲང་བས་མནར།།
ནམ་ཞིག་ཤག་མིག་གཅིག་ཏུ་ལྷན་འཛོམས་བྱུང་བ་ན།།
དྲན་གདུང་མིག་ཆུ་ཟླ་བའི་འོད་ཀྱིས་བསྐམ་ནུས་ངེས།།
 
   月夜
          唐·杜甫
今夜鄜州月,闺中只独看。
遥怜小儿女,未解忆长安。
香雾云鬟湿,清辉玉臂寒。
何时倚虚幌,双照泪痕干。

ཟླ་འོོོོོོོོོོོོོོོོོོོོོོོོོོོོོོོོོོོོོོོོོོོད་འོག་ནས་གཅིག་པུར་ཆང་འཐུང་བ།
               ལི་པའེ་ཡིས་བརྩམས།

མེ་ཏོག་ཚལ་གྱི་ཆང་རྫ་གང་བོ་དེ །།
གྲོགས་མེད་ཁེར་རྐྱང་གཅིག་པུར་འཐུང་ཞོར་དུ།།
བཞེས་ཕོོོོོོོོོོོོོོོོོོོོོོོར་བཏེགས་ཏེ་ཟླ་བ་མགྲོན་དུ་བོས།།
ལུས་ཀྱིིིིིིིིི་གྲིབ་མ་དེ་དང་ངེད་གསུམ་འཛོམས།།
དཀར་གསལ་ཟླ་བ་མཆོད་ཆང་མི་གཞེས་པས།།
ལུས་ཀྱི་གྲུབ་གཟུགས་ཁེར་མོ་ངའི་རྗེས་འགྲངས།།
དེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེ་དག་གནས་སྐབས་ཆང་གྲོགས་ཙམ་རེ་ནས།
དཔྱིད་ཀྱི་དཔལ་ཡོན་དང་བསྟུན་དགའ་སྤྲོ་གཏོང་།།
ཁོོོོོོོོོོོ་བོས་གླུ་ལེན་ཟླ་བ་ཕར་ཚུལ་འགུལ།།
ཁོ་བོོོོོོོོོོོོོོོོོོོོོོོོོོས་བྲོ་འཁྲབ་གྲུབ་མ་ཡམ་ཡོམ་གཡོ།།
རིག་པ་དྭངས་ཚེ་ལྷན་དུ་སྤྲོ་སྐྱིད་རོལ།།
བཟི་བར་གྱུར་ཚེ་ཁ་ཁར་གྱེས་དགོས་ཀྱང་།།
མི་འགྱུར་རྟག་བརྟན་མཛའ་བཤེས་རབ་སྲུང་ནས།།
དགུ་ཚིགས་གྲོང་ནས་འཛོམས་པའི་དུས་ཆད་བཏབ།།
 
月下独酌
       唐.李白
花间一壶酒,独酌无相亲。
举杯邀明月,对影成三人。
月既不解饮,影徒随我身。
暂伴月将影,行乐须及春。
我歌月徘徊,我舞影零乱。
醒时相交欢,醉后各分散。
永结无情游,相期邈云汉。

འཁྱམས་པོའི་རྒྱང་འབོད།
           མེང་ཅའོ་ཡིས་བརྩམས།
ཨ་མའི་ཕྱག་གི་བཟོ་སྐུད།།
འཁྱམས་པོ་རྒྱབ་ཀྱི་གོས་ཡིན།།
འགྲོ་ཁར་བྲེལ་གྱིས་ཚེམས་པ།
ཡུན་རིང་ཕྱིར་ལོག་མེད་རྐྱེན།།
བསྙེན་བཀུར་ཕྲན་ཙམ་ཞིག་གིས།།
ཨ་མའི་དྲིན་ལན་སློག་གམ།།
 
游子吟                 
        孟郊                                 
慈母手中线,      
游子身上衣。     
临行密密缝,     
意恐迟迟归。     
谁言寸草心,   
报得三春晖。    

          རྩོམ་སྒྲིག་པ། འཕགས་མི།


          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease