༣ འོད་སྟོང་ལྡན་པའི་ཐེ་ཀོར་གྱི་མི་ཚེ།

    ཡིག་སྒྱུར་བ། སྒྲེ་བོ།


འོད་སྟོང་ལྡན་པའི་ཐེ་ཀོར་གྱི་མི་ཚེ། 
ཚན་པ་གསུམ་པ།
        སྙན་ངག་པ་དབྱིན་ལན་དུ་ཕེབས་པ།
 
                            སྒྲེ་བོས་བསྒྱུར།

        རཱ་རྦན་ནཱ་ཐི་ཐེ་ཀོར་(Rabindranath Tagore)་རང་ལོ་བཅུ་བདུན་ལ་སླེབས་པ་དང་ཁོང་གི་ཕུ་བོ་གཉིས་པ་སཱ་ཏི་ཡན་ནཱ་ཐ་(Satyendranath)་ཡི་གྲོས་འཆར་བཞིན།  ཁོང་སྤུན་མཆེད་གཉིས་དབྱིན་ལན་བཙན་རྒྱལ་དུ་བསྐྱོད་དེ།  ཆང་ཁང་ཞིག་ཕྱེ་བར་གྲོས་མཐུན་བྱུང་བ་དང་ཡབ་ལ་གྲོས་བསྡུར་བྱས།  ཡབ་ཆེན་ཡང་འཐད་པ་བྱུང་སྟེ་ཕྱི་ལོ་1878་ལོར་སྤུན་མཆེད་གཉིས་ཀ་དབྱིན་ལན་དུ་བསྐྱོད་དེ་དེ་ལྟར་བསྒྲུབས།  
 
       ཐེ་ཀོར་དབྱིན་ལན་དུ་ཕལ་ཆེར་ལོ་གསུམ་ལ་བསྡད་ཅིང་དེའི་རིང་ལོ་ཌོན་གཙུག་ལག་སློབ་ཆེན་
(London University)་ནས་དབྱིན་ཇིའི་རྩོམ་རིག་སྦྱངས།  སྐབས་དེར་ཐེ་ཀོར་གྱིས་ཕྱིར་རང་ཁྱིམ་ལ་འཕྲིན་ཡིག་རིང་པོ་ཞིག་སྤྲིངས་ཤིང་དེའི་ནང་དུ་ཁོང་གི་འགྲུལ་བཞུད་ཀྱི་ཉམས་མྱོང་བྲིས་ཡོད།  ལོ་དེར་ཁོང་གི་སྙན་དེབ་ཐོག་མ་(Sandha Sangeet)་དཔར་སྐྲུན་དང་འགྲེམས་སྤེལ་བྱས།   
 
       རཱ་རྦན་ནཱ་ཐི་ཐེ་ཀོར་
(Rabindranath Tagore)་དབྱིན་ལན་དུ་ཡོད་དུས་མི་རིགས་དཀར་པོའི་བུད་མེད་ཅིག་དང་དགའ་རོགས་སུ་གྱུར་པ་དང་མི་ཚེ་ཡང་དེར་བསྐྱལ་འཆར་ཡོད་མོད།  འོན་ཏེ།  ཁོང་གི་ཡབ་ཆེན་གྱིས་ཕྱིར་རང་ཡུལ་དུ་ལོག་དགོས་པའི་བརྡ་ལན་ཡང་ཡང་འབྱོར་བས།  མཐར་ཕྱི་ལོ་1880་ལོར་ཐེ་ཀོར་ཕྱིར་རྒྱ་གར་དུ་ལོག   སྤྱིར་ཐེ་ཀོར་ཕྱིར་མ་ལོག་གོང་སློབ་སྦྱོང་དོན་གཉེར་བྱས་པ་དང་སློབ་སྦྱོང་གི་ཆུ་ཚད་མཚོན་པའི་སྙན་ཐོ་ཞིག་ཡབ་ལ་སྤྲིངས་ཏེ་ད་དུང་དེ་ནས་བསྡད་འདོད་བསྙད་ཀྱང་མཐར་ཡབ་ཀྱི་དགོངས་པ་བཞིན་ཕྱིར་ལོག་དགོས་བྱུང་།  
 
       ཐེ་ཀོར་ལོ་ཌོན་དུ་བསྡད་པའི་དུས་ཚོད་ཐུང་ངུའི་ནང་།  ཐེ་ཀོར་གྱིས་ནུབ་ཕྱོགས་ཀྱི་རོལ་མོའི་ཐད་ནས་ཤེས་ཡོན་འབྲུ་མཛོད་དུ་ཉར་བ་ལྟར་ཉར་ཚགས་བྱས།  དེ་བཞིན་ནུབ་ཕྱོགས་ཀྱི་རོལ་མོའི་ཐད་ནས་ཁོང་ལ་ཐེབས་པའི་ཤུགས་རྐྱེན་གསལ་ཤོས་ནི་ཁོང་གི་བརྩེ་དུང་གཤིས་ཀ་དང་དུངས་བརྗོད་རྩོམ་རིག་ལ་ཐེབས་ཡོད།
 
       ཐེ་ཀོར་དབྱིན་ལན་དུ་བསྡད་དུས་
(Bhanga hriday)་ཞེས་པའི་སྙན་ངག་ཅིག་བརྩམས་ཡོད་པ་དེ་ནི་ཕ་ཡུལ་དྲན་པའི་གདུང་བ་སྐྱོ་ཡུས་ཀྱི་ཀློང་ནས་བརྩམས་ཡོད།  
 
       ཕྱི་ལོ་
1883་ལོའི་ཕྱི་ཟླ་12་པའི་ཚེས་9་ཉིན་ཐེ་ཀོར་དང་རྦ་རྦ་ཏྲ་ར་ནི་(Bhabatarini)་གཉིས་གཉེན་སྒྲིག་བྱས། རྦ་རྦ་ཏྲ་ར་ནི་(Bhabatarini)་ནི་རྦན་ནིའི་མཱ་རྡ་བེ་ཆོ་རྡོ་རེ་(Benimadhav Chowdhury)ཡི་བུ་མོ་ཡིན་པ་དང་།  རྦ་རྦ་ཏྲ་ར་ནི་(Bhabatarini)་ནི་ཐེ་ཀོར་ལས་ལོ་བཅུ་ཡིས་ཆེ།  མོའི་གཟུགས་བྱད་ཅུང་ཟད་རིད་པ་དང་བྱད་བཞིན་ནི་དེ་འདྲའི་མཛེས་མོ་ཞིག་ཀྱང་མིན།   མ་ཟད་མོ་ནི་ཡིག་རྨོངས་པ་ཞིག་ཡིན་ལ་བལྟས་ཚོད་ལ་རྙིང་ཞེན་དང་བག་འཁུམ་ཆེ་བ་ཞིག་ཀྱང་ཡིན། ལར་ཐེ་ཀོར་སྔོན་ཆད་རྦ་རྦ་ཏྲ་ར་ནི་(Bhabatarini)་དང་འཕྲད་མྱོང་དང་མཇལ་མྱོང་ཡེ་ནས་མེད་ཀྱང་།  ཡབ་ཀྱིས་བཀོད་འདོམས་བཞིན་ཐེ་ཀོར་རྦ་རྦ་ཏྲ་ར་ནི་(Bhabatarini)་དང་གཉེན་སྒྲིག་བྱེད་དགོས་བྱུང་།  གཉེན་སྟོན་བྱེད་ཡུལ་ནི་ཁྱིམ་ཚང་གཞིས་ཆགས་ས་སྟེ་ཇཱོ་ར་སན་ཀོ་(Jorasanko)་ཡིན་པ་དང་དེ་ནས་བཟུང་ཐེ་ཀོར་གྱི་ཆུང་མ་རྦ་རྦ་ཏྲ་ར་ནི་(Bhabatarini)་ཡི་མིང་ཡང་མཱ་རན་ནཱ་ལེ་ནེ་(Mrinalini)་ཞེས་འགྱུར་བཅོས་བཏང་ངོ་།།

                   མུ་འགོད།
                 རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease