༢ འོད་སྟོང་ལྡན་པའི་ཐེ་ཀོར་གྱི་མི་ཚེ།

    ཡིག་སྒྱུར་བ། སྒྲེ་བོ།


༢ འོད་སྟོང་ལྡན་པའི་ཐེ་ཀོར་གྱི་མི་ཚེ།
ཚན་པ་གཉིས་པ།
           འགྱུར་ལྡོག་གི་འགྲུལ་བཞུད་ཐེངས་ཤིག 
                            སྒྲེ་བོས་བསྒྱུར།

        ཐེ་ཀོར་གྱི་ཡབ་ཆེན་ལགས་ཀྱིས་ཉིན་མོའི་དུས་ཚོད་མང་ཤོས་ནི་རི་བོ་ཧི་མ་ལ་ཡའི་རི་རྩེར་སྐྱེལ་བཞིན་ཡོད་ཀྱང་།  ཕྱི་ལོ་1873་ལོར་ཁོང་ཐེ་ཀོར་ལ་ངག་རྒྱུད་གནང་བར་ཕྱིར་ཕེབས།  དེའི་རྗེས་ལ་རཱ་རྦན་ནཱ་ཐི་ཐེ་ཀོར་(Rabindranath Tagore)་ཁོ་དང་མཉམ་དུ་ཁྲིད་དེ་ཟླ་འགར་ཧི་མ་ལ་ཡར་བཞུགས་འཆར་བྱས།   ཁོ་གཉིས་རི་རྩེར་བསྐྱོད་པའི་ལམ་བར་ནས་ཤཱ་ཐན་ཁེ་ཏོན་(Shantinketon)་དུ་ཉིན་འགར་བསྡད།    ཡབ་ཆེན་གྱིས་སྔར་ནས་ཤཱ་ཐན་ཁེ་ཏོན་(Shantinketon)་དུ་སྒོམ་སྒྲུབ་བྱེད་སའི་ལྡུམ་ར་ཅན་གྱི་སྡོད་ཁང་ཞིག་ཀྱང་བརྒྱབ་ཡོད།  ཐེ་ཀོར་ལ་མཚོན་ན་ཤཱ་ཐན་ཁེ་ཏོན་(Shantinketon)་ས་ཆས་ཁོང་གི་ཡིད་ལ་བག་ཆགས་ཟབ་མོ་ཞིག་བཞག་ཅིང་།  མཚར་སྡུག་གི་རྩེད་གཡང་སོགས་ཀྱིས་ཁོང་གི་འབྱུང་འགྱུར་གྱི་མི་ཚེར་ཤུགས་རྐྱེན་མི་དམན་པ་ཞིག་ཐེབས་ཡོད།  
 
          འགྲུལ་བཞུད་འདི་ཡིས་ཁོང་ལ་ཇི་ལྟར་ལམ་ལ་ཆས་པའི་སྒྲིག་ལམ་དང་མཉམ་མྱོང་ཇི་སྙེད་བསྟབས་ཡོད་དེ།  ཁོང་གིས་ཡབ་ཆེན་ལ་བསྟེན་ནས་ལེགས་སྦྱར་བསླབས་ཤིང་།  རི་བོ་དང་ནགས་ཚལ་སོགས་སུ་མཚར་སྣང་དང་རང་དབང་གིས་ཡན་པས།  ཁོང་གི་མིག་དབང་ལ་རང་བྱུང་མཛེས་སྡུག་གིས་ལྟད་མོ་བཤམས།  མཛེས་པ་ལ་མྱོང་རོལ་གྱི་ཚད་ནི་མཐོ་ནས་མཐོ་རུ་གྱུར།    
 
         ཡུལ་སྐོར་ལྗོངས་རྒྱུ་ཐེངས་འདིས་ཁོང་གི་གཤིས་རྒྱུད་ལ་འགྱུར་བཅོས་བཏང་ཡོད་དེ།  ཁོང་ལ་མཚོན་ན་ད་ལྟའི་དུས་ནི་སྙན་ངག་པ་མེ་ཏོག་གི་ཐེའུ་འདྲ་བ་ཞིག་ཡིན་ལ།  རང་གི་རང་སྲུང་སྒྲིག་ལམ་ལ་བརྟེན་ནས་ཡར་སྐྱེད་བྱེད་པའི་སྤོབས་པ་བླ་ལྷག་ལྡན་པར་གྱུར།  ཁོང་ནི་རང་དབང་གི་སྙིང་སྟོབས་ལ་དགའ་བ་དང་དབང་ཤེད་ཅན་གྱི་མི་གཤིས་ལ་སྡང་བར་གྱུར།  
 
        ཕྱི་ལོ་
1875་ལོར་ཐེ་ཀོར་ལོ་ན་བཅུ་བཞིར་སོན་པ་དང་ལོ་དེར་ཁོང་གི་ཡུམ་ཆེན་ཚེ་ལས་འདས།  སྐབས་དེར་ཁོང་ལ་འཆི་བ་ནི་སྡོད་ཤག་དང་ཇི་འདྲའི་བར་ཐག་ཉེ་བ་ལ་ཨང་སྙམ་པའི་ཚོར་ཤུགས་ཐོག་མ་བྱུང་ཞིང་།  ཡུམ་ཆེན་ཚེ་ལས་འདས་པ་དེས་ཁོང་ལ་མི་ཚེ་ཡི་གདུག་རྩུབ་ཅན་གྱི་དངོས་ཡོད་གནས་ཚུལ་ཡང་ཤེས་སུ་བཅུག  དེ་བཞིན་འཆི་རྐྱེན་གློ་བུར་བ་དེས་ཁོང་གི་སེམས་རྒྱུད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་དེ་ནས་བཟུང་ཁོང་ཤིན་ཏུ་ཚོར་སྣང་སྐྱེན་པོ་ཞིག་ཏུ་གྱུར།   དེ་ནས་ཁོང་གི་ཆེད་དུ་ཁོང་གི་སྲིང་ཚབ་ཀཱ་རྡམ་རྦ་རེ་(KAdambari)་འབྱོར།   ལར་ཐེ་ཀོར་དང་ཀཱ་རྡམ་རྦ་རེ་(KAdambari)་གཉིས་ཀ་ཕལ་ཆེར་ན་མཉམ་ཡིན་མོད།  འོན་ཏེ།  ཐེ་ཀོར་གྱི་མི་ཚེ་ནང་ཡུམ་ཆེན་མེད་པར་གྱུར་པའི་སྟོང་ཆ་ཐ་དག་ཀཱ་རྡམ་རྦ་རེས་(KAdambari)བཀང་བར་བྱས།    གཅིག་བྱས་ན་ཁོང་གི་ཡུམ་ཆེན་གྱི་རྣམ་ཤེས་སྔ་ས་ནས་ཀཱ་རྡམ་རྦ་རེ་(KAdambari)་ཡི་རྒྱུད་ལ་ཞུགས་ཟིན་ཡང་སྲིད།  གང་ལྟར།  འཇིགས་རུང་དང་ཡིད་སྐྱོ་བའི་གནས་ཚུལ་ཅི་ཡང་བྱུང་རྗེས།  ཀཱ་རྡམ་རྦ་རེ་(KAdambari)ཡིས་རྒྱུན་དུ་ཐེ་ཀོར་ལ་ལྟ་སྐྱོང་གནང་ཞིང་ཐ་ན་ཀཱ་རྡམ་རྦ་རེ་(KAdambari)་མོ་རང་གི་ཁྱོ་བོ་དང་ལྷན་དུ་ཡབ་མེས་ཀྱི་ཁང་ཁྱིམ་ནས་ས་ཆ་གཞན་དུ་གནས་སྤར་ཟིན་ཡང་ཁོ་མོས་ད་དུང་ཐུགས་ཁུར་གནང་།  ཁོ་མོའི་ནུ་བོ་གཞོན་པ་སྟེ་རང་དང་ན་ཚོད་མཉམ་པའི་རང་གི་ནུ་བོ་ལ་བརྩེ་སེམས་དང་གཅེས་སྐྱོང་རླབས་ཆེན་གནང་ཡོད།  ཀཱ་རྡམ་རྦ་རེ་(KAdambari)་ནི་བུད་མེད་མཛངས་མ་ཞིག་སྟེ།  རྩོམ་རིག་ལ་དགའ་ཕྱོགས་བླ་ལྷག་མཆིས་པ་ཙམ་མིན་པར་དེ་ལ་འཇུག་པའི་སྤྲོ་བ་ཆེན་པོ་དང་ལྷན།  ལྷག་ཏུ་སྙན་ངག་འབྲི་ཀློག་ལ་སྤྲོ་བ་རྒྱ་ཆེར་ལྡན་ནོ།།  དེ་བཞིན་ཀཱ་རྡམ་རྦ་རེ་(KAdambari)ཡིས་རང་གི་ནུ་བོ་ཐེ་ཀོར་ལ་སྙན་ངག་རིག་པའི་རྣམ་དཔྱོད་དང་སྤོབས་པ་ཡང་བསྩལ་ཡོད་དོ།།   
 
        ཀཱ་རྡམ་རྦ་རེ་
(KAdambari)ཡིས་ཁོ་མོ་ནི་ཐེ་ཀོར་གྱི་ཡུམ་ཆེན་གྱི་ཚབ་དང་ཁེར་རྐྱང་གི་རྩེད་གྲོགས།  ལྷག་ཏུ་ཐེ་ཀོར་ལང་ཚོ་དར་བཞིན་པ་དང་རིག་པ་འཕེལ་བཞིན་པའི་དུས་ཀྱི་ཆེས་དགོས་ངེས་ཀྱི་གྲོགས་ཏེ།  ལྟ་སྐྱོང་བྱེད་པའི་ལྷ་མོ་ཞིག་ཡིན་པའི་ངེས་ཤེས་ཐེ་ཀོར་ལ་སྐྱེས་སུ་བཅུག  དེ་བཞིན་ཀཱ་རྡམ་རྦ་རེ་(Kadambari)་ནི་ཐེ་ཀོར་ལ་བྷན་གཱལ་གྱི་གཞས་ཚིག་སྙན་ངག་པ་རྦ་ཧཱ་རལ་ལཱ་(Biharilal)་མཚམས་སྦྱོར་གནང་མཁན་ཐོག་མ་ཡིན་ལ།  ད་དུང་ཁོ་མོ་དགའ་བའི་རྩོམ་པ་པོ་རྦ་ཁམ་ཅཱོན་རྡཱ་ར་ཅཱ་ཏར་ཇི་(Bankim Chandra Chaterjee)་ཡི་བརྩམས་ཆོས་ལ་བསྔགས་བརྗོད་དང་བརྩམས་ཆོས་དེ་དག་ཁོ་མོའི་ནུ་བོ་ཐེ་ཀོར་ལ་བཀླག་དགོས་པའི་སྐུལ་མ་བྱས།  དེར་བརྟེན་ཐེ་ཀོར་དང་ཀཱ་རྡམ་རྦ་རེ་(KAdambari)་བར་དུ་གྲོགས་པོའི་བརྩེ་འདང་ཆེས་ཆེར་རྒྱས།  ཐེ་ཀོར་གྱི་ལོ་རྒྱུས་རྩོམ་པ་པོ་ཀཱ་རི་པ་ལན་(Kripalne)་ལགས་ཀྱིས་བརྩེ་འདང་དེ་ནི”གཏིང་ཟབ་ཅིང་རིན་ཐང་ཆེ་བའི་བརྩེ་འདང་སྟེ།  སྤྱིར་འགྲོ་བ་མིའི་རིགས་ཀྱི་གྲོགས་པོའི་བར་གྱི་བརྩེ་འདང་དུ་བཞག་ན་འགྲིག་གོ། 2”་ཞེས་ཞིབ་འགྲེལ་གནང་ཡོད།  
 
        སྐབས་དེར་ཐེ་ཀོར་གྱིས་རྒྱལ་ཞེན་སྙན་ངག་བརྩམས་ཡོད་པ་དང་དེ་ནི་ཨཱ་མར་ཏི་བྷ་ཛར་པ་ཏི་རི་པཱ་
(Amrit Bazar Patrka)་ནས་དཔར་སྐྲུན་དང་འགྲེལ་སྤེལ་བྱས་སོ།།

1  Kadambari་ནི་ཐེ་ཀོར་གྱི་ཕུ་བོའི་ཆུང་ཡིན་པ་དང་མ་ཡིག་ཏུ་མོ་ནི་ཐེ་ཀོར་གྱི་Sister-in-law
                         མུ་འགོད།

                      
རྩོམ་སྒྲིག་པ། མྱི་གསར་བ།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease