༡ འོད་སྟོང་ལྡན་པའི་ཐེ་ཀོར་གྱི་མི་ཚེ།

    ཡིག་སྒྱུར་བ། སྒྲེ་བོ།

འོད་སྟོང་ལྡན་པའི་ཐེ་ཀོར་གྱི་མི་ཚེ། ཚན་པ་དང་པོ།
     དཔར་དུ་བསྐྲུན་མཁན་གྱི་གསལ་བཤད། 
                         སྒྲེ་བོས་བསྒྱུར།
 
       (འོད་སྟོང་ལྡན་པའི་མི་ཚེ)་ཞེས་པའི་དཔེ་ཚོགས་འདི་ནི་ཀུན་ལ་རྒྱུས་ཡོད་པ་བཞིན་རྒྱ་གར་དུ་སྐུ་འཁྲུངས་ཤིང་འགྲན་པའི་ཟླ་དང་བྲལ་བའི་རླབས་ཆེན་གྱི་སྐྱེས་བུ་སྐོར་ཞིག་གི་མི་ཚེ་ལོ་རྒྱུས་ཕྱོགས་བསྡུས་བྱས་པའི་མིང་ཡིན།  དེ་དག་ནི་རྣམ་དཔྱོད་མཐོ་ཚད་ཅིག་ལ་སླེབས་པའི་དངོས་གནས་རྒྱལ་ཁབ་ཀྱི་བུ་དང་བུ་མོ་ཡིན།  ཕྱོགས་བསྡུས་དེབ་ཕྲེང་འདིའི་ནང་དུ་རྩེད་འགྲན་མི་སྣ་དང་གློག་བརྙན་མི་སྣ།  ཆབ་སྲིད་མི་སྣ།   རང་དབང་འཐབ་རྩོད་མི་སྣ་དང་སྒྱུ་རྩལ་མི་སྣ་སོགས་ཀྱི་མི་ཚེ་ལོ་རྒྱུས་འདུས་ཡོད་དོ།།
 
       ང་ཚོས་འདས་ཟིན་པའི་ལོ་རྒྱུས་ལ་ལྟ་དགོས་ཡོད་ལ་སྟོབས་དང་ལྡན་པའི་རྒྱལ་པོ་ཆེན་པོ་ཨ་ཤོ་ཀ་
(Ashoka)བུ་ལྟ་སྟེ།  ཁོང་གིས་བར་འདུམ་མཛད་དེ་དམག་འཐབ་ཁྲག་དམར་གྱི་ཆུ་བོ་ཞི་བའི་ལམ་དུ་བསྒྱུར་ཡོད་ལ།  རྒྱལ་པོ་རཱ་ཇི་མ་ཧ་ར་ན་པ་ཊ་(Rajput Maharana Pratap)དང་ཁོང་གི་དཔའ་བའི་གདེངས་དང་ལྡན་པའི་མི་ཚེ་ལོ་རྒྱུས་ཀྱང་ང་ཚོའི་བཀླག་བྱ་ཡིན།
 
       མི་གཅིག་གིས་རྒྱ་གར་རང་དབང་འཐབ་རྩོད་པ་རྣམས་ཀྱིས་དཀའ་སྤྱད་སྙིང་རུས་ཇི་ལྟར་མཛད་དེ་རྒྱ་གར་གྱི་རང་དབང་མངོན་འགྱུར་ཡོང་བའི་སྐོར་ནས་གང་མང་མང་ཤེས་ཐུབ།  ང་ཚོས་ཅིས་ཀྱང་ཤེས་དགོས་ཏེ་སྙན་གྲགས་ཅན་གྱི་རྒྱ་གར་རང་དབང་འཐབ་རྩོད་པ་རྣམས་ཀྱི་མི་ཚེའི་ལོ་རྒྱུས་དང་བྱས་རྗེས་ཤེས་དགོས།  དཔེར་ན་རང་དབང་རྩོད་པ་རྦ་ཏྲ་སཱ་ཧ་
(Bhagat Singh)་ལགས་ཀྱིས་རང་ལོ་ཉེར་གསུམ་ཐོག་རང་གི་ཚེ་སྲོག་རྒྱལ་ཁབ་ཀྱི་ཆེད་དུ་བློས་གཏོང་གནང་བ་རེད།  དེ་བཞིན་རྦ་ཏྲ་སཱ་ཧ་ལགས་ཀྱི་བློ་མཐུན་ཅཱོན་རྡ་ར་ཤཱ་ཀང་(Chandra Shekhar)་ཡང་འདིར་གླེངས་ཡོད།  དེ་ནས་ང་ཚོས་སྙན་གྲགས་ཤིན་ཏུ་ཆེ་བའི་རྒྱ་གར་གྱི་སྐྱེས་བུ་སྟེ།  རང་རྒྱལ་གྱི་ཡབ་ཆེན་བདག་ཉིད་ཆེན་མོ་གན་ངྷིའི་(Mahatama Gandhi)་སྐུ་ཚེའི་ལོ་རྒྱུས་ནི་ཞིབ་ཕྲ་ཤེས་དགོས་ཡོད། ད་དུང་རང་དབང་གི་སྐྱེས་བུ་རླབས་ཆེན་རྣམས་ཏེ་རྒྱལ་ཁབ་ཀྱི་ཆེད་དུ་འཚོས་ཤིང་རྒྱལ་ཁབ་ཀྱི་ཆེད་དུ་གཤེགས་པ།  དཔེར་ན་ལཱ་ལཱ་ལཱབ་ཇཱ་པ་ཊི་རཱ་(Lala Lajpat Rai)་དང་སཱོ་རྦ་ཤ་ཅཱོན་རྡ་རཱ་རྦོ་སི་(Subhash Chandra Bose)།   རཱ་ནཱེ་ལག་ཤཱི་མ་རྦེའི་སོགས་ཀྱི་ཆེ་བ་འདིར་གླེང་བཞིན་ཡོད།
 
       སྒྱུ་རྩལ་གྱི་ཞིང་ཚིགས་ནང་ནས་ང་ཚོས་རིག་རྩལ་ཅན་གྱི་རཱ་རྦན་ནཱ་ཐི་ཐེ་ཀོར་
(Rabindranath tagore)་དང་མཱོ་ཞིའི་པཱ་རམ་ཆན་རྡ(Munshi Premchand)།   སཱ་ཏི་ཡ་ཇི་ཊི་(Satyajit Ray)་སོགས་དཔེ་མཚོན་དུ་བྱས་པའི་རྩོམ་པ་པོ་དང་སྙན་ངག་པ།  གློག་བརྙན་བཟོ་སྐྲུན་པ་སོགས་ཀྱི་མི་ཚེ་འགྲེལ་བཞིན་ཡོད།  དེ་བཞིན་གློག་གརྙན་མི་སྣ་ཨཱ་མེ་ཏ་རྦཧ་(Amitabh)་དང་རྦཱ་ཆ་ཆན་(Bachchan)    མཱེ་ན་ཀོ་མ་རཱེ་(Meena Kunmari)རྣམས་ཀྱང་འདིར་གླེངས་ཡོད།   བརྗེད་དུ་མེད་པ་ཞིག་ནི་འོད་སྟོང་འཕྲོ་བའི་རྩེད་འགྲན་པ་རྐཱ་པལ་རྡེའོ་(Kapil Dew)་དང་སཱ་ཆན་ཏན་རྡོལ་ཀཱར་(Sachin Tendulkar)།    པཱ་ཊེ་ཨཱོ་ཤ་དང་(P.TUsha)་དང་ལཱན་ཌར་པཱེ་སཱི་(Leander Paes)་སོགས་ཀྱིས་འཛམ་གླིང་ལ་བག་ཆགས་ཟབ་མོ་བཞག་ཡོད་པ་དེ་རེད།   ད་དུང་སྙན་གྲགས་ཅན་གྱི་ཆབ་སྲིད་པ་ཨཱ་ཊོལ་རྦ་ཧཱ་རཱེ་བེ་ཇཱ་པཱ་ཡེ་(Atal Bihari Vajpayee)་དང་ཨིན་རྡན་ར་གན་ངྷི་(Indira gandhi)།   ལཱ་རྦ་ཧཱ་ཌོལ་ཤཱ་སཱི་ཏི་རཱི་(Lal Bahadur Shastri)་སོགས་ཀྱི་མི་ཚེ་ལོ་རྒྱུས་ལས་སྐྱ་རིས་མདོར་ཙམ་ཞིག་མཆིས་སོ།།
 
       དེ་ལྟར་ང་ཚོ་ལ་སྤོབས་པ་སྩོལ་བའི་སྐྱེས་བུ་ཆེན་པོ་རྣམས་ཀྱི་མི་ཚེ་ལོ་རྒྱུས་ཕྱོགས་བསྡུས་(འོད་སྟོང་ལྡན་པའི་མི་ཚེ།)འདི་ནི་རྒྱ་གར་གྱི་ས་གཞིར་སྐུ་བལྟམས་པའི་གྲགས་པ་ཅན་གྱི་སྐུ་ཚེར་འཚོལ་ཞིབ་ཀྱིས་ལོ་རྒྱུས་ཀྱི་རྒྱ་མཚོ་ཤེས་པར་བྱའོ།།
 

སྐྱ་རེངས་སིལ་སྒྲ་སྒྲོག་པའི་རྒྱ་གར་གྱི་ངག
 
       རྒཱོ་རཱོ་རྡེ་བཱེ་རཱ་རྦན་ནཱ་ཐི་ཐེ་ཀོར་
(Gurudew Rabindranath Tagore)ནི་རྒྱ་གར་གྱི་སྐད་ངག་དང་གཅིག་མཚུངས་ཡིན་ནོ།།
 
       ཁོང་གི་འབྲི་རྩོམ་གྱི་མི་ཚེ་ནི་ལོ་ངོ་དྲུག་བཅུ་ལྷག་ལ་རྒྱ་སྐྱེད་བྱས་ཡོད་ལ།  འབོར་མང་ལ་སྣང་འབེལ་བའི་ཁོང་གི་བྱ་གཞག་གིས་བེ་ཁྲིར་ཧོ་གཱོ་
(Victor Hugo)་དྲན་དུ་འཇུག  ཁོང་གིས་སྙན་ངག་སྟོང་ཕྲག་མང་པོ་བརྩམས་ཤིང་ཟློས་གར་བརྩམས་ཆོས་ཉི་ཤུ་རྩ་གྲངས་བརྩམས་ཡོད།  སྒྲུང་རིང་བརྒྱད་དང་སྒྲུང་ཐུང་རྣམས་ཕྱོགས་སྒྲིག་བྱས་པ་པོད་བརྒྱད་ལྷག་བརྩམས་ཡོད།  གླུ་ཚིག་སྟོང་ཕྲག་གཉིས་ལྷག་བརྩམས་ཤིང་དེ་དག་ལ་རོལ་དབྱངས་དང་བཅས་པ་བརྩམས་ཡོད།  དེ་བཞིན་རྩོམ་རིག་དང་སྤྱི་ཚོགས།  ཆོས་ལུགས་དང་ཆབ་སྲིད་སོགས་བརྗོད་སྙིང་བཟུང་བའི་ལྷུག་རྩོམ་ཧ་ཅང་འབོར་མང་བརྩམས་ཡོད།  དེ་ལས་གཞན་ཁོང་གིས་དབྱིན་འགྱུར་བརྩམས་ཆོས་དང་རི་མོ།  ཨེ་ཤ་ཡ་དང་ཨ་རི།  ཡུ་རོབ་སོགས་སུ་ཤེས་ཡོན་ལྟ་སྐོར་ཕེབས་པའི་ལྗགས་རྩོམ་འབོར་མང་མཆིས།  ཁོང་གི་བྱ་གཞག་གིས་ནི་སྤྱི་ཚོགས་ཤིག་གི་ཤེས་ཡོན་པ་དང་ཆོས་ལུགས་འགྱུར་བཅོས་པ།  ཆབ་སྲིད་པ་སོགས་ལ་ཤེས་རབ་བླ་ལྷག་བསྩལ་གནང་ཡོད།  དེ་ནི་རྒྱ་གར་རྒྱལ་ཁབ་ཁོ་ན་མིན་པར་འཛམ་གླིང་་ཕྱོགས་མཐའ་ཁག་གི་ལོ་རྒྱུས་སུ་གྱུར་ཡོད་དོ།།
 
       རཱ་རྦན་ནཱ་ཐི་ཐེ་ཀོར་
(Rabindranath Tagore)ནི་མཱ་ཧཱར་ཤཱི་རྡི་རྦན་ནཱ་ཐི་(Maharshi Debendrabnath)་སྟེ་རྦ་རཱ་ཧ་མོ་སཱ་མཱ་ཇ་(Brahmo Samaj)དབུ་ཁྲིད་ཀྱི་བུར་ཕྱི་ལོ་1861་ལོའི་ཕྱི་ཟླ་5་བའི་ཕྱི་ཚེས་7་ཉིན་ཀཱལ་ཀཱ་ཏཱར་སྐྱེས།   དེ་ལྟར་ཐེ་ཀོར་ནི་ཤེས་ལྡན་དང་འབྱོར་ལྡན་གྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་རེད།   གོང་དུ་གླེང་བ་བཞིན་ཐེ་ཀོར་གྱི་ཡབ་མཱ་ཧཱར་ཤཱི་རྡི་རྦན་ནཱ་ཐི་ནི་(Maharshi Debendrabnath)་རྦ་རཱ་ཧ་མོ་སཱ་མཱ་ཇ་(Brahmo Samaj)་ཞེས་པའི་ཆོས་ལུགས་ཤིག་གི་དབུ་ཁྲིག་ཅིག་ཀྱང་ཡིན་པ་དང་།  ཡུམ་སཱ་རཱ་རྡ་རྡེ་བཱེ་ནི་(Sarada Devi)ཐེ་ཀོར་ཤིན་ཏུ་ལོ་གཞོན་པའི་དུས་སུ་གཤེགས།  ཐེ་ཀོར་གྱི་ཨ་མྱེས་ཀྱིས་ཁོང་རང་ཉིད་ཀྱི་ཕྱིར་དུ་ཁེ་ལས་ཁང་ཆེན་པོ་ཞིག་གསར་རྒྱག་བྱས་པ་དང་།  དེ་ལས་ཁོང་གིས་དམངས་ཕན་གྱི་འཆར་གཞི་ཞིག་བཏིང་ཡོད་དེ།  དཔེར་ན་ཀཱལ་ཀཱ་ཏཱའི་གསོ་རིག་སློབ་གྲྭ་སོགས་གསར་བཞེངས་ཀྱིས་དམངས་ཕན་ཕྱག་ལས་གནང་།  
 
       སྙན་ངག་པ་ཐེ་ཀོར་གྱི་ཚེ་སྟོད་ནི་རྩོམ་རིག་གཙོ་བོར་གྱུར་བའི་ཆོས་ལུགས་དང་སྒྱུ་རྩལ།  རོལ་མོ་དང་རི་མོ་སོགས་ཀྱི་སེམས་ཁམས་དང་ཁོར་ཡུག་ཅིག་ནས་བསྐྱལ་བ་རེད།  ཆོས་ལུགས་ཀྱི་ཐད་ནས་ཁོང་ལ་ཤུགས་རྐྱེན་ཆེས་ཆེར་ཐེབས་པ་ནི་བཱ་རྡ་སི་
(Vedas)་དང་ཧིན་རྡུཆོས་ལུགས་ཀྱི་ལྟ་གྲུབ་སྐོར་ནས་ཡིན།  རོལ་མོའི་ཐད་ནས་ཐེ་ཀོར་གྱིས་རྒྱ་གར་གྱི་གྲལ་རིམ་ཅན་གྱི་རོལ་མོར་སྦྱངས་ཀྱང་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས།  ཁོང་གིས་སྲིད་དབང་སྒེར་འཛིན་གྲལ་རིམ་ལ་ཞེན་པའི་ལམ་ལུགས་ལ་ངོ་རྒོལ་གནང་ཞིང་།  དེའི་ཚབ་ཏུ་རིགས་མི་འདྲ་བའི་གྲགས་ཅན་གྱི་བྷ་གཱ་ལའི་དམངས་ཁྲོད་རོལ་མོ་རྦལ་(Baul)་དང་རྦ་ཏཱེ་ཡལ་ལཱེ་(Bhatiyali)་སོགས་འོས་སྦྱོར་བྱས།  དེ་བཞིན་ཁོང་ཐོག་མར་དབྱིན་ཡུལ་ལ་བསྐྱོད་དུས་ཡུ་རོབ་ཀྱི་རོལ་མོ་སྐོར་ཞིག་སྦྱང་པ་བྱས།  ཁོང་གིས་ཐོག་མའི་གླུ་དབྱངས་རྣམས་ཀྱི་གདངས་ནི་ཕྱིའི་རྒྱལ་ཁབ་ཀྱི་གླུ་འགྲོས་དང་མཱོན་སི་ཤཱི་རྒྱལ་ཁབ་ཀྱི་རོལ་མོ་(Moon’s Irish Melodies)་སོགས་ཀྱི་ཤན་འདྲེས་མ་བརྩམས་ཡོད།  རྗེས་ནས་ཁོང་གིས་ཡུ་རོབ་པའི་རོལ་ཆའི་སྒྲ་གདངས་ལ་ཉམས་ཞིབ་ཐེངས་ཤས་གནང་གྲུབ།  རྩོམ་པ་པོ་ཁོང་ལ་མཚོན་ན་ཁོང་གི་མི་ཚེའི་ཁ་ཕྱོགས་ནི་སྔ་མོ་ནས་བཙལ་ཟིན་ཏོ།  ཁོང་གིས་ལེགས་སྦྱར་སྐད་དང་བྷ་གཱ་ལའི་སྐད།  དབྱིན་སྐད་བཅས་སྐད་ཡིག་མི་འདྲ་བ་གསུམ་སྤྱོད་ཅིང་།  ལེགས་སྦྱར་སྐད་ཀྱི་སྟེང་ནས་བྷ་གཱལ་གྱི་སྙན་ངག་པ་བཱ་སི་ནཱ་བ་(Vaisnava)་ལགས་ཀྱིས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།  དབྱིན་སྐད་སྟེང་ནས་སྙན་ངག་པ་ཤཱ་ལེ་(Shelley)་ལགས་ཀྱི་དུངས་བརྗོད་སྙན་ངག་སོགས་ཀྱིས་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད།  
 
 
       ཐེ་ཀོར་ནི་མཱ་ཧཱར་ཤཱི་རྡི་རྦན་ནཱ་ཐི་
(Maharshi Debendrabnath)་དང་ཡུམ་སཱ་རཱ་རྡ་རྡེ་བཱེ་(Sarada Devi)་གཉིས་ལ་བུ་རྒྱུད་མིང་སྲིང་བཅུ་བཞི་སྐྱེས་པ་ལས་ཆུང་ཤོས་སུ་སྐྱེས།  ཁོ་ཅག་གི་ཁྱིམ་ཚང་ནི་འཚོ་སྡོང་ཁྱིམ་ཚང་ཞིག་ཡིན་ལ་ཇོ་རཱ་སན་ཁོར་(Jorasanko)་དུ་གཞིས་ཆགས་ཡོད།  ཐེ་ཀོར་ནི་ཤེས་ཡོན་པ་དང་སྙན་ངག་པ།  མཚན་ཉིད་རིག་པ་བ་དང་སྒྱུ་རྩལ་བ།  རོལ་མོ་བ་དང་རང་དབང་འཐབ་རྩོད་པའི་ཁྱིམ་རྒྱུད་དུ་སྐྱེས།  ལར་ཐེ་ཀོར་གྱི་ཁྱིམ་མིང་ལ་ཐཱ་ཀོར་(Thakur)་ཞེས་འབོད་ཀྱང་ཐེ་ཀོར་གྱིས་དེ་དབྱིད་སྐད་དུ་སྒྲ་གདངས་ཐོན་པར་འགྱུར་བཅོས་གནང་། ཐེ་ཀོར་ནི་རང་བྱུང་ཁམས་ཀྱི་པང་ནས་ལག་ཆགས་པ་ཡིན་ལ་དེ་ལ་བརྩེ་དུང་ལྡན་པ་དང་གསོལ་མཆོད་ཀྱང་བགྱིད།   ཐེ་ཀོར་གྱིས་རྒྱ་གར་སྲོལ་རྒྱུན་རིག་གཞུང་དང་ནུབ་ཕྱོགས་ཀྱི་བསམ་བློ་གཉིས་གཞི་གཅིག་ཏུ་བསྲེས་པའི་ཚོད་ལྟ་གནང་། སྤྱིར་ཐེ་ཀོར་ཁྱིམ་ཚང་གི་བྱིས་པ་ཚོས་ཀྱང་བྷན་གཱལ་(Bengal)གྱི་རིག་གཞུང་དང་རྩོམ་རིག་ལ་སྲི་ཞུ་ངོ་མཚར་བ་བསྒྲུབས་ཡོད།  གང་ལྟར།  ཐེ་ཀོར་གྱིས་འདི་འདྲ་ཞིག་ཀྱང་གསུངས་ཏེ་”ངས་དྲན་སོན་པ་ལྟར་ན།  ང་རང་ལོ་ངོ་བཅུ་ཙམ་ལ་མ་སླེབས་བར་དུ་ལྷམ་དང་རྐང་འབོལ་བེད་སྤྱད་མ་མྱོང་”ཞེས་གསུངས།  ཐེ་ཀོར་གྱིས་ལོ་བདུན་ནས་སྙན་ངག་བརྩམས་ཤིང་སྙན་ངག་རྩོམ་མཁན་ལོ་ཆུང་ཤོས་ཀྱི་གྲས་ཡིན།   ཐེ་ཀོར་གྱི་ཆེས་ཐོག་མའི་སྙན་ངག་ཕྱོགས་སྒྲིག་གི་དེབ་ཕུད་དུས་ཁོང་ལོ་ན་བཅུ་བདུན་ཡིན་ལ་ཐེ་ཀོར་གྱི་གྲོགས་པོ་ཁོང་གིས་དེབ་ཕུད་པར་མཚར་སྣང་ཆེན་པོ་སྐྱེས་མྱོང།
 
         ཕྱི་ལོ་
1868་ལོར་ཐེ་ཀོར་ཤར་ཕྱོགས་ཆོས་རིག་སློབ་གཉེར་ཁང་དུ་ཞུགས།  ཆུང་དུས་དང་གཞོན་དུས་སུ་ཐེ་ཀོར་གྱི་མིང་ལ་རཱ་བྷེ་(Rabi)་ཞེས་ཀྱང་འབོད་པ་ཡིན་ལ་སྐབས་ཤིག་ཁོང་བྷན་གཱལ་(Bengal)་རྒྱལ་ཡོངས་ཡིག་རྒྱུགས་ལས་རྩེ་ཕུད་ཀྱི་མཚན་སྙན་ཐོབ།  སྐབས་དེར་ཁོང་ལ་ཐོག་མ་སྙན་ངག་འབྲི་བའི་བློ་རྒྱ་ནི་ཇཱོ་ཏི་པཱ་ར་ཁི་ཤཱ་(Jyotipraksh)་ལས་བྱུང་བ་ཡིན་ལ་ཁོང་ནི་ཐེ་ཀོར་གྱི་ཁུ་བོ་ཡིན།  གང་ལྟར།  ལོ་ན་ཤིན་ཏུ་གཞོན་པའི་ཐེ་ཀོར་ལ་མཚོན་ན་སྐབས་དེར་སློབ་གྲྭ་དང་འཛིན་ཁང་ནི་ཕྱོགས་བཞི་གྱང་རྩིག་གིས་བསྐོར་བའི་ཆང་ཁང་ཞིག་དང་འདྲ་བོ་ཡོད། རྒྱུ་མཚན་གར་སྟེགས་དེ་འདྲ་དང་དམིགས་བསལ་སྐབས་དེར་དབྱིན་ཡིག་སློབ་ཚན་སྦྱང་གཞིར་གསར་དུ་བསྣན་པས་རེད་ལ་སློབ་ཚན་དེ་ཡང་ཕྱི་དྲོ་འཚོག་དགོས་ཡོད་པས་སོ།།  སྐབས་དེར་ཁོང་སྡུག་ལ་མང་པོ་འཕྲད་ཅིང་ཁོང་གིས་ཕྱི་རོལ་ན་འཕུར་གྱིན་པའི་འདབ་ཆགས་ཀྱི་རིགས་ནི་ཁོ་རང་ལས་བསོད་ནམས་ཆེ་བ་སྙམ་བཞིན་ཡོད།  རྒྱུ་མཚན་དེ་དག་གིས་ཁོང་དང་འདྲ་བར་མཚན་མོ་སྒྲོན་མེ་ཙམ་ལ་བརྟེན་ནས་སློབ་ཚན་སྦྱོང་མི་དགོས་པ་ལས་དག་སྙམ་བཞིན་ཡོད།  དེ་འདྲའི་དཀའ་སྡུག་གི་སྐད་ཆ་ནི་ཁོང་ལོ་ན་བདུན་གྱི་སྐབས་སུ་བྲིས་པའི་སྙན་ངག་གི་ནང་དུ་གསལ།
 
       “ངས་ནི་སྦྱང་བརྩོན་བྱས་ཏེ་སློབ་སྦྱོང་ཅན་དང་
ཡང་སྤྱང་གྲུང་འཛོམས་པའི་ཁྱོད་ཀྱི་འདོད་པ་ལྟར་གྱི་བུ་ཡག་པོ་ཞིག་བྱ་མི་འདོད
དེ་ལས་རྒྱུན་དུ་རྩེད་ལྡིང་བྱེད་བཞིན་མཱལ་རྦེ་རེ་
(Mulberry)ཡི་འབྲས་བུ་བཏུ་བ་མཚར
ངས་ཤིང་རྟ་འཁོར་ལོ་གཏོང་མཁན་གྱི་གླུ་དབྱངས་ཐོས་འཕྲལ
རྒྱ་ཆེ་བའི་ཞིང་ཚིགས་འཕྲེད་ཀྱིས་བརྒལ་ནས་ཕྱིན་ཡང
ཁོས་ཤིང་རྟ་འཁོར་ལོ་མགྱོགས་པོར་བཏང་བས
ངས་ང་ཡི་སློབ་ཚན་ངེས་ཅན་ཞིང་སློབ་མ་བཏུབ
གང་ལྟ། མཐར་མར་འབྲི་ཀློག་ཤེས་མཁན་ཞིག་བྱེད་པར་དམ་བཅས”
 
       བར་ཞིག་ནས་ཐེ་ཀོར་སློབ་ཚན་ལ་སྤྲོ་བ་ཉམས་ཤིང་སློབ་གྲྭའི་ནང་ནས་ནོར་འཁྲུལ་ཤོར་ཚེ་ཉེས་ཆད་གཅོད་པའི་བསམ་ཚུལ་ལ་ཚིག་པ་ཟ་བར་གྱུར།  དེར་བརྟེན་ཐེ་ཀོར་གཏན་འཇགས་སློབ་གྲྭར་གནས་སྤོར་བྱས་པ་དང་དེའི་རྗེས་ནས་སཱི་ཏི་རྫ་བེར་
(St.Xavier’s)སློབ་གྲྭར་གནས་སྤར།
 
       ཐེ་ཀོར་གྱི་ཁྱིམ་རྒྱུད་ཤེས་ལྡན་དང་འབྱོར་ལྡན་གྱི་རྒྱུད་པ་ཡིན་མིན་ལ་མ་ལྟོས་པར་རཱ་རྦན་ནཱ་ཐི་ཐེ་ཀོར་
(Rabindranath Tagore)་གྱི་མི་ཚེའི་དུས་སྐབས་ཀྱི་རྩ་ཆོས་དང་སྤྱང་གྲུང་འཛོམས་ཤོས་ནི་རྒྱ་གར་མི་མང་གི་རིག་གཞུང་དང་ལོ་རྒྱུས།  སྙིང་རྗེ་དང་བསམ་ཤེས་སྲུང་སྐྱོབ་སོགས་ཀྱི་ཆེད་དུ་ཕུལ་བ་རེད།  དེ་བཞིན་ཐེ་ཀོར་ལོ་ན་བཅུ་དང་ཉི་ཤུའི་བར་གྱི་བརྩམས་ཆོས་ནང་དུ།  གཉའ་གནོན་དང་མི་སེར་སྤེལ་ཡུལ་གྱི་གདུང་གཙུབ་ལས་བཙན་གྲོལ་ཡོང་བར་ཡིད་ཆེས་བརྟན་པོའི་བསམ་བློ་མངོན་ཡོད་དོ།།
                       
མུ་འགོད།
                            
རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease