​སྙིང་བོ།

    རྩོམ་སྒྲིག་པ། སྒྲོལ་བྱེད།


སྙིང་བོ།

 

             སྒྲོལ་བྱེད།


 

ཁྱོད་ཀྱི་བྲང་ཁ་རྡོལ་བ་ལས་ལག་པ་མང་པོ་སྐྱེས

སྐམ་ཐན་གྱི་མིག་མཐར་གཤར་བའི་དུས་ཚོད་ཀྱི་རོ་སྟོང་བ་དག

སང་ཉིན་གྱི་ཚོགས་སུ་སྡུག་གུར་བཤམས

 

ནམ་ཕྱེད་འདིའི་སྔ་རོལ་དུ

ངས་ཁྱོད་ཀྱི་མིང་ཡིག་ཁུར་ནས

མྱ་ངམ་གྱི་ཐང་ཆེན་པོ་ཞིག་བརྒལ་དགོས


ཧེ་ཙི་ལགས་ལ་ཕུལ་བ།

                                          

ད་ནས་བཟུང     ཧེ་ཙི

ངས་རང་གི་རྟེན་གཞི་བོར་བའི་ལག་པ་འདི་གཡར་ནས

ཕོན་ཆེ་བའི་རྨ་ཁའི་སྟེང་དུ་གཏེར་ལེན་ཁའི་མཚན་མོ་འགེབས་དགོས

ཉེར་དྲུག་ཉིན་གྱི་མེ་འཁོར་མ་སླེབ་གོང

ལྗན་ལྗིན་གྱི་ལྕགས་ལམ་ཐོག་ཏུ་ཟླ་དགུ་བའི་མེ་ཏོག་གི་བཟི་སྣང་འབྲིད་དགོས

 

ད་ནས་བཟུང    ཧེ་ཙི    

ང་ནི་རང་གི་འདོད་པ་ལྟར་གྱི་མི་ཁམས་དྭངས་ཞིག་བྱེད་ངེས

ཉི་མ་རེ་རེ་ལོ་ངོ་ཉི་ཤུའི་བོར་སྟོར་གྱི་རྨི་ལམ་བཞིན་བདུངས་ནས

རྙིང་ཧྲུལ་ཧྲུལ་གྱི་འཚོ་བར་གཅེས་ངེས

 

ད་ནས་བཟུང   ཧེ་ཙི    

ང་ནི་རང་གི་འདོད་པ་ལྟར་གྱི་མི་ཁམས་དྭངས་ཞིག་བྱེད་ངེས

 

ཁ་བ་སྙིང་ལྕགས་ལ་ཕུལ་བ།

 

ཁྱོད་རང་དུས་ཚོད་ཀྱིས་ཕྲག་པར་ཁུར་ནས

ཡུན་རིང་གཉིད    ཡུན་རིང་གཉིད་པས

རྨི་ལམ་ཀྱང་མངོན་སུམ་ལས་ཡར་མར་འཕུར

 

སྙིང་ལྕགས

སྐྱེ་བ་གཅིག་གི་གཟུགས་འགྱུར་གྱི་ཆོ་ག

སྒྲུང་ནང་གི་ཞོགས་པའི་གཟབ་མཆོར་དུ་གྱུར

 

yསྲང་ལམ།

 

གྲིབ་མ་རེ་རེ་ང་ལ་དགོད་ཅིང་སྡང

 

ཐུག་འཕྲད་ཀྱིས་མ་ཐེག་པའི་རྐང་རྗེས་མང་པོ

རྡུལ་ནང་དུ་ཞུ་ཞིང་འགྲེ་ལྡོག་རྒྱག

 

གཏིང་རིང་བའི་ཁྱོད་ཀྱི་རྒྱབ་གཟུགས

ན་མཉམ་པའི་ཡིད་གདུང་ཁྲོད་ལུས

                     རྩོམ་སྒྲིག་པ། བསམ་འགྲུབ་རྒྱལ།
        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease