ལག་པ་སྟོང་བའི་ནང་གི་རྨི་ལམ།

    རྩོམ་པ་པོ། དབལ་ཡན་མ།


ལག་པ་སྟོང་བའི་ནང་གི་རྨི་ལམ། 
ཞར་བཀོད་གཅིག

 

                              དབལ་ཡན་མ། 



ཁོ་མོའི་ལག་མཐིལ་དུ

མེ་ཏོག་འཁྱག་པ་ཞིག་གློ་བུར་དུ་ཁ་ག

རླུང་ནང་གི་རྣམ་ཤེས་དེ་དག་གིས

ཁོ་མོའི་མིག་མཐའི   

ཞི་འཇམ་གྱི་ཉམས་དེ་མཐོང་བར་གྱུར

 

དུག་གི་མེ་ཏོག་ཅིག་ཏུ་སྐྱེས་པའི་རྣམ་ཤེས་དེ

ཧྲེང་ངེར་ལུས་པའི་ཁོ་མོའི   གྲིབ་མ་ཁོ་ནར་གྱུར

 

སྟོང་པར་གྱུར་བའི་ལག་ནང་གི་གཟུགས་དང་དབྱིབས

དུས་ཚོད་ལ་ཚོན་རྩི་བསྒོ་བྱེད་ཀྱི   རབ་རིབ་ཀྱི་འཁྲུལ་སྣང་ཁོ་ནའོ


 

སྣང་བའི་ལྗན་ལྗིན།

 

དུས་ཚོད་ཀྱི་སྡིག་སྒྲིབ་ལྕི་བའི་ན་ཚོད་སྟོང་པ་འདིར

བརྩེ་དུང་གིས་བྲིས་པའི་གཏམ་རྒྱུད་དག

སྟོན་རླུང་གིས་སྤུར་བའི་ལོ་མ་བཞིན་གང་སར་འཐོར

 

ཕྱི་རོལ་ཏུ་འཁྱག་རླུང་ལྡང་བ་ནང་བཞིན

ནང་སེམས་ཀྱི་རྨ་ཁ་ཇེ་སྙི་ནས་ཇེ་སྙིར་གྱུར

 

སེམས་པའི་སྟེང་གི་ལྗན་ལྗིན་དག་འདོར་ཐབས་བྲལ་བས

ངས་རང་གི་ཤ་ཁྲག་དང་འབྲེལ་བ་དག་ལས་ཀྱང་རྡུལ་གཙུབས

                       རྩོམ་སྒྲིག་པ། འཕགས་མི།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease