ཁྱེད་ནི་ངའི་ཐ་སྙད་དང་ཚིག་འབྲི་རེ་རེ་ཡིན།

    རི་ཤི་བ། ཐུ་བྷོད་ཁྲག་སྨྱུག ཆམ་པ། གཏུམ་པོ། རྣོ་བཙའ་མེད།


ངའི་མཛའ་མོ 
lwz
                                                         
                     ཆམ་པ། 
 
བདག་གི་སྙིང་ཉེ་ལགས
ང་ནི་མཐའ་མེད་པའི་ཉི་འོད་ནང་དུ
མགོ་འཁོར་བ་མ་ཡིན་པར
གཏམ་རྒྱུད་ཞིག་གིས་སེམས་པ་བརྐུས
 
སྐྱེས་མ་དེ་དྲན་པའི་ཀློང་ནས
ང་རང་ཡན་ཡུན་ཏུ་བཏང
"     ࿎࿎    "
སུན་སྣང་སྐྱེ་མ་མྱོང
 
ཉི་མ་ནུབ་རིར་ཡིབ
ང་རང་གཉིད་དུ་ཤོར
མཛའ་མོ་རྨི་ལམ་ལས་ཕེབས
                      6.7
 
བརྩེ་དུང་། 
 
           རྣོ་བཙའ་མེད། 
 
བརྩེ་དུང་ནི་སེམས་ནས་བཀྲ་ཡོང་བ་ཞིག་རེད
དཔེར་ན་ཁྱོད་ལྟར་ཞེ་གཏིང་ནས་དྲོད་དང་འོད་བཞིན
ཆུ་དང་འཁྱགས་བཞིན་ལུས་ཀྱི་དྲོད་གྲང་དུ་གྱུར་སོང་ཚེ
སེམས་ནས་ཕྱི་རུ་བརྡོལ་ཡོང་བ་དེ
ཐ་སྙད་ཀྱིས་མཚོན་མི་ཤེས་པའི   ཚོར་བ་དེ་འབྲི་མི་ཤེས་པའི
ཁྱོད་ལྟར་ང་ཡི་དྲན་པ་ཡི་ཁ་ཕྱོགས་འཁྱེར་འགྲོ་བའི
དགའ་ཞེས་བཤད་མི་སྤོབས་པ་དེ
ངས་ཁྱོད་ལ་སྦྱིན་དགའ་བའི་འཕྲིན་པ་དང་པོ་དེ་རེད་འདུག
 
ཙག
 
ཁེར་རྐྱང་དུ་ངས་གཞི་ནས་ཙག་ཚོར་བྱུང
ཙག་ངོ་མ་དེ་ཅི་ཡིས་ཀྱང་མི་ཁོག་འདུག
ལྭ་བ་འཐུག་སོང་བས་ཡང་ན་སྲབ་སོང་བས
ལུས་ཁོག་ཏུ་ཙག་ཞེས་པའི་ངར་ཁྱོ་ཞིག་ཐོན་བྱུང
སྔངས་འདར་རྒྱབ་ཚེ་གདོན་ཞུགས་ཡོང་ལ
ཧུར་ཐག་གིས་བསྲན་ན་ཤ་གསེང་ནས་བརྡོལ་ཡོང
གཞན་ཅི་ཡང་མ་རེད་དེ་འདི་ནི་ཙག་ཞེས་པའི་ལྷན་པོ་ཞིག
               6.7

སྣང་བའི་དར་སྐུད་དཀྲོལ་བའི་ཞེ་འདང་མ།
 
             ཐུ་བྷོད་ཁྲག་སྨྱུག  བྲག་འགོ
དྲན་པ། རེ་སྒུག བརྩེ་བ། 
ཆགས་ཞེན་གྱི་སྣང་བ་དང་
ཕྱིར་དྲན་གྱི་ཟིན་ཐོ།

གངས་ཀྱི་ཆུ་འགྲམ་དང་ཧི་མ་ལའི་རྩྭ་ས
རྒྱ་མཚོའི་གཏིང་ག་དང་
རི་བོའི་ཕ་མཁར་གྱི་ཞིང་གྲོང་ན
མིག་ཆུ་དང་དགོད་སྒྲས་བརླན་པའི
ཚེ་སྲོག་གི་འཕར་རྩ་ལྡང་གིན་ཡོད།

ཚིལ་དྲག མར་དྲི། རྩམ་དྲི།
མི་རིགས་ཀྱི་ངོ་སོ་དང་
སྲོལ་རྒྱུན་གྱི་དར་ཆ་བསྒྲེངས་བའི་ཞེ་འདང་མ

སྣང་བའི་དར་སྐུད་དཀྲོལ་བའི་ཞེ་འདང་མ།
ལས་དབང་གི་རྟ་ཕོར
བརྩེ་དུང་གི་སྲབ་སྐྱོག་བསྐྱོན་ཏེ
ཆེས་ཟབ་རྒྱས་ཀྱི་འཚོ་བ་ཞིག་གམ
ལྷིང་འཇགས་ཀྱི་འཇིན་རྟེན
ཞི་བདེ་ཡི་སྤྱི་ཚོགས་ཞིག་ལ
མཉམ་དུ་རོལ་བའི
ངང་སྒུག་བྱེད་ཀྱིན་ཡོད།
      ༢༠༢༡—༦—༧ཉིན།
འཕྲིན་པ།
 
          གཏུམ་པོ། 
 
ལུས་ཀྱི་ཁུ་བོ་ཅི་ཡིན་མ་འདྲི་རོགས
མེ་ལོང་ཞིག་གི་ཆག་གྲུམ་བསྒྲིགས་ཚར་མེད
གྲིབ་མའི་ཁྲོད་དུ་ཞལ་ཁེབས་མ་ཕྱེ་ཞིག
ཡོམ་ཡོམ་འདར་བའི་གཟུགས་བརྙན་རླུང་བུ་ཉིད  
ང་ཡི་བྲང་གཞུང་ཁ་རླངས་མ་གཏོང་རོགས
བགུན་ཟླ་ཐེད་པོ་གམ་དུ་སླེབས་པའི་ཚེ
གྱོན་པ་འགེབས་སའི་སྡོང་ལོ་ས་རུ་འཐོར
རྫོགས་མཐའ་མེད་པའི་རྨི་ལམ་ཤིན་ཏུ་རིང
མཛེས་པའི་མེ་ཏོག་སླར་ཡང་མི་བཞད་པའི
གཟེབ་ཏུ་ཚུད་པའི་སྐུ་ཅོ་མ་སྒྲོག་རོགས
རྫ་བུམ་ནང་གི་མེ་ཏོག་མཇལ་འཕྲད་ཕྱིར
རྟ་ཕོ་ཁོམ་པ་སྲ་ལས་ཡང་ཡང་ཤོར
ཁྱེད་ནི་ངའི་ཐ་སྙད་དང་ཚིག་འབྲི་རེ་རེ་ཡིན།
 
                  རི་ཤི་བ།
 ༡
མཚམས་རེར་རང་ཉིད་ནི་ས་མཐར་འཁྱམས་པའི་ཁྱི་ལྡོམ་དེ་ཡིན་པར་འདོད་ལ།  ཡང་མཚམས་རེར།  རང་ཉིད་ནི་ཞིང་གྲོང་གི་རླུང་བུ་དང་འདྲོགས་ཏེ།  ཁྱེད་ཀྱི་གཤོག་སྣེ་ལ་བདའ་བཞིན་གཤོག་འགྱུར་གྱིི་སྟངས་སྟབས་མངོན་པའི་ཁ་ལ་ཡུག་དེ་རེད་བསམ།
 
ང་ནི་མཚེའུ་འགྲམ་ན་གོག་པའི་སྦལ་བ་ནག་རྒན་དེ་ཡིན་ན།  ཁྱེད་ནི་ངས་ཡིད་སྨོན་འཆོར་སའི་མཚེའུ་དཀྱིལ་ནས་འཕུར་བའི་ངང་བ་དཀར་བོ་དེ་ཡིན་ནམ།

ཁྱེད་ནི་དབྱར་དགུན་སྟོན་དཔྱིད་མེད་པར་གཡོལ་མེད་དུ་ཀེར་བའི་ཐོ་ཡོར་དེ་ཡིན་ན།  ང་ནི་ནམ་རྒྱུན་ཁྱེད་ཀྱི་དཔུང་བ་ལ་བབས་ནས་སྐད་སྙན་སྒྲོག་མཁན་གྱི་བྱེའུ་དེ་ཡིན།

གལ་སྲིད་ངའི་རྨི་ལམ་ལས་རྨིས་མྱོང་བའི་མི་དེ་ཁྱོད་ཡིན་ན།  རྨི་ལམ་ལས་བྱུང་བའི་གཏམ་རྒྱུད་དེ་ཁྱེད་ཀྱིས་རྟོགས་སམ།
 
ང་ནི་ཁྱེད་ཀྱིས་ཡིག་ཐོག་ཏུ་ཕབ་པའི་སྙིང་གཏམ་དེ་དག་མིན་ནའང་།  སྨྱུག་ཁ་ནས་ཐོན་པའི་སྙིང་གཏམ་འབྲི་བྱེད་ཀྱི་སྨྱུག་ཆུ་དེ་ཡིན་པར་འདོད།

ང་ནི་ཐག་སྒྲ་དང་བཅས་ཏེ།  འཁོར་གྱིན་པའི་དུས་ཚོད་ཀྱི་མདའ་རྟགས་དེ་ཡིན་ན།  ཁྱེད་ནི་ང་ལ་དམ་འཛིན་དང་གཅེས་སྤྲེས་བྱེད་མཁན་གྱི་མི་ཡིན་ནམ།
 
ང་ནི་བརྩེ་དུང་གི་གཏམ་རྒྱུད་བྲིས་ཏེ།  དྲན་ཤིང་གི་རྡོ་རིང་བཞེངས་མཁན་གྱི་རྩོམ་པ་པོ་དེ་ཡིན་ན།  ཁྱེད་ནི་གཏམ་རྒྱུད་ཀྱི་དེབ་

ང་ནི་ཁྲ་གླག་གིས་འཛིན་ཏེ།  ཟས་ཐུན་ཅིག་ཏུ་འགྱུར་ལ་ཉེ་བའི་བྱེའུ་དེ་ཡིན་ན།  ཁྱེད་ནི་ལྟད་མོ་ལ་གཡེང་བའི་ཁོག་ནག་གི་བྱིས་པ་སྣབས་ལུག་དེ་ཡིན་ནམ།

ཁྱེད་རང་གནམ་གྲུར་བསྡད་དེ་སྤྲིན་གྱི་བང་རིམ་བརྒལ་རན་སོང་ན།  ངས་ནི་ཁྱེད་རང་སྐྱེལ་མ་ཙམ་ཡང་བྱེད་མ་ཐུབ་ཀྱང་།  ངའི་དྲན་ཤེས་གཤོག་དྲུག་གི་སེམས་པ་འདིས། སྔོན་ནས་ཁྱེད་ཀྱི་འགྲམ་ཟུར་ན་ཡོད་པའི་འདུག་སྟེགས་དེ་ཡི་འཛིན་བྱང་ཉོས་ཟིན།

༡༠
སེར་བ་ཐེངས་ཤིག་བབས་རྗེས།  ཁྱེད་རང་འཛུམ་དམུལ་དམུལ་གྱིས་ངང་ནས་འཕུར་སོང་།  འོན་ཀྱང་།  ངའི་ལང་ཚོའི་མེ་ཏོག་གི་འདབ་མ་རེ་རེ།  ཁྱེད་ཀྱི་ཆེད་དུ་ན་ཟུག་དང་ཚ་གཟེར་རེ་རེ་བཞིན་ས་རུ་ཉུལ།
                                   
རྩོམ་སྒྲིག་པ། མྱི་གསར་བ། 

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease