དུས་ཚོད་ཀྱི་བཙོན་ཁང་།

    རྩོམ་པ་པོ། ཚྭ།


དུས་ཚོད་ཀྱི་བཙོན་ཁང་། 


               ཚྭ།   མགོ་ལོག

 
འུ་གཉིས་བར་གྱི་གཟིག་ཁྲ་དེ
འུ་གཉིས་བར་གྱི       མི་རྟག་པའི་བསིལ་གྲིབ་འོག་ན་གཉིད
ཁྱོད་ཀྱིས་ལག་པའི་ནང་དུ་མེ་ཏོག་འདེབས
ལས་ཀྱི་ར་བ་ཁང་སྟོང་དུ་མའི་གྲུབ
 
ཉི་མ་ཤར་ནས       བདག་གི་པད་རྫིང་ཁ་རུ་སླེབས
ཕོ་རོག་བྱེ་བ་ཕྲག་བརྒྱ་སྐད་ཅིག་ཉིད་ལ་རྗེས་སུ་མངོན
ཁྱོད་ཀྱིས་གདོང་གི་འཇའ་གུར་ཕུབ
རྨི་ལམ་ཐུང་ངུ་སྣ་ཚོགས་རྟོག་བཟོ་བྱས
 
འུ་གཉིས་བར་གྱི་མུན་པའི་ག་ཞ
ཁེར་རྐྱང་་གི་དུས་ཚོད་ནང་དུ་བཞད
 
ཁུ་སིམ་མེར་ཟླ་དགུ་བའི་སྐྱོ་གདུང་བརྒལ་བ། 
 
ཁུ་སིམ་མེར་ཉལ་ཚེ
འདས་པའི་དོན་དག     པགས་པའི་ནང་གི་སྐར་མའི་ཚོགས
དེའི་འོག་གི་རང་ཉིད
སྒྲ་སྣ་ཚོགས་ཀྱི་ཞི་ལ་མང་པོའི་བར་གྱི་ཙི་གུ་སྔོན་པོ
 
མཚན་མོ་གཅིག་ལ
ལོག་བྱ་དག་ནི་སྲེག་པ་གཞིན
བདག་གི་ལྷིང་འཇགས་ར་བའི་ནང་དུ་གྲགས

               རྩོམ་སྒྲིག་པ། གསར་བ།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease