དཔེ་འཕྲིན། ཁྲུང་ཁྲུང་།

    ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་།


དཔེ་འཕྲིན། ཁྲུང་ཁྲུང་།


                    རྩོམ་པ་པོ། རྨས་མ། 
          ཐག་ཉེ་རིང་ཀུན་ལ་བཞུགས་པའི་གྲོགས་པོ་ལྷན་བཅས་ཐོག་མར་ཁྱེད་ཅག་ལ་མཚམས་འདྲི་ཞུས་པ་ཡིན།   གུས་པ་རང་ལ་མཚོན་ན་རྩོམ་ཡིག་འབྲི་བའི་ལས་འདིར་ཞུགས་རྗེས།   རྒྱུ་རྐྱེན་གང་ཞིག་གི་རྐྱེན་གྱིས་རྩོམ་ཡིག་ཀློག་པ་ལ་ཡང་དགའ་ཞེན་ཆེན་པོར་གྱུར།  དེ་བཞིན་ཁོ་བོས་རྩོམ་ཆག་དག་ལ་དུས་ཚོད་བཀོལ་མཁན་གྱི་གྲོགས་པོ་དག་ནི་ང་ལ་མཚོན་ན་བར་ཐག་ཅི་ཡང་མེད།   ད་ལྟ་ཕྲན་གྱི་སྙན་དེབ་ཐོག་མ་<ཁྲུང་ཁྲུང་>སྒོར་ཐོན་ལ་ཉེ་བས་ཡི་གེའི་སྒྱུ་རྩལ་ལ་རོལ་མཁན་གྱི་གྲོགས་པོ་ཀུན་གྱིས་དོན་སྣང་བྱ་བར་མཁྱེན།   

          སྤྱིར་རིག་གནས་ཀྱི་མཁའ་དབུགས་དོགས་ས་ལྷག་ཏུ་རྩོམ་རིག་གི་མཁའ་དབུགས་མེད་པའི་ཕ་ཡུལ་གྱི་ཁོར་ཡུག་འདི་འདྲ་ཞིག་ནས་ངས་རྩོམ་དེབ་ཅིག་ཕུད་སྟེ་ཡོང་དགོ་ཞིག་བཙལ་མི་འགྲོ་བ་ནི་ཤེས་ཚོད་རེད་དེ།  ངས་ཀྱང་སྒོར་མོ་འཚོལ་བའི་ཆེད་དུ་སྙན་ངག་སོགས་ཉོག་འབྲི་བྱ་མི་སྲིད་ལ།   སྒོར་མོ་འཚོལ་བའི་ཆེད་དུ་གཞན་མང་པོ་ཞིག་དང་མཐུན་ཐབས་ཀྱང་གཏན་ནས་བྱ་མི་སྲིད།   དེ་བཞིན་རིག་གནས་ཀྱི་རྫོང་འཐུག་པའི་འཇིག་རྟེན་འདི་འདྲ་ཞིག་ནས་ང་ཡི་ཅོལ་ཆུང་གི་ལས་འདིས་རང་ཉིད་སྤུར་མི་ཐུབ་པའང་ཤེས་ཚོད་རེད་དེ།   ངས་ཀྱང་རང་ཉིད་མཐོ་ས་ཞིག་ཏུ་སྤུར་ཨེ་ཐུབ་སྙམ་པའི་རེ་བ་གཏན་ནས་བཟུང་མྱོང་མེད།   དེས་ན་ངས་སྙན་དེབ་འདི་འདྲ་ཞིག་ཕུད་དོན་ནི་ཡུན་རིང་ནང་སེམས་ལ་ཉར་བའི་སྟོང་ཆ་ཞིག་ཁ་སྐོང་ཆེད་ཡིན་ལ།  རང་གི་འདས་ཟིན་པའི་དུས་ཚོད་དང་འཚོ་བ་ལ་ཕྱིར་དྲན་ཐེངས་ཤིག་བྱས་པའང་ཡིན།   སོ་སོའི་ཁམས་དང་མོས་པ་མི་འདྲ་བའི་དབང་གིས་ང་ཡི་ཅོལ་ཆུང་གི་ལས་འདི་ལ་ལའི་སྣང་ངོར་འགྲོ་ངེས་ལ། ཡང་ལ་ལའི་སྣང་ངོར་འཕྲོད་མི་སྲིད།   འཕྲོད་ཀྱང་རུང་ལ་མ་འཕྲོད་ཀྱང་ཆོག  ངས་རང་གི་དགའ་སྡུག་གི་འགྱུར་ཁུག་དེ་དག་ཡི་གེའི་གཟུགས་སུ་ཕབ་ཀྱིན་ཡོད་པ་ལས། གང་ཟག་སུ་ཞིག་གི་ཐུགས་འདུན་དང་འཚམ་མིན་ལ་རྦད་དེ་འདང་རྒྱག་ཀི་མེད། 

           མདོར་ན་རིག་གནས་ཡོད་ཚད་ལ་རང་རང་གི་ཐུན་མིན་གྱི་ཁྱད་ཆོས་རེ་ཡོད་པས་མཐའ་གཅིག་ཏུ་དམའ་མཆོག་གི་རིམ་པ་བཤད་དཀའ་ཡང་།   རྩོམ་ཡིག་འབྲི་བའི་ལས་འདིར་ཞུགས་པའི་གྲོགས་པོ་དག་དང་དེ་བཞིན་ཡིག་འབྲུ་རེ་རེའི་ལྕི་ཚད་དང་ནུས་པ་རྟོགས་མཁན་ཞིག་ལ་མཚོན་ན་འདི་ཉིད་གད་སྙིགས་ཤིག་ཏུ་མི་རློམ་པར་ཁོ་བོ་ཡིད་ཆེས་ཟབ་མོ་ཡོད།  མཇུག་མཐར་ངའི་སྙན་དེབ་འདི་ཉིད་སྒོར་ཐོན་པར་རེ་སྒུག་གནང་མཁན་གྱི་གྲོགས་པོ་ཡོངས་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།  ཁྱེད་ཅག་གི་རྒྱབ་སྐྱོར་དང་སྐུལ་འདེད་ཀྱིས་བདག་ལ་སེམས་ཤུགས་དང་སྤོབས་པ་ཚད་མེད་བསྩལ་མྱོང་།  ཐུགས་རྗེ་ཆེ། 2022. 2.  22 ཉིན། རྨས་མ་ཡིས།

འབྲེལ་བ་བྱ་ཡུལ།17764995451
                   རྩོམ་སྒྲིག་པ། མྱི་གསར་བ། 

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Neteas