དཔེ་འཕྲིན། ཇོ་བསྟོད་སུམ་ཅུ་བའི་ཟུར་འདེབས་ངག་གི་མཆོད་པ།

    ཡུན་ནན་མི་རིགས་རིགས་གནས་དཔེ་སྐྲུན་ཁང་ །


དཔེ་འཕྲིན། ཇོ་བསྟོད་སུམ་ཅུ་བའི་ཟུར་འདེབས་ངག་གི་མཆོད་པ།     

              རྩོམ་པ་པོ།  བློ་བཟང་སངས་རྒྱས།

         དེབ་འདིའི་རྩོམ་པ་བོ་བློ་བཟང་སངས་རྒྱས་ནི་ཕ་ཡུལ་རྭ་རུ་བར་སྐྱེས་ཤིང་ཆུང་དུས་ནས་རྔ་བ་ཀིརྟིའི་དགོན་དུ་ཆོས་ཞུགས་བྱས།   སྔ་ཕྱིར་བླ་བྲང་དང་རེབ་གོང་སོགས་ནས་དགེ་བའི་བཤེས་གཉེན་མང་དུ་བསྟེན་ནས་སློབ་སྦྱོང་བྱས།   དེ་རྗེས་སུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཏེ་མི་ལོ་རེ་འགར་སློབ་སྦྱོང་གང་འཚམས་བྱས་པའི་འབྲས་རྟགས་སམ། ཐེངས་འདིའི་ཁོང་གི་མཐར་ཕྱིན་ཆེད་དེབ་དུ་བསྙད་ཆོག་པའི་“ཇོ་བསྟོད་སུམ་ཅུ་བའི་ཟུར་འདེབས་ངག་གི་མཆོད་པ་”ཞེས་པའི་དེབ་ཆུང་འདི་མི་འགྱང་བར་འཐོན་ལ་ཉེ་བས། རྒྱ་ཆེའི་ཀློག་མཁན་རྣམས་ལ་སྔོན་བརྡ་ཞིག་གསར་དུ་བཏང་བ་ཡིན། སྤྱིར་ཇོ་བསྟོད་འདི་ལ་འགྲེལ་བ་དང་མཆན་འགྲེལ་བྲིས་ཡོད་པ་ཤིན་ཏུ་དཀོན་པ་དང་འདི་ལ་ཐོག་མར་སློབ་སྦྱོང་བྱེད་མཁན་ཞིག་ཡིན་ན་འགྲེལ་བ་དང་ཟུར་ལྟ་བྱེད་ས་ཞིག་མེད་དུ་མི་རུང་བར་འདོད་ནས་རྩོམ་མཁན་གྱིས་སྔོན་གྱི་ལོ་རྒྱུས་ཡིག་ཆ་གང་མང་དང་། ཇོ་བོའི་རྣམ་ཐར་དང་འབྲེལ་ཡོད་ཁུངས་འཕེར་ལོ་རྒྱུས་ལ་གཞི་བཅོལ་ནས་འགྲེལ་བ་འདི་བརྩམས་པའོ། །

         “ཇོ་བསྟོད་སུམ་ཅུ་བར་ཚིག་འགྲེལ་བསྡུས་པ་ཞིག་དང་། མིང་ཚིག་གལ་ཆེན་འགའི་མཆན་འགྲེལ། ད་དུང་ཚིགས་བཅད་ཤོ་ལོ་ཀ་རེ་རེ་དང་འབྲེལ་ཏེ་ཇོ་བོ་རྗེའི་མཛད་རྣམ་མདོར་བསྡུས་ཤིག་ཀྱང་བཀོད་འདུག་པ་སོགས་ཧ་ཅང་ཞིབ་ཚགས་དང་གཟབ་ནན་གྱིས་བྲིས་པའི་དེབ་ཆུང་འདིས་ཀློག་པ་བོའི་ཆུ་ཚོད་སྟོང་ཟད་དུ་མི་གཏོང་བའི་ཁྱད་ཆོས་ཤིག་མ་བཅོས་རང་ཆས་སུ་ཡོད་པར་ཡིད་ཆེས་བརྟན་པོ་ཡོད།”ཅེས་སྔོན་འགྲོའི་གཏམ་དུ་བྲིས་འདུག་པས། དེབ་འདིས་ཁྱེད་ཅག་ལ་ཕན་ཅུང་ཙམ་རེ་ཐོགས་ཤས་ཆེའོ།།  དཔེ་ཆ་འདི་ཉོ་འདོད་མཁན་དག་གིས་གཤམ་གྱི་ཁ་པར་ཨང་གྲངས་ལ་འབྲེལ་བ་གནང་རོགས།  
འབྲེལ་གནས།
རྔ་བ།  13208149967  
རྭ་རྒྱ།  13111802220
 
                      རྩོམ་སྒྲིག་པ། མྱི་གསར་བ། 

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Neteas