དཔེ་འཕྲིན། ཕུགས་བསམ།

    གླིང་དཀར་པོའི་བརྙན་རིས་རིག་གནས་ལས་ཤག


ཕུགས་བསམ་ལོ་དེབ་ཀྱི་དཔེ་འཕྲིན།

     བོད་ཁམས་ཀྱི་ཀློག་པ་པོ་ཡོངས་དང་ལྷག་པར་དུ་རྨ་ཡུལ་མགོ་ལོག་གི་ཀློག་པ་པོ་ལྷན་རྒྱས་ཁམས་བཟང་།  མགོ་ལོག་ལོ་དེབ་“ཕུགས་བསམ་”འདོན་ཐེངས་བདུན་པ་དབྱར་ཟླ་དྲུག་པའི་མཛེས་སྡུག་དང་ལྷན་དུ་ངེད་རྩོམ་སྒྲིག་ཁང་གིས་རྒྱ་ཆེའི་ཀློག་པ་པོ་དག་ལ་ཚིག་ཇ་ཕོར་གང་གི་དོད་དུ་ཕུལ་རྩིས་ཡིན།  

     ད་ལོ་ནས་དཔེ་དེབ་འདིར་བཀོད་པའི་བརྩམས་ཆོས་རྣམས་སྤུས་ཀ་ཇེ་ལེགས་དང་གཞོན་སྐྱེས་རྩོམ་པ་པོ་དག་སྐྱེད་སྲིང་བྱ་བའི་ཆེད་སྔར་དང་མི་འདྲ་བའི་ཁ་ཕྱོགས་ཅུང་བསྒྱུར་ཡོད་པ་ནི།  ལྷུག་རྩོམ།  སྒྲུང་ཐུང་།   སྙན་ངག་སོགས་ལས་བརྗོད་བྱ་གཞན་པའི་བརྩམས་ཆོས་གང་ཡང་བཀོད་མེད།   ལྷག་པར་དུ་དེང་སྐབས་ལྷུག་རྩོམ་དང་སྒྲུང་ཐུང་འབྲི་བའི་གཞོན་རབས་པ་ཉུང་ཉུང་ཡིན་པས་དེབ་འདིའི་ཁ་ཕྱོགས་ལྷུག་རྩོམ་དང་སྒྲུང་ཐུང་གཉིས་ལ་ཕྱོགས་རྩིས་ཡིན།

     གཞན་ཡང་“རེ་བའི་སྒེའུ་ཁུང་”ཞེས་པའི་ས་མིག་ཅིག་གསར་དུ་བསྣན་ཡོད་ལ་ས་མིག་དེའི་ནང་དུ་སློབ་ཆུང་ནས་དམའ་འབྲིང་བར་གྱི་སློབ་མའི་བརྩམས་ཆོས་ཆེད་འགོད་བྱེད་ཀྱིན་ཡོད།    ད་ལོར་“རེ་བའི་སྒེའུ་ཁུང་”གི་ས་མིག་ཏུ་མགོ་ལོག་རྟ་བྲག་སློབ་གྲྭའི་སློབ་མའི་བརྩམས་ཆོས་ཆེད་བཀོད་བྱས་ཡོད། 
                 
   
            “ཕུགས་བསམ་”རྩོམ་སྒྲིག་ཁང་གིས། 
                          རྩོམ་སྒྲིག་པ། མགོ་ལོག་ཆུ་ཐིགས།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease