དཔེ་འཕྲིན། གངས་ལུང་བ།

    གངས་ལུང་བའི་རྩོམ་རིག་ལོ་དེབ། སྤྱིའི་འདོན་ཐེངས་བཞི་པ།



དཔེ་འཕྲིན། གངས་ལུང་བ།
 



ཀློག་པ་པོ་ལགས་སྐུ་ཁམས་བཟང་།  ༢༠༢༠ལོའི་«གངས་ལུང་བ»འི་ལོ་དེབ་ཀྱི་ནང་དུ་བོད་ཁུལ་གྱི་སྙན་ངག་པ་གྲགས་ཅན་སྐྱབས་ཆེན་བདེ་གྲོལ་དང་།  མར་ཁུ་རྒྱལ་མཚན། ས་དམར་གྲགས་པ། གྱི་ལིང་འཇིགས་མེད། གཟི་མིག་གསུམ་པ། ཨ་འཇམ། ཚྭ། བདའ་ཚང་སྙེམས་གྲོལ། སྒྲུང་གཏམ་པ་ཁང་གསར་ཚེ་དབང་རིག་འཛིན། སློབ་གསོ་བ་གྲགས་ཅན་རླངས་ཚང་བསོད་ནམས་རྡོ་རྗེ་གཙོའི་ཕ་ཡུལ་གྱི་སྙན་ངག་པ་དང་རྩོམ་པ་པོ་རྩེ་གྲས་སྤྱན་ཡངས་དང་ཨ་གནམ་ཡེ་ཤེས། ཨ་རིག་མཆོད་རྟེན་ཐར། གསར་བ། གཞས་ཁེར་མ་སོགས་ཡོད།


རྩོམ་ལུས་ཀྱི་ཆ་ནས་རང་མོས། བཅད་མ། ལྷུག་རྩོམ། སྒྲུང་རྩོམ། འབོལ་རྩོམ། བསྒྱུར་རྩོམ་བཅས་དྲུག་ཏུ་བཀར་སྟེ་རིགས་ཚན་རེ་མིང་རེར་བཏགས་ཡོད།

ད་དུང་ཕ་ཡུལ་གྱི་དམིགས་བསལ་མི་སྣ་འོས་སྦྱོར་དང་སློབ་ཆུང་སློབ་མའི་རྩོམ་ཡིག་བདམས་བཀོད་ཀྱང་བྱས་ཡོད་ལ། དཔེ་རྟགས་ཀྱང་ཚད་ལྡན་བླངས་ཡོད་པས་ས་གནས་གང་སར་བཀྲམ་ཆོག   ད་ལོའི་དེབ་ཀྱི་ཕྱི་ནང་གཉིས་ཆར་སྤུས་གཙང་ཞིང་བཅུད་ཀྱིས་གཏམས་པར་རྩོམ་སྒྲིག་པས་ནུས་ཤུགས་ཆེ་ཙམ་བཏོན་ཡོད་ཅིང་ད་ལམ་སྒོར་ཐོན་ལ་ཉེ་བས་ཁྱེད་ཀློག་པ་པོ་རྣམས་ཀྱིས་ཐུགས་ཡིད་ཚིམས་པར་སྨོན།


སྡེབ་ཚོང་དང་སིལ་ཚོང་གཉིས་ཀ་ཡོད་པར་མ་ཟད་སྡེབ་ཚོང་ལ་གང་ལ་གང་འཚམས་ཀྱིས་དཔེ་ཆའི་རིན་གོང་ཡང་ཕབ་གཅོག་བྱེད་འཆར་ཡོད། རྩོམ་སྒྲིག་པས།

འབྲེལ་གཏུགས་བྱེད་ཡུལ།  
གངས་ཚ་འཇོམས།  ཁ་པར། 15209756623
སྐད་འཕྲིན་འབྲེལ་གནས། 346338736
                                 
རྩོམ་སྒྲིག་པ། མྱི་གསར་བ།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

Signature is customized by Netease