དཔེ་འཕྲིན། ཧེ་ཙིའི་སྙན་ངག་བོད་འགྱུར་དྲྭ་དེབ།

    གཡང་ཁུག་དྲ་ལམ་གཙུག་ལག་སློབ་གྲ་ཆེན་མོས་དྲ་དེབ་དུ་བཟོས།


ཧེ་ཙིའི་སྙན་ངག་གཅེས་བཏུས་བོད་འགྱུར་དྲྭ་དེབ། འཕྲིན་གསར།
                 རྩོམ་པ་པོ། ཧེ་ཙི།
                           
ཡིག་སྒྱུར་བ། སྲིན་པོ།

སྙན་དེབ་འདི་ནི་ཧེ་ཙིའི་དུངས་བརྗོད་སྙན་ངག་ཉིས་བརྒྱ་ཡས་མས་ལས་ཆེས་རྩེ་གྲ་དང་ཡག་ཤོས་ཀྱི་སྙན་ངག་བརྒྱ་རྩར་ཉེ་བ་ཞིག་བདམས་བསྒྱུར་བྱས་པ་ཞིག་ཡིན་ལ། ཁོང་གིས་སྙན་ངག་ནི་ཚེ་སྲོག་ཏུ་ལྟ་ལ་ཚེ་སྲོག་གི་དོན་དངོས་འབྲི་བ་དང་། ཚེ་སྲོག་གི་དོན་དངོས་མཚོན་པ། ཚེ་སྲོག་གཞོམ་པར་མཛད་པ་དང་།ཚེ་སྲོག་མཇུག་སྒྲིལ་བྱེད་ཀྱང་སྙན་ངག་ཏུ་ལྟའོ།།
ཉེ་ལམ་ཁོ་བོས༼ཧེ་ཙིའི་རང་རྣམ༽དང༼ཧེ་ཙིའི་གཏམ་རྒྱུད༽༼ཧེ་ཙིའི་སྙན་ངག༽༼འོད་ཀྱིས་བརྟོལ་བའི་མན་པ༽སོགས་ལ་གཞི་བཅོལ་ནས་ཁོང་གི་རང་རྣམ་བསྡུས་པ་ཞིག་ཀྱང་སྔོན་འགྲོའི་ཚབ་ཏུ་བཀོད་ཡོད།  གལ་ཏེ་ཁྱེད་ཀྱིས་ཧེ་ཙིའི་སྙན་ངག་དང་ཁོང་གི་མི་ཚེར་རྒྱུས་ལོན་ཕྲན་བུ་རེ་བྱ་འདོད་ཚེ་དྲྭ་དེབ་གསར་བ་འདི་ཉིད་བཀླགས་པས་འཐུས་སོ་སྙམ།

གཤམ་གྱི་བཤེར་རིས་བརྒྱུད་ནས་དྲྭ་དེབ་ལ་བླུ་ཡོན་སྟེར་རྗེས་ཐད་ཀར་ལྟ་ཀློག་བགྱི་ཆོག

ཁ་པར་དང་གློག་ཀླད་འཆར་ངོས་གང་ནས་བཀླག་ཀྱང་སྟབས་བདེ་ཞིང་།  ཕྱི་ནང་གི་ཇུས་འགོད་དང་སྒྲིག་སྦྱོར་གྱིས་ཡིད་དབང་འགུག་ནུས་པའི་ཁྱད་ཆོས་ལྡན།

རེབ་འདིར༼ཧེ་ཙིའི་སྙན་ངག་གཅེས་བཏུས༽བོད་འགྱུར་མ་དྲ་དེབ་ཏུ་བཟོས་ཤིང་། དྲ་ཐོག་ནས་ཧ་ཅང་སྟབས་བདེ་མོའི་ངང་ལྟ་ཀློག་བྱ་ཐུབ། ཁྱེད་ཀྱིས་དྲ་ཐག་དང་སྦྲེལ་ནས་ནང་འཇུག་བྱས་རྗེས་ཐ་ཀར་ལྟ་ཀློག་བྱ་ཆོག་པར་མ་ཟད། ཕན་ཚུན་ལ་རྒྱུད་སྐུར་དང་མཉམ་སྤྱོད་ཀྱང་བྱ་ཆོག་པས། འདི་ལ་དགའ་མོས་བྱེད་མཁན་བྱིངས་ཀྱིས་དོ་སྣང་ཡོད་པར་ཞུ་ཞུ།།
                              རྩོམ་སྒྲིག་པ། འཕགས་མི།