དཔེ་འཕྲིན། པདྨའི་ཚལ།

    འདན པདྨའི་ཚལ་རྩོམ་སྒྲིག་ཁང་།



ལོ་དེབ་པདྨའི་ཚལ་གྱི་དཔེ་འཕྲིན།
ངེད་ཁམས་སྟོད་འདན་མའི་ན་གཞོན་སྐོར་ཞིག་གིས་འགན་ཡོངས་སུ་བླངས་ནས་གཉེར་བའི་པདྨའི་ཚལཞེས་པའི་ལོ་དེབ་འདི་ནི་སྟོང་ལོ་བཅུ་དྲུག་ལོ་ནས་ཕུཊ་བསམ་དང་རྨི་ལམ་གང་མང་ཞིག་ཁུར་ཏེ་དཀའ་སྡུག་གི་འོག་ནས་འགག་འཕྲང་བརྒྱུད་དེ་ལམ་དུ་ཆས་པའི་བོད་ཁུལ་གྱི་ལོ་དེབ་ཅིག་ཡིན། ལོ་རེར་དེབ་རེ་སྤེལ་བཞིན་ཡོད་ལ།གཙོ་བོ་ཕ་ཡུལ་འདན་མའི་སྨྱུག་ཐོགས་པ་གསོ་སྐྱོང་ལ་དམིགས་ཏེ། བོད་ཕྱི་ནང་དུ་བཞུགས་པའི་སློབ་ཆེན་ཁག་གི་སློབ་གྲོགས་རྣམས་དང་གྲྭ་བཙུན་རྩོམ་འབྲི་བ་དག་གཙོས་པའི་སྤྱི་ཚོཊ་ནང་གི་རྩོམ་པ་པོ་ཚོའི་སྦྱོང་རྩོམ་འགོད་པ་དང་། གཞན་བོད་ཀྱི་རྩོམ་པ་པོ་མིང་ཅན་དག་གི་ལེཊ་རྩོམ་རེ་འགོད་ཀྱིན་ཡོད།


སྤྱིའི་འདོན་ཐེངས་བཞི་པའམ་ད་ལོའི་ལོ་དེབ་ཀྱང་ལེགས་འགྲུབ་འབྱུང་ལ་ཉེ་ཡོད་པས་སྟབས་དང་བསྟུན་དེ་རིང་དངོས་སུ་འགྲེམ་བརྡ་སྤེལ་གྱིན་ཡོད་པས། སྤྱི་ཚོཊ་ཀྱི་ཟུར་སོ་སོའི་དཔེ་འཚོང་ཁང་དང་ཀློག་པ་པོ་དག་གིས་རྒྱབ་སྐྱོར་དང་དོ་ཁུར་གནང་རྒྱུ། མ་ཟད་ལོ་དེབ་འདི་ལ་མོས་པ་ཡོད་མཁན་དག་གིས་ཐད་ཀར་ང་ཚོ་རྩོམ་སྒྲིག་པ་དག་ལ་འབྲེལ་བ་གནང་དང་ཉོ་འཚོང་བྱ་ཆོག་ལ་ཅི་ནུས་ཀྱིས་ཁྱེད་ཅག་གི་འདོད་མོས་ལྟར་ཞབས་ཞུ་བྱ་ངེས།



                                རྩོམ་སྒྲིག་པ། མྱི་གསར་བ།