དཔེ་འཕྲིན། སྣང་བའི་ཕོ་བྲང་།

    སྣང་བའི་ཕོ་བྲང་རྩོམ་སྒྲིག་ཁང་།


སྣང་བའི་ཕོ་བྲང་། དཔེ་འཕྲིན།

ཚང་མར་བཀྲ་ཤིས་བདེ་ལེགས།
   སྙན་ངག་གི་བླ་སྲོག་འབྱོར་ཕྱུག་གིས་དེད་པའི་དུས་བབ་འདི་འདྲ་ཞིག་ལ། ཆེད་དེབ་འདི་འདྲ་ཞིག་བསམ་བཞིན་དུ་འཇིག་རྟེན་འདིར་འཁྲུངས་པ་ནི་གཞོན་པའི་སྙིང་སྟོབས་ཀྱི་འོས་ལངས་ཐེངས་ཤིག་ཡིན།སྙན་ངག་པའི་དབུ་འཕང་རབ་ཏུ་དམའ་བའི་དུས་རབས་འདིར།ང་ཚོས་སྙན་ངག་ཏུ་རློམ་པའི་རྩོམ་ཡིག་འགའ་ཤས་ཤིག་བྲིས་པའང་རང་ཚོད་པའི་ངོ་རྒོལ་ཐེངས་ཤིག་ལ་བརྩིས་ཆོག གང་ལྟར།ང་ཚོ་ནི་ན་ཟུག་དང་ཆགས་སྡང་རྣམ་པར་གསལ་བའི་མི་རབས་ཤིག་ཡིན།   
 
     ང་ཚོའི༼
སྣང་བའི་ཕོ་བྲང༽ནི་བོད་འབངས་སྤྱི་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཡིན་ལ། དེ་ཙམ་ཞིག་ཀྱང་མིན་ཏེ།  འདི་ནི་ང་ཚོས་རང་རེའི་བླ་ན་མཐོ་བའི་སྣང་བ་དང་རླབས་ཆེ་བའི་རྩོམ་རིག་གི་ཕུགས་བསམ་ལའང་ཕུལ་བ་ཞིག་དང་།བདག་ཅག་གི་ཕ་སྐད་མ་ཡིག་ལ་མཆོད་ཅིང་བསྟོད་པའི་བློ་ཡི་རྣམ་དཔྱོད་དང་ཚིག་གི་སྒྱུ་འཕྲུལ་ཞིག་ཀྱང་ངོ་།།          

    ཐེངས་འདིར་མདོ་དབུས་ཁམས་གསུམ་ཞེས་འུ་ཐུག་པའི་ས་ཁོངས་ཀྱི་བཅད་པ་མེད་པར། བོད་ཀྱི་སློབ་ཆེན་ཁག་གི་སྨྱུག་ཐོགས་པ་ཚོ་མཉམ་དུ་མཉམ་དུ་འཛོམས་ནས།སྣང་བའི་ཕོ་བྲང་ཞེས་པའི་སྙན་ངག་ཕྱོགས་བསྡུས་ཀྱི་ཆེད་དེབ་ཅིག་དཔར་ཡོད་པས།བོད་ཀྱི་སློབ་ཆེན་ཁག་གི་སློབ་མ་ཚོ་གཙོ་བྱས་རྩོམ་རིག་གི་ལས་ལ་འཇུག་མཁན་ཚོས་དོ་སྣང་ཡོད་པར་རེ།
 
•དྲ་ལམ་ནས་སིལ་ཉོ་བྱེད་མཁན་ཚོས་བསྐུར་གླ་རང་གིས་སྟེར་དགོས།
•མི་འགྱངས་པར་བོད་ཀྱི་སློབ་ཆེན་ཁག་དང་ཁྱུང་མཆུ། མཛོད་དགེ། རྔ་བ་གསེར་རྟ་སོགས་བོད་ཀྱི་ས་ཁུལ་མང་པོ་ནས་ཉོ་ཐུབ།
•དེབ་ཚར་སུམ་བཅུའི་ཡན་སྡེབ་ཉོ་བྱེད་མཁན་ཚོར་བསྐུར་གླ་དང་རིན་གོང་བརྒྱ་ཆའི་བཅུ་ཕབ་ཆ་ཡོད།
 

མངགས་ཉོ་བྱ་ཡུལ། (སྐད་འཕྲིན)
དགེ་བ་དོན་ལྡན། 
DHONDEN9408
རྐང་ལོ།   LB23362008

                                    སྒྲིག་སྦྱོར་བ། མྱི་གསར་བ།