དཔེ་འཕྲིན། ཆུ་མིག

    ཆུ་མིག་རྩོམ་སྒྲིག་ཁང་ནས།


ཆུ་མིག་ལོ་དེབ།
སྤྱིའི་འདོན་ཐེངས་དང་པོ།

གངས་རིའི་ལྗོངས་ཀྱི་སྙིང་ཉེའིཆུ་མིགལོ་དེབ་ཀྱི་ཀློག་པ་པོ་ལྷན་རྒྱས་ཁམས་བཟང་།  གསར་དུ་འཁྲུངས་མ་ཐག་པའི་ཆུ་མིག་ལོ་དེབ་ནི་ཆེས་སྤྱི་གཏང་གི་གཞོན་པ་ཞིག་རང་ཉིད་སྤྲོ་བའི་ལམ་ལ་ཆས་པའི་ཐོག་མའི་སྟ་གོན་ཡིན་ལ་ཡང་ན་ས་གནས་སློབ་གསོ་ལ་ཕུལ་བའི་ཆེས་དྭངས་གཙང་གི་ལེགས་སྐྱེས་ཤིག་ཀྱང་ཅི་ལ་མིན། ལོ་དེབ་འདི་རུ་ལྷུག་རྩོམ་དང་། རང་མོས། ཚིག་བཅད། འབོལ་རྩོམ། བསྒྱུར་རྩོམ་བཅས་ཁྱོན་ས་བཅད་ལྔ་རུ་བགོས་ནས་ཕྱེ་ཡོད་ལ་དེ་ཡང་རང་ཚོད་ཀྱིས་སྤུས་དག་གྲལ་གཙང་རེ་ཡོང་ཐབས་འབད་པ་ལྷུར་ལེན་བྱས་ཡོད། འོན་ཏེ་འདི་དག་ཡོད་ཚད་སློབ་གསེང་གི་དུས་ཚོད་ཐུང་ངུ་རེ་བད་སྤྱད་དེ་ལས་པ་ཁོ་ན་ཡིན་པས་ལོ་དེབ་ཅིག་ལ་མཚོན་མ་འདང་ས་དང་མ་རིག་པའི་ཆ་ཅི་རིགས་ཡོད་སྲིད་པས་གྲོགས་པོ་རྣམ་པས་འོག་གི་འབྲེལ་ལམ་རྒྱུད་དེ་བསམ་འཆར་ལྷུག་བརྗོད་ཡོང་རྒྱུའི་རེ་བ་ཆེ། 
གལ་ཏེ་ཆུ་མིག་ལོ་དེབ་ནི་རྡུལ་གྱིས་མ་འགོས་པའི་དྭངས་གཙང་གི་བསིལ་ཆབ་ཅིག་ཡིན་པའི་དབང་དུ་བཏང་ན། འདི་ཆུ་མིག་ནས་ཆུ་ཕྲན་དང་། ཆུ་ཕྲན་ནས་གཙང་པོར་འདྲེས་ཏེ་མཐར་ཧི་མ་ལ་ཡི་རི་བོ་བརྒལ་འདོད་ཡོད་པས་དེ་ཡང་ཁྱེད་ཀློག་པ་པོ་དང་ཡིག་འབྲི་བའི་སྡེ་ཡིས་རྒྱབ་སྐྱོར་ཅིས་ཀྱང་མཁོ་ཨང་། མ་འོངས་པའི་ཆུ་མིག་ལོ་དེབ་ཀྱི་ཁ་ཕྱོགས་དང་རྩོམ་ཡིག་བསྡུ་བའི་འཆར་བཀོད་ཀྱང་ཀློག་པ་པོའི་བསམ་འཆར་དང་བསྟུན་ནས་འགྱུར་བ་གཏོང་རྒྱུ་ལས་གོང་གི་ས་བཅད་དེ་ལས་བརྒལ་མི་ཆོག་པ་ཞིག་ཡེ་ནས་མིན།
མདོར་ན་སྒེར་གཉེར་ལོ་དེབ་ཅིག་ལམ་ལ་ཆས་པ་ན་དེའི་ཁ་ཕྱོགས་ས་སྤྱི་ཚོགས་ཡིན་དགོས་པའི་རྩ་དོན་གཞིར་བྱས་ནས་ང་ཚོས་ཀྱང་གོང་གི་ས་བཅད་ལ་འགྱུར་བ་གཏོང་ཅི་ཐུབ་བྱེད་ནས་འགྲོ་འཆར་ཡོད།
 
འཇུག་མཐར་ལོ་དེབ་འདི་ལ་འབྱོར་བའི་རྒྱབ་སྐྱོར་དང་བསམ་པའི་རྒྱབ་སྐྱོར་གནང་མཁན་གྱི་ཕ་ཡུལ་གྱི་བླ་སྤྲུལ་རྣམ་པ་དང་། གཞན་དགེ་རྒན་དང་སློབ་གྲོགས་དགའ་ཕྱོགས་གཅིག་པའི་རྩོམ་གྲོགས་ཡོངས་ལ་བཀའ་དྲིན་ཞུ་འོས། ཐེངས་འདིའི་ཁོང་ཅག་གི་རྒྱབ་སྐྱོར་དང་རོགས་རམ་མེད་ན་དེ་རིང་གི་ཆུ་མིག་ལོ་དེབ་མི་ཡུལ་འདིར་ཡོད་མི་སྲིད་ལ་དེ་བས་ཀྱང་ཕ་ཡུལ་གྱི་གཞོན་པ་ཕོ་མོའི་དགོད་སྒྲ་ཡོད་མི་སྲིད། 
སྤྱི་ཟླ་བདུན་པའི་ཚེས་གཅིག་ནས་བཟུང་ཆུ་མིག་ལོ་དེབ་དངོས་སུ་བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ལྗོངས་གཅིག་དང་ཞིང་བཞིའི་དཔེ་ཁང་སོ་སོ་དང་དགོན་སྡེ་དང་སློབ་གྲྭ་ཁག་ལ་དགྲམ་རྒྱུ་ཡིན་པས་དཔེ་ཁང་སོ་སོ་དང་ཀློག་པ་པོ་ཀུན་གྱིས་མངགས་ཉོ་བྱེད་པར་འཚལ།
 

འབྲེལ་གཏུགས་བྱ་ཡུལ།         
ཆུ་ཐིགས།   176-0072-3003
ཕུན་ཚོགས།  155-0060-6335

                                 
སྒྲིག་སྦྱོར་བ། མྱི་གསར་བ།