སེམས།

    ཡིག་སྒྱུར་བ། མིག་གསུམ་པ།


རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས། ཅིན་ཙི་མེ་ལིན། (1903_1930)ཉི་ཧོང་གི་ཧྲན་ཁོའུ་རྫོང་དུ་སྐྱེས་པ་དང་། ལོ་གསུམ་གྱི་སྐབས་སུ་ཕ་ཚེ་ལས་འདས། ལོ་ཉེར་གསུམ་གྱི་སྐབས་སུ་གཉེན་སྒྲིག་བྱས་རྗེས་གཉེན་སྒྲིག་གི་མནར་གཅོད་མྱོང་བ་དང་། ཁྱོ་ག་དང་བུ་མོ་གསོ་སྐྱོང་གི་དབང་ཆ་འཕྲོག་རྩོད་ཕམ་རྗེས། ལོ་ཉེར་བདུན་གྱི་སྐབས་ལ་གཉིད་སྨན་འཐུང་ནས་རང་སྲོག་བཅད། 1984ལོར་《ཅིན་ཙི་མེ་ལིན་གྱི་བྱིས་པའི་གླུ་དབྱངས་ཕྱོགས་བསྒྲིགས་》པར་སྐྲུན་བྱས་རྗེས་ཉི་ཧོང་གི་རྩོམ་རིག་གླིང་ལ་སྐད་གྲགས་ཆོད། ཁོང་གི་སྙན་ངག་མང་པོ་ཞིག་ཉི་ཧོང་གི་སློབ་ཆུང་སྐད་ཡིག་སློབ་དེབ་ནང་བདམས་ནས་ཉི་ཧོང་གི་སློབ་མས་སློབ་སྦྱོང་དང་རྒྱུས་ལོན་བྱེད་སའི་བརྩམས་ཆོས་གསུང་རབ་ཞིག་ཏུ་གྱུར་ཡོད། 
སེམས།
        རྩོམ་པ་པོ། ཅིན་ཙི་མེ་ལིན། 金子美玲 ཉི་ཧོང་།
            རྒྱ་ཡིག་ལས་མིག་གསུམ་པས་བསྒྱུར། 

ཨ་མ་ནི་སྔ་ནས་ཆེན་པོར་ཆགས་ཟིན།
ང་ལས་ཀྱང་གཟུགས་པོ་མཐོ་ཞིང་རིང་།
ཡིན་ན་ཡང་།
ཁོ་མོའི་སེམས་ནི་ཤིན་ཏུ་ཆུང་ཆུང་རེད།
རྒྱུ་མཚན་ཨ་མས་ང་ལ།
སེམས་ནང་ཆུང་ཆུང་གི་ང་ཁོ་ན་མ་གཏོགས་མེད་པས་ཡིན་ཟེར།
ང་ད་དུང་ཆེན་པོར་ཆགས་མེད།
གཟུགས་པོ་ཡང་ཆུང་ཆུང་ཡིན།
ཡིན་ན་ཡང་།
ངའི་སེམས་ནི་ཧ་ཀྱང་ཆེ།
རྒྱུ་མཚན་ངའི་སེམས་ནང་དུ།
ཨ་མ་ཁོ་ནས་གང་མེད།
ད་དུང་དོན་དག་གཞན་ལ་བསམ་གཞིགས་བྱེད་པའི་བར་སྟོང་ཡོད།




妈妈早就长大了,
个子很高。
可是妈妈的心,
好小。
因为妈妈说,
满心都是,
小小的我。
 
我是个小孩,
个子也很小。
但是小小的我,
心很大。
因为我的心,
没有被妈妈满。
还有琢磨其他事的空间


ཟིལ་ཐིགས།
སུ་གཅིག་ལ་མ་བཤད། ཆོག་གམ།
ཞོགས་པའི་སྒོ་རའི་ཟུར་དུ།
མེ་ཏོག་གིས་ལྐོག་ནས་མིག་ཆུ་གཏོང་བའི་དོན་དེ།
གལ་སྲིད་དོན་འདི་ཕྱི་ལ་ཁྱབ་ནས།
སྦྲང་མའི་རྣ་བའི་ནང་དུ་གོ་ན།
ཁོས་བསམ་ངན་གྱི་བྱ་བ་བསྒྲུབས་ཡོད་པ་ནང་བཞིན།
ཚུར་འཕུར་ནས།
སྦྲང་རྩི་ཕྱིར་སྤྲོད་ངེས།


露珠
 
谁都不要告诉
好吗?
清晨
庭院的角落里,
花儿
悄悄掉眼泪的事。
万一这事
说出去了,
传到
蜜蜂的耳朵里,
它会像
做了亏心事一样,
飞回去
还蜂蜜的。


ང་དང་བྱེའུ་ཆུང་ད་དུང་དྲིལ་བུ།

ངས་དཔུང་པ་གཉིས་བསྲིངས་ན་ཡང་།
མཁའ་དབྱིིངས་སུ་འཕུར་མི་ཐུབ།
འཕུར་ཤེས་པའི་བྱེའུ་ཆུང་ང་དང་འདྲ་བ།
ས་སྟེང་དུ་མགྱོགས་མྱུར་ངང་རྒྱུག་མི་ཐུབ།
ངས་ལུས་པོ་གཡོ་འགུལ་བྱས་ན་ཡང་།
སྒྲ་སྙན་པོ་ཞིག་དཀྲོལ་མི་ཐུབ།
སྒྲ་གྲགས་པའི་དྲིལ་བུ་དེ་ང་དང་མི་འདྲ་བ།
གླུ་དབྱངས་སྙན་མོ་མང་པོ་ཞིག་ལེན་ཤེས།
དྲིལ་བུ་དང་བྱེའུ་ཆུང་། ད་དུང་ང་།
ང་ཚོ་མི་འདྲ་ན་ཡང་། ང་ཚོ་ཚང་མ་ངར་བ་ཡིན།


我和小鸟和铃铛

我伸展双臂,
也不能在天空飞翔,
会飞的小鸟却不能像我,
在地上快快地奔跑。
 
我摇晃身体,
也摇不出好听的声响,
会响的铃铛却不能像我,
会唱好多好多的歌。
 
铃铛、小鸟,还有我,
我们不一样,
我们都很棒。


འོད་གསལ་གྱི་གནས་སུ་ཁ་ཕྱོགས།

འོད་གསལ་གྱི་གནས་སུ་ཁ་ཕྱོགས།
འོད་གསལ་གྱི་གནས་སུ་ཁ་ཕྱོགས།
འདབ་ལོ་གཅིག་མ་གཏོགས་མེད་ན་ཡང་།
ཉི་ཟེར་ཕོག་པའི་གནས་ལ་ཁ་ཕྱོགས་དགོས།
སྡོང་ཕྲན་ནང་གི་རྩྭ་ཆུང་ཆུང་དེ།
འོད་གསལ་གྱི་གནས་སུ་ཁ་ཕྱོགས།
འོད་གསལ་གྱི་གནས་སུ་ཁ་ཕྱོགས།
གཤོག་སྒྲོ་ཚིག་པ་གྱུར་ན་ཡང་།
སྒྲོན་འོད་འཚེར་བའི་ཕྱོགས་སུ་འཕུར་དགོས།
མཚན་མོར་འཕུར་ཞིང་བྲོ་ལ་རྩེན་པའི་འབུ་ཆུང་དེ།
འོད་གསལ་གྱི་གནས་སུ་ཁ་ཕྱོགས།
འོད་གསལ་གྱི་གནས་སུ་ཁ་ཕྱོགས།
རྒྱ་ཁྱོན་ཆུང་ཆུང་ཞིག་མ་གཏོགས་མེད་ན་ཡང་།
ཉི་འོད་འཕྲོ་བའི་གནས་ལ་ཁ་ཕྱོགས་དགོས།
གྲོང་ཁྱེེར་དུ་འཚོ་ཞིང་སྡོད་པའི་བྱིས་པ་དེ་ཚོ།

༢༠༢༥ ༢ ༢༨ཉིན།


向着明亮那方

向着明亮那方,
向着明亮那方。
哪怕一片叶子,
也要向着阳光洒下的方向。
那灌木丛中的小草啊。
 
向着明亮那方,
向着明亮那方。
哪怕烧灼了翅膀,
也要飞向灯火闪烁的方向。
那夜里的飞舞的小虫啊。
 
向着明亮那方,
向着明亮那方。
哪怕只是分寸的宽敞,
也要向着太阳照射的方向。
那住在都市里的孩子们啊。

 

                  རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

Signature is customized by Netease