ཁེར་རྐྱང་ནི་བགྲེས་རྒུད་ཀྱིས་ནོན་པའི་གཅན་གཟན་ཞིག

    ཡིག་སྒྱུར་བ། བུ་ཡུག


ཁེར་རྐྱང་ནི་བགྲེས་རྒུད་ཀྱིས་ནོན་པའི་གཅན་གཟན་ཞིག

 
             
ཡང་མོས་ཀྱིས་བརྩམས། བུ་ཡུག་གིས་བསྒྱུར།  

ཁེར་རྐྱང་ནི་བགྲེས་རྒུད་ཀྱིས་ནོན་པའི་གཅན་གཟན་ཞིག
བདག་སེམས་ཀྱི་རྡོ་ཕུང་ཧྲག་ཧྲུག་ཁྲོད་གབ་ཡོད།
རྒྱབ་ངོས་སུ་འགྱུར་སླ་བའི་བཀྲ་རིས་ཡོད།
དེ་ཉིད། ཁོ་ཚོའི་རུ་དཔུང་གི་སྲུང་བྱེད་ཁ་དོག་ཡིན།
 
ཁོའི་མིག་མདངས་ལ་སྐྱེ་སྟོབས་ཀྱིས་བྲལ།
ནམ་རྒྱུན་ཐག་ཇེ་རིང་ཡིན་པའི་སྤྲིན་འཁྱུད་ལ་ཧུ་རེར་ལྟ།
ནམ་རྒྱུན་མཁའ་མཐའི་གྲམ་འཁུམ་དང་བཞུར་སྡོད་ལ་རེ་ལྟོས་བྱེད།
མགོ་བོ་སྨད་དེ་མནོ་བསམ་བྱེད།
 
ཁོའི་བོར་ཟིན་པའི་ཟིལ་ཤུགས་ལ
ཁོའི་རྒྱ་ཡན་དུ་བཏང་བའི་བརྩེ་གདུང་ལ
རླུང་དང་ཆར་བས་ལྕགས་ཀྱིས་ཅི་དགར་གཞུས
 
ཁེར་རྐྱང་ནི་བགྲེས་རྒུད་ཀྱིས་ནོན་པའི་གཅན་གཟན་ཞིག
བདག་སེམས་ཀྱི་རྡོ་ཕུང་ཧྲག་ཧྲུག་ཁྲོད་གབ་ཡོད།
འབྲུག་སྒྲ་གྲག་པའི་སྐབས་ཏག་ཏག་ཏུ།
ཁོ་རང་དལ་བ་དལ་བུར་བདག་ཕྱོགས་སུ་བཅར།
 
སྟོབས་ཤུགས་ཡོད་དགུས་བདག་གི་སོམ་ཉིའི་ཆང་ཕོར་གྱི་ཁ་རུ་འཚང
ཞེན་ཆགས་ཀྱི་མིག་མདངས་གཉོམ་པོས
སྐྱོ་སྣང་དང་བཅས་ས་སྲོད་ཀྱི་འཐུང་མཁན་ཞིག་ལ་ལྟ
སྐབས་འདིར།  ཁོ་རང་འགྱོད་པ་སྐྱེ་བཞིན་ཡོད
 
རང་ཉིད་ལ་རྒྱུས་མངའ་ཡོད་པའི་འཇིག་རྟེན་ནས་ཕྲལ་དུ་བྱོལ་ཏེ
ཆང་འཁྱག་འདིའི་ནང་དུ་ལྕེབས་འོང་བར
ཁོ་རང་འགྱོད་པ་སྐྱེ་བཞིན་ཡོད
 
བདག་གིས་ཆང་ཕོར་བཏེགས་ཏེ་རྔུབ་ཐེངས་གཅིག་གིས་བཏུང་།
བྱམས་བརྩེ་ཡིས་ཀུན་ནས་བསླངས་ཤིང་ཁོ་རང་ཕྱིར་ཁོག་ནང་དུ་བསྐྱལ།


孤独是一匹衰老的兽

           作者:杨牧
孤独是一匹衰老的兽
潜伏在我乱石磊磊的心里
背上有一种善变的花纹
那是,我知道,他族类的保护色
他的眼神萧索,经常凝视
遥遥的行云,向往
天上的舒卷和飘流
低头沉思,让风雨随意鞭打
他委弃的暴猛
他风化的爱

孤独是一匹衰老的兽
潜伏在我乱石磊磊的心里
雷鸣刹那,他缓缓挪动
费力地走进我斟酌的酒杯
且用他恋慕的眸子
忧戚地瞪着一黄昏的饮者
这时,我知道,他正懊悔着
不该冒然离开他熟悉的世界
进入这冷酒之中,我举杯就唇
慈祥地把他送回心里

               རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

Signature is customized by Netease