ལུའུ་ཧྲན་རི་བོའི་རྦབ་ཆུར་གཟིགས་པ།

    ཡིག་སྒྱུར་བ། གེ་མོ་བཀྲ་ཤིས་དཔལ་ལྡན།


ལུའུ་ཧྲན་རི་བོའི་རྦབ་ཆུར་གཟིགས་པ།   

 
         ལི་པའེ་ཡིས་བརྩམས།
                  གེ་མོ་བཀྲ་ཤིས་དཔལ་ལྡན་གྱིས་བསྒྱུར།   

ཉི་འོད་འཕྲོད་པའི་ཞང་ལུའུ་རི་བོ་སྨུག་ལོང་འཁྲིགས།།
རྒྱང་ནས་མཐོང་བའི་རྦབ་ཆུ་བྲག་གཟར་མདུན་དུ་འཕྱང་།།
རྒྱུན་ཆད་མེད་པར་ལྷུང་ལྷུང་ཐུར་དུ་བཞུར་བའི་ཉམས།།
མཁའ་ཡི་དགུ་ཚིགས་ས་རུ་ལྷུང་བ་ཉིད་དང་མཚུངས།།

       望庐山瀑布
                       李白
日照香炉生紫烟,遥看瀑布挂前川。
飞流直下三千尺,疑是银河落九天。
 
ཐེན་མོན་རི་བོར་གཟིགས་པ།
 
འབྲི་ཆུ་སྔོན་མོས་ཐེན་མོན་རི་བོ་དུམ་བུར་བཤགས།།
མཚམས་འདིར་ཤར་འབབ་གཙང་པོའི་རླབས་ཕྲེང་རབ་ཏུ་རྒོད།།
འགྲམ་གཉིས་ས་འཛིན་ཟུང་ནི་ལྗང་ལོ་རྣམ་པར་བཀྲ།
ཉི་གཞོན་འཆར་སའི་ཆུ་ངོགས་དེ་ནས་གྲུ་ཆུང་བསྐྱོད།།
 
            望天门山
                      李白
天门中断楚江开,碧水东流至此回。
两岸青山相对出,孤帆一片日边来。
 
རི་དགོན་དུ་ཞག་སྡོད་བྱས་པ།
        
ཁང་བརྩེགས་དཔངས་དེ་མཐོ་དྲག་པས།།
སྦར་མོས་སྐར་མ་འཛིན་ནུས་ལ།།
སྐད་གསང་མཐོན་པོར་འབོད་མི་སྤོབས།།
ནམ་མཁའི་ལྷ་ཚོགས་སྔངས་བར་དོགས།།
 
        夜宿山寺
                  李白
危楼高百尺,手可摘星辰。
不敢高声语,恐惊天上人。


མཚན་མོའི་དྲན་པ།

ཉལ་ཁྲི་སྟེང་དུ་འཕྲོད་པའི་དཀར་གསལ་ཟླ་འོད།།
ས་ལ་འཆགས་པའི་བ་མོ་ཉིད་དང་འཁྲུལ་སོང་།།
མགོ་བོ་དགྱེ་ནས་བསིལ་ཟེར་ཅན་ལ་བལྟས་ཚེ།།
ཕ་ཡུལ་དྲན་པས་མགོ་བོ་ཐུར་དུ་དུད་སོང་།།

 
        静夜思
                 李白
床前明月光,疑是地上霜。
举头望明月,低头思故乡。

              རྩོམ་སྒྲིག་པ། མྱི་གསར་བ།


          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease