༢༠༢༠ ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་Louise Glückལྷུག་རྩོམ།

     ཡིག་སྒྱུར་བ། ཐོ་རེངས།


露易丝·格丽克于1968年出版处女诗集《长女》,至今著有十二本诗集和一本随笔集,曾获得包括普利策奖、华莱士·斯蒂文斯奖以及美国桂冠诗人等诸多奖项。

露易丝·格丽克的诗歌历程反应了从个体心理到追寻生命本质问题的转变,其后期作品中擅长以人与神的转换与分析来剖析存在性问题,譬如爱情、死亡、生命等。10月8日,瑞典文学院公布了2020年诺贝尔文学奖,

                             Louise Glück美国
                               ཐོ་རེངས་ཀྱིས་བསྒྱུར།


ཟླ་འོད་ཁྲོད་ཀྱི་བརྩེ་བ། 
 
         སྐབས་འགར་སྐྱེས་པ་ཞིག་གམ་བུད་མེད་ཞིག་གིས་རང་ཉིད་ཀྱི་རེ་ཆད་དེ་གཞན་ཞིག་ལ་བཙན་འགེལ་བྱེད་ངེས།  འདིའི་མིང་ལ་ནང་སེམས་དམར་རྗེན་དུ་བཏོན་པའམ་རྣམ་ཤེས་དམར་རྗེན་དུ་བཏོན་པ་ཟེར ། དོན་ལ་གནས་སྐབས་སུ་ཁོ་ཚོར་ཕྱི་ཡུལ་གྱི་རྣམ་ཤེས་དབང་སོང་བ་རེད།  དབྱར་ཁའི་མཚན་མོར། ཆ་ཚང་བའི་འཇིག་རྟེན་ཞིག་ཟླ་བའི་སྟེང་དུ་བསྐྱུར་ཞིང་། དངུལ་མདོག་གི་སྐྱ་དབྱིབས་ནི་བཟོ་བསྐྲུན་དང་ལྗོན་པ། ཡང་ན་སྤྱི་གླིང་དོག་པོའི་ནང་དུ་སྦས་པའི་བྱི་ལ་ཞིག་ཡིན་ཤས་ཆེ།  ས་རྡུལ་གྱི་ནང་དུ་འགྲེ་ལོག་རྒྱག་ཅིང་། རྒྱ་སེ་མེ་ཏོག་དང་། མེ་ཏོག་ལུག་མིག   ད་དུང་མུན་པའི་ཁྲོད་དུ།  གསེར་མདོག་གི་རྒྱལ་ཚོགས་ཐོག་ཁང་ཉིད་ཟླ་བའི་འོད་ཟེར་ལས་གསེར་བཙོ་མ་ཞིག་ཏུ་འགྱུར་ཏེ། དབྱིབས་ལ་ཞིབ་ཆ་མེད་ཅིང་། ལྷ་སྒྲུང་དང་གདོད་མའི་རྣམ་པ་ལྟར། རྣམ་ཤེས་ཉིད་མེ་ཡིས་ཁེངས་པར་གྱུར། དེ་ནི་དོན་དངོས་སུ་ཟླ་འོད་ཡིན་ལ། སྐྱེ་ཁུངས་གཞན་ཞིག་ནས་མཆེད་པ་རེད།   དུས་ཡུན་ཐུང་བའི་ཟླ་འོད་ནང་བཞིན་འོད་དུ་འཚེར།  རྡོ་བ་ཡིན་མིན་ཅི་ཆ།  གང་ལྟར་ཟླ་བ་ནི་ཚེ་སྲོག་གི་དངོས་པོ་ཞིག་ཏུ་བརྩི་ཆོག


 ཞོགས་པའི་གསོལ་འདེབས།

      ཁྱོད་ཀྱིས་ངའི་ཇི་ལྟར་དུས་ཚོད་འཁྱོལ་ཐབས་བྱེད་ཀྱི་ཡོད་པ་ཤེས་སམ།  ཁང་པའི་མདུན་གྱི་སྤང་ལྗོངས་བརྒྱུད་དེ་ངས་རྩྭ་ལྡུམ་འབལ་ཁུལ་བྱེད་ཀྱིན་ཡོད།  ཁྱོད་ཀྱིས་ངས་རྩྭ་ལྡུམ་འབལ་གྱིན་མེད་པ་ཕལ་ཆེར་མཁྱེན་ཡོད་ངེས། ང་པུས་ཚིགས་སུ་བསྡད་དེ།  མེ་ཏོག་ར་བ་ནས་རྩྭ་འདབ་གསུམ་མ་འགའ་རེ་འཐེན་བཞིན་ཡོད། དོན་དངོས་སུ་ངས་སྤོབས་པ་འཚོལ་བཞིན་ཡོད་ལ་ངས་འབྱུང་འགྱུར་གྱི་འཚོ་བར་མཁོ་བའི་དཔང་རྟགས་ཤིག་འཚོལ་བཞིན་ཡོད། ཡིན་ཡང་དུས་ལ་འཕྲོ་བརླག་མེད་པར་ཚོམ་བུ་རེ་རེར་ཞིབ་བཤེར་བྱེད་ཀྱིན་མཚོན་དོན་གྱི་ལོ་མ་དེ་བཙལ་ནས་དབྱར་ཁ་མྱུར་དུ་མཇུག་རྫོགས་ལ་ཉེ་ཞིང་། རྩྭི་ཤིང་རྒུད་ཅིང་ཉམ།  རྟག་ཏུ་ཐོག་མར་ནད་ཕོག་པའི་ལྗོན་པ་དེ་དག་ནས་མགོ་ཚུགས་ཏེ་འཆི་ལ་ཉེ་བ་དག་འོད་སྟོང་འཕྲོ་བའི་གསེར་མདོག་ཏུ་གྱུར་ཞིང།  མདོག་ནག་པོའི་བྱ་དེ་དག་གིས་མཚན་འགྲུལ་གྱི་རོལ་དབྱངས་འཁྲབ་སྟོན་བྱེད་བཞིན་ཡོད།  ཁྱོད་ཀྱིས་ངའི་ལག་པར་བལྟ་འདོད་དམ།  སྐབས་འདིའི་སྟོང་བ་ཉིད་ནི་སྒྲ་གདངས་ཤིག་གི་སྣེ་མོར་མཆིས་ཤིང་།  ཡང་ན་རྟག་པར་རྒྱུན་བསྲིངས་འདོད་ཀྱང་རྟགས་མཚན་མེད་པ་ཞིག་རེད་དམ།

རྩྭ་འདབ་གསུམ་མ།  

         ཁྱོད་ཉིད་ང་ཚོའི་དབར་དུ་གཏོར་བའི་ཚེ་ན་ཅི་ཞིག་ལ་བདེ་སྐྱིད་ཀྱི་མཚོན་རྟགས་སུ་གྱུར་བ་ཡིན་ནམ།   དེ་ནི་མ་གཞི་རྩྭ་རྐང་གཅིག་ཡིན་མོད།   ང་ཚོ་དང་འདྲ་བར་འབྱུང་འགྱུར་རྩ་བ་ནས་དབྱུང་ངེས་པའི་དངོས་པོ་ཞིག  གཏན་ཚིགས་གང་ཞིག་གིས་ཁྱོད་ཀྱིས་འདོད་པའི་དངོས་ཟོག་གང་རུང་ཤི་བའམ་མེད་བརླག་ཏུ་བཏང་ཚེ་དེའི་ཐུན་མིན་གྱི་བ་སྤུ་ཉག་གཅིག་ཀྱང་ཉར་ཚགས་བྱེད་འདོད་དམ།   གལ་ཏེ་ང་ཚོའི་དབར་དུ་སྟོབས་ཤུགས་ཆེན་པོ་འདི་འདྲ་མངོན་ཡོད་ན། དེས་སྐྱེ་འཕེལ་མི་བྱ་བར། གཅེས་སུ་འོས་པའི་མེ་ཏོག་ལྡུམ་ར་འདི་ཉིད་ཕུན་སུམ་ཚོགས་པར་བསྐྲུན་དགོས་པ་མ་རེད་དམ།  ཁྱོད་ཀྱིས་རང་ཉིད་ལ་ཐོག་མཐའ་བར་གསུམ་དུ་གནད་དོན་འདི་དག་འདྲི་དགོས་པ་རེད། འོན་ཀྱང་དེ་དག་ཁྱོད་ཀྱི་གནོད་འཚེ་མྱོང་མཁན་ལ་བསྐྱུར་བ་མ་ཡིན། ཁྱོད་ཀྱིས་ངེས་པར་དུ་མཁྱེན་དགོས།   ཁྱོད་ཀྱིས་ང་ཚོའི་དཀྱིལ་དུ་མགོ་འཕང་བཏེགས་ནས་གོམ་ཞེང་ཆེན་པོས་བགྲོད་དུས།  ངས་སྐད་སྒྲ་གཉིས་ཀྱིས་ལབ་གླེང་བྱེད་ཀྱིན་པ་ཐོས་སོང་། གཅིག་ནི་ཁྱེད་ཀྱི་སྙིང་སྟོབས་དང་། གཅིག་ནི་ཁྱེད་ཀྱི་ལག་ཟུང་གི་འགུལ་སྟངས་རེད།  

 མཚན་གྱི་གསོལ་འདེབས།   

    ངས་ཁྱོད་ཀྱིས་སྔོན་ཆད་འཆར་གཞི་ཅི་ཞིག་བཀོད་ཡོད་པ་དང་བྱ་བ་གང་ཞིག་བྱེད་རྩིས་ཡོད་པ་རྟོགས་ཡོད། ང་རང་འཇིག་རྟེན་འདི་ལ་དགའ་བར་སློབ་སྟོན་གནང་ཡང་རྩ་བ་ནས་དང་ལེན་བྱེད་ཀྱིན་མེད། ཡང་བསྐྱར་འདི་ཉིད་ཕྱི་རོལ་དུ་བཀཀ་སྟེ་འགྱུར་བ་མེད་པར་བཟོས་ཤིང་། ད་ལྟའི་བར་དུ་ག་ས་གང་དུ་མཆིས། ང་ཡིས་མིག་ཟུང་བཙུམ་དུས།  བྱ་སྐད་དང་དཔྱིད་འགོའི་ལི་ཤིའི་དྲི་བསུང་། རྒྱ་སེ་མེ་ཏོག་གི་དྲི་ཞིམ་འཐུལ་བ་ཚོར་ནའང་།  ཁྱེད་ཀྱིས་དེ་དག་ཁྱེར་ནས་འགྲོ་རྩིས་ཡོད། མེ་ཏོག་རེ་རེའམ། ས་གཞི་དང་འབྲེལ་བ་ཡོད་ཚད།   ཁྱོད་ཀྱིས་ང་ལ་གནོད་འཚེ་གཏོང་དོན་ཅི་ཡིན། ཅིའི་ཕྱིར་ཁྱོད་ཀྱིས་ང་རང་འཇིག་ལ་ཉེ་བའི་སྐབས་སུ་ཁེར་རྐྱང་དུ་སྡོད་དུ་འཇུག་འདོད་པ་རེད། ཁྱོད་ཀྱིས་མ་གཞི་ནས་ང་ལ་འདི་འདྲའི་རེ་བ་ཆེན་པོ་བཟུང་ཡོད་པར་བཏང་ཡང་།  བདག་གིས་འདི་ལྟ་བུའི་མཇུག་འབྲས་མཐོང་འདོད་མེད་པར་གཏན་མེད་བཟོ་འདོད།  མཇུག་མཐར་ང་ལ་ཅི་ཡང་བཞག་མེད་ཀྱང་།   ཁྱེད་ཉིད་ང་ལ་བསྐྱུར་སྲིད་པའི་ཡིད་ཆེས་ཀྱི་སྨོན་འདུན་ཤིན་ཏུ་ཡངས།  མཚན་གྱི་གསོལ་འདེབས།   ཡེ་ཤུས་སླར་ཡང་ང་ཡི་ཚེ་སྲོག་གི་བརྩེ་བར་བྱམས་ཀྱིས་བསྐྱངས། ཁྱོད་ཉིད་བོར་ཟིན་ཡང་། ང་རང་ཡང་བསྐྱར་གཞོན་པར་གྱུར།  འདས་པའི་ལོ་ཤས་རིང་།  མཁའ་དབུགས་ཀྱི་ནང་དུ་གཞོན་ནུ་མ་ལྟ་བུའི་རོལ་དབྱངས་ཀྱིས་ཁེངས་ཤིང་། མདུན་གྱི་སྒོ་རའི་ནང་དུ་ཀུ་ཤུའི་སྡོང་བོར་མེ་ཏོག་སྣ་ཚོགས་བཞད། ངས་ཁྱོད་རང་ཕྱིར་ཕེབས་པར་རྒྱལ་ཁའི་ཚོད་བགམ་ཞིག་བྱ་རྩིས་ཡོད། འདི་ནི་རྩོམ་འབྲིའི་སྲོག་ཤིང་ཡིན། འོན་ཀྱང་ཁྱེད་རང་བརྟན་དུ་བཞུད་ཟིན། ཨུ་རུ་སུའི་བརྩམས་སྒྲུང་ཁྲོད་ཀྱི་བདག་བློས་འཛིན་དཀའ་བའི་མིང་ཚིག་ཁ་ཤས་ནང་བཞིན།   -------འཇིག་རྟེན་འདི་འདྲའི་ཡིད་སྤྲོ་ཞིང་ལྟ་ན་སྡུག་པ་ཞིག་རེད་ཨང་།  འོན་ཀྱང་དེ་དག་ང་ལ་མི་དབང་——ངས་བལྟས་ན་མེ་ཏོག་རྙིད་པའམ་ཁ་དོག་བརྗེས་པ་ཙམ་མ་ཡིན་པར་ཉམས་རྒུད་ནས་ཉམས་རྒུད་དུ་གྱུར་བ་རེད།   སྐྱ་ཐིང་ཐིང་།  མེ་ཏོག་གི་འདབ་མ་ནི་དཀར་ཆ་དོད་པའི་རྩྭ་ཐང་དུ་འཕྱོ།  ཁྱོད་ནི་སྔོན་ཆད་ནི་ཅི་འདྲའི་མི་འགངས་ཆེན་ཞིག་རེད་ཨང་། དེ་ནི་དེ་ལྟར་མགྱོགས་མྱུར་ངང་པར་རིས་གཅིག་ཏུ་གྲུབ་ཅིང་།     དྲི་ཞིམ་ཞིག་ནང་བཞིན་ཁྱོད་རང་གང་སར་ཁྱབ་འདུག     ཁྱོད་ནི་ཤེས་རབ་དང་སྡུག་བསྔལ་གྱི་འབྱུང་ཁུངས་ཡིན་ལགས།

 ལོ་ལེགས།  

    ཁྱོད་ཀྱི་འདས་དོན་ཡིད་ལ་དྲན་དུས་ང་རང་སྐྱོ་བར་འགྱུར།  ཁྱོད་ལ་ལྟོས་དང་།  མུན་འཐོམ་གྱིས་གཞན་ལ་བརྟེན་དུས་ས་གཞི་ནི་ལྷ་ཡུལ་གྱི་རྒུན་འབྲུམ་ལྡུམ་ར་ཞིག་དང་གཉིས་སུ་མ་མཆིས་ལ། འབྲོག་སྟོང་ཉིད་ཁྱོད་ཀྱི་ཕྱོགས་བཞིའི་མེ་རླབས་ཁྲོད་མཐོ་རུ་འཕགས་འོང་།  ཨ།  དངོས་པོ་ཆུང་ཆུང་།  ཁྱོད་ཚོ་ནི་ཅི་འདྲའི་གླེན་རྟགས་ཚ་བ་ལ།  དེ་ནི་ལེགས་སྐྱེས་ཡིན་ལ་མནར་གཅོད་ཀྱང་ཡིན།   གལ་ཏེ་ཁྱོད་ཀྱིས་འཇིགས་སྐྲག་དང་འཆི་བ་ནི་འདི་ལས་ཀྱང་ལྷག་པའི་ཉེས་ཆད་ཞིག་རེད་སྙམ་ན། ཁྱོད་རང་འཆི་བར་འཇིགས་མི་དགོས།   ངས་ཐེངས་མང་པོར་ངེས་པར་དུ་རང་ཉིད་ཀྱིས་གསར་གཏོད་བྱས་པའི་དངོས་པོ་བརླག་ནས་ཁྱོད་ལ་སློབ་སྟོན་བྱེད་དགོས། འདི་ནི་ཁྱོད་ལ་ཕོག་པའི་ཉེས་ཆད་ཡིན།  འགུལ་སྟངས་ཤིག་གིས་ངས་ཁྱོད་དུས་ཚོད་ཀྱི་ནང་དུ་མ་ཟད་ལྷ་ཡུལ་དུའང་བཟོ་བསྐྲུན་བྱས་པ་ཡིན།  

མཚན་གནས་སྤོ་བ།

    སྐབས་འདིར་ཁྱེད་ཀྱིས་ཡང་བསྐྱར་སྡོང་པོའི་མེ་ཏོག་སྟེང་གི་ཁུ་ལྡན་གྱི་འབྲས་བུ་དམར་པོ་དེའམ་མུན་ནག་གི་ནམ་མཁའི་ཀློང་ན་མཚན་གནས་སྤོ་བཞིན་པའི་བྱེའུ་ཡོད་པ་མཐོང་ངེས།  འདིས་བདག་ལ་སྐྱོ་གདུང་གི་ངང་ནས་འདས་པོ་དག་གིས་ཁོ་ཚོར་མཐོང་མི་ཐུབ་པ་དྲན་པར་བྱས། བྱ་དངོས་འདི་དག་ང་ཚོར་བརྟེན་ཡོད་ཀྱང། འདི་དག་ཡལ་བར་འགྱུར་ངེས་ཡིན།   ཇི་ལྟར་བྱས་ན་ད་གཟོད་རྣམ་ཤེས་བདེ་བར་གནས་ཐུབ་བམ།  བདག་གིས་རང་ལ་བརྗོད་འདོད་དེ།  གཅིག་བྱས་ན་འདི་འདྲའི་སྤྲོ་དགའ་མེད་ཀྱང་རུང་། གཅིག་བྱས་ན་ཏག་ཏག་མེད་པ་ཙམ་གྱིས་ཡིད་ཚིམ་པར་བྱེད། དེ་དང་འདྲ་བའི་དཀའ་ཚེགས་ནི་དྲན་རྟོག་བྱས་ཆོག

 ཏིལ་འབྲུ།  

    ཁྱོད་ལ་སྙིང་རྗེས་སྟོངས་པའི་སེམས་ཤིག་ཡོད་ན། ཁྱོད་ཀྱིས་འདི་ལྟར་འཚོ་བ་རོལ་ངེས། ང་དང་མཚུངས་པར། ཤིང་གི་ བསིལ་གྲིབ་འོག་དང་།  བསིལ་འཇམ་གྱི་རྡོ་བོའི་སྟེང་།  སྡོང་རྒན་དེ་དག་གི་འོག་ཏུ་ཉི་མས་ཕལ་ཆེར་ང་ལ་རེག་མི་ཐུབ། དཔྱིད་འགོར། སྐབས་འགར་ངས་ཉི་འོད་མཐོང་འོང་། ཧ་ཅང་རྒྱང་ཐག་རིང་བའི་ས་ནས་ཡར་འཕགས་བཞིན་ཡོད། སྐབས་དེར་སྡོང་ལོ་ནི་ཉི་མའི་སྟེང་ནས་སྐྱེས་པ་དང་། ཉི་མ་ཡོངས་སུ་བསྒྲིབས་ཟིན་འདུག ངའི་བསམ་པར་དེ་སྡོང་ལོ་བརྒྱུད་ནས་འོད་ཆེམ་ཆེམ་དུ་འཕྲོ་ཞིང་། ཕྱོགས་གཅིག་ཏུ་མ་ངེས།  མི་ཞིག་གིས་ལྕགས་ཀྱི་ཁེམ་བུ་ཞིག་གིས་ཤེལ་ངོས་ཀྱི་ཟུར་ཞིག་རྡུང་བཞིན་ཡོད་པ་འདྲ། ཚེ་སྲོག་གི་དངོས་པོར་འོད་སྣང་མཁོ་བ་གཅིག་ཏུ་མ་ངེས་ཀྱང་། ང་ཚོའི་ཁྲོད་ཀྱི་མི་ཁ་ཤས་ཀྱིས་ང་ཚོ་རང་ཉིད་ཀྱི་འོད་ཟེར་བཟོས་ཡོད་དེ། དངུལ་ཤོག་གཅིག་ནི་མི་གཅིག་ཀྱང་འགྲོ་ཐུབ་མེད་པའི་ལམ་ཕྲན་ཞིག་གམ། གཏིང་མི་ཟབ་པའི་དངུལ་གྱི་མཚེའུ་ཞིག་དང་མཚུངས་པར་ལྗོན་པ་ཆེན་པོའི་འོག་གི་མུན་པའི་ནང་དུ་ཡོད། འོན་ཀྱང་ཁྱོད་ཀྱིས་འདི་དག་མཁྱེན་ཡོད་ངེས། ཁྱོད་དང་མི་གཞན་དག   ཁོ་ཚོས་བསམ་པར་ཁྱོད་ནི་དོན་དངོས་ཀྱི་སླད་དུ་གསོན་ཡོད་པར་མ་ཟད། ཐ་ན་ འཁྱག་རེངས་སུ་གྱུར་པའི་དངོས་པོ་ཡོད་ཚད་ལ་དགའ་བར་སེམས།

 མེ་ཏོག་ལྡུམ་ར།

    ད་ནི་ང་ལ་བྱ་བ་འདི་བསྒྲུབ་པར་མོས་པ་མི་འདུག    ད་རུང་མུ་མཐུད་འདི་ལྟར་འགྲོ་དགོས་ཚེ་སེམས་ཀྱིས་གཟོད་དཀའ་བ་ཞིག་རེད།   མེ་ཏོག་ལྡུམ་རའི་དྭངས་ཤིང་གསལ་བའི་ཆར་སིམ་ཁྲོད་ན་གཞོན་བཟའ་ཟླ་གཉིས་ཀྱིས་སྲན་མ་སྟར་པ་གཅིག་འདེབས་བཞིན་ཡོད།  སྔོན་ཆད་དེ་ལྟར་ལས་ཀ་བྱེད་མཁན་མེད་པ་འདྲ། དཀའ་ངལ་ཧ་ཅང་ཆེན་པོ་འདི་ལ་ཁ་གཏད་གཅོག་ནུས་མཁན་གཅིག་ཀྱང་མེད་པ་ཐག་གིས་ཆོད།   ཁོ་ཚོས་ཁོ་ཚོ་རང་ཉིད་མཐོང་གིན་མེད། འདམ་བག་གསར་པའི་ཁྲོད་འགོ་བརྩམས་པ་ནས་བཟུང་མདུན་ལྗོངས་སྟོངས་ཤིང་།   ཁོ་ཚོའི་རྒྱབ་ཕྱོགས་ནི་རི་ངོས་ལྗང་ཞིང་མེ་ཏོག་རྣམ་པར་བཀྲ་བ་འདུག  ཁོ་མོས་མཚམས་འཇོག་པར་འདོད་ཀྱང།  ཁོས་མུ་མཐུད་ནས་ལས་དོན་དེ་རྫོགས་པའི་བར་དུ་རྒྱུན་འཁྱོངས་བྱེད་དགོས་སྙམ།  མོར་ལྟོས་དང་། ཁོའི་མཁུར་ཚོས་ལ་བྱིལ་བྱིལ་བྱས་ཏེ་ལས་མཚམས་འཇོག་པར་སྐུལ་ཞིང་། ཁོ་མོའི་མཛུབ་རྩེར་དཔྱིད་ཆར་གྱི་བསིལ་བས་ཁྱབ་འདུག  རྩྭ་ཕྲན་གྱི་ནང་དུ་གུར་གུམ་སྨུག་པོ་ཐོར།  ཐ་ན་འདི་བཞིན།   ཐ་ན་འདི་ལྟར་ཐོག་མའི་བརྩེ་དགའི་དུས་སུ།  ནམ་རྒྱུན་ཁོ་མོའི་ལག་ཟུང་བྲལ་དུས་ཁོའི་ངོ་གདོང་ ནི་གྱེས་བྲལ་གྱི་ཡིད་བརྙན་ཞིག་ཏུ་གྲུབ་ཚར།  འོན་ཀྱང་ཁོ་ཚོའི་སེམས་ལ་ཁོ་ཚོས་རང་དགར་སྐྱོ་སྣང་དེ་རིགས་སྣང་མེད་དུ་བཞག་ཆོག་སྙམ།
                               རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease