འབྲི་ཆུ།

    ཡིག་སྒྱུར་བ། ས་དམར་གྲགས་པ།


ཧཱི་ཆུ་ཧྲིན་ཞོའུ། 河崎みゆき(མཇར་པན།)ཉི་ཧོང་རྒྱལ་གཉེར་སློབ་གླིང་ནས་སློབ་མཐར་ཕྱིན་པ་དང་ཤེས་རམས་པའི་མིང་བཏགས་བླངས།  ༢༠༠༥ལོ་ནས་ཀྲུང་གོ་ཧྭ་ཀྲུང་ཚན་རྩལ་སློབ་ཆེན་ནས་ཉི་ཧོང་སྐད་སློབ་ཁྲིད་དང་ཀྲུང་གོའི་སྤྱི་ཚོགས་སྐད་བརྡ་ཞིབ་འཇུག་ལ་གཞོལ་ནས་རྩོམ་རིག་རབ་འབྱམས་པའི་མིང་བཏགས་བླངས། ད་ལྟ་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་དུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད།
   

འབྲི་ཆུ།  ཞར་བཀོད་གཅིག   

                  
རྩོམ་པ་པོ། ཧཱི་ཆུ་ཧྲིན་ཞོའུ།  ཡིག་སྒྱར་བ། ས་དམར་གྲགས་པ།

ང་རང་མིག་ཆུ་འདོར་བར་འབྲི་ཆུའི་ཁར་ཡོང་བ་ཡིན།
ང་རང་གྲུ་གཟིངས་ལ་བསྡད་དེ་འབྲི་ཆུར་བརྒལ།
རླུང་གིས་ང་རང་བསྒུལ་ཞིང་།
ང་རང་གྲུ་གཟིངས་ཀྱི་ཉེ་སར་བཅར།

ང་རང་མིག་ཆུ་འདོར་བར་འབྲི་ཆུའི་ཁར་ཡོང་བ་ཡིན།
གཙང་བོ་ཤང་ཤང་དུ་ཤར་ལ་རྒྱུག
མིའི་རིགས་ཀྱི་དགའ་སྐྱོ་ཆགས་སྡང་ནུབ་བཞིན།
ཤར་དུ་རྒྱུག་པའི་གཙང་བོ་ནུབ་བཞིན།
མཚམས་མེད་པར་ཤར་དུ་རྒྱུག

ང་རང་མིག་ཆུ་འདོར་བར་འབྲི་ཆུའི་ཁར་ཡོང་བ་ཡིན།
གྲུ་གཟིངས་ལ་བསྡད་དེ་འབྲི་ཆུར་བརྒལ།
ང་དང་གྱེས་སོང་བ་ནི་མང་པོ་ཞིག་སྟེ།
ང་ཡི་ཁྱིམ་མི་དང་། མིག་ཆུ།
ང་ཡི་མིག་ཆུ་རླུང་གིས་བཤེར་ཏེ།
གཙང་བོའི་ཆ་ཤས་ཆུང་ཆུང་ཞིག་ཏུ་གྱུར།
         ༢༠༡༥  ༡༢  ༡ ཉིན་ཐབ་ཚང་དུ་བསྒྱུར།


ཆུ་རྩེད།

བྱི་ལ་ཡིས་ཆུ་རྩེད་བྱེད་བཞིན་གདའ
ཆུ་ཕོར་བ་ཆུང་ཆུང་གང་ལས་ཡོད་ས་མི་འདུག
ཧ་ལམ་ཆུ་ཕོར་བ་གང་དེས
ཁོ་རང་བྱི་ལ་ཞིག་ཡིན་པ་ཧ་གོ་བར་བྱས་འདུག
ཁོ་རང་རྒྱ་མཚོའི་འགྲམ་ནས
ཉ་མོ་རྔོན་མཁན་དེ་རེད་བཞག

རྡོ་གཅལ་སྟེང་དུ་ཆུ་གཏོར་བས
རྒྱ་མཚོའི་རླབས་ཀྱི་མེ་ཏོག་ལས
ཉ་མོ་ཤུགས་ཀྱི་མཁའ་རུ་འཕུར
ཉམས་བཟང་བའི་ཆུ་ཡི་མེ་ཏོག
རྡོ་གཅལ་སྟེང་དུ་གཏོར

ཧ་ལམ
གསེར་ཉ་ཞིག་འཛིན་ཐུབ་སོང་བ་འདྲའོ
༢༠༡༥ལོའི་ཟླ༡༢པར་བྲིས།
༢༠༡༦/༣/༢༧ཉིན་དབུས་སུ་བསྒྱུར།

                              
 རྩོམ་སྒྲིག་པ།  མྱི་གསར་བ།