ང་ཤི་སོང་བ་འདྲ།

    རྩོམ་པ་པོ། དུར་དབྱངས།


ང་ཤི་སོང་བ་འདྲ།

 
               དུར་དབྱངས།

ཉིན་འདི་དག་ལ
ཁ་དོག་མི་རྙེད་པའི་ཞེ་སེམས་ཀྱི་དྲི་མ
སྟོང་ཁམས་ལས་བར་མེད་ཀྱི་གྲགས་པའི་སྒྲ་དང
མུན་ནག་གིས་གཙགས་སྒྲུབ་བཟོས་པའི་དཀར་ནག་ལས་བོར
 
རླུང་བུ་ཞིག་ཤུར་ཤུར་ལྡང་བས
མུན་ནག་གི་གོང་བུ་འཛིན་པའི་ལག་པ
འདས་དོན་གང་ཞིག་གི་རྗེས་ཤུལ་བསུབས་པའི
ཉེས་དམིགས་ལ་བཟོད་བསྲན་བྱེད་པའི་སྤོབས་པ་ཡེ་ནས་གཏོར
 
སྐྱེ་བ་ནི་མིག་གོང་གི་སྟོན་རླུང་ཡིན་ན
འཆི་བ་ནི་མིག་མཐའ་ནས་ལས་པའི་གནམ་མཁའ་ཡིན་པས
ངོ་མ  ང་ཤི་སོང་བ་འདྲ
   ༢༠༢༠.༩.༢༦ཉིན།

དུས་ཆད།
 
སྐྱེ་བ་འདིའི་འབབ་ཚིགས་ཐ་མར
འུ་གཉིས་ཕྱི་རོལ་ལ་ཉི་མར་ལྡེ་རུ་འགྲོ
དུས་ཚོད་ཀྱི་ཐ་གུ་རིང་བོ་དུམ་བར་བཅད་རྗེས
ནང་སེམས་ཀྱི་ལྷིང་འཇགས་རོལ་མོ་དལ་བར་དཀྲོལ་ནས
 
སྟོན་འཇུག་གི་ལོ་མ་འཐོར་བའི་དྲན་པ
འུ་གཉིས་ལ་འབྲེལ་བ་མེད་ན་ཆོག
ཁེར་རྐྱང་སྲུང་བྱེད་ཀྱི་མཚན་མོ་དེ་དག
འུ་གཉིས་ཀྱི་བརྩེ་བ་མཚོན་བེྱད་ཀྱི་དམ་རྟགས་ཤིག་མིན་ན་ཆོག
ཁྱོད་ཀྱིས་བཤད་པའི
མེ་ཏོག་གི་འདབ་མ་དེ་དག
བསིལ་བ་སྐམ་རྗེས་ཀྱི་དུས་ཚོད་དེ་ལ
ཡང་ན སྐྱེ་བ་འདིའི་འབབ་ཚིགས་ཐ་མར
ངས་ཁྱོད་ལ་འབུད་ཁོ་ཐག་ཡིན
       ༢༠༢༠་༩་༢༧ཉིན།
                 རྩོམ་སྒྲིག་པ། འབར་བློ་དཀར། 
         མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease