ཁྲེལ་དང་ཕྱི་ཐག་གི་བར་ནས་ཤི་བའི་བྱིས་པ།

    གཤོག་འོད།


ཁྲེལ་དང་ཕྱི་ཐག་གི་བར་ནས་ཤི་བའི་བྱིས་པ།


                 གཤོག་འོད།

སོ་སོ་བའི་དུས་སུ
ངོ་མ་ཐུག་པའི་བར་དུ་གསོན
 
གཉོར་བའི་བརྩེ་དུང་ཉི་རྒྱབ་དུ་འདས
ལག་ཏུ་ཀ་ར་ཐོག་པའི་བུ་ཆུང་གློ་བུར་འདས
 
རྒྱ་གར་ཡུལ་གྱི་གྲགས་འཛིན་བདག་མོ
མ་ཐོབ་དུས་ཀྱི་ཕྱི་རབས་པ
 
མི་ེརྟག་པ་འདྲ་བ་ཞིག
ལྗང་ཟེར་གློ་མར་གྱི་འུ་གཉིས་རེད
 
འོ་སྐོལ་སྨིན་པ་མེད་པའི་འཁོར་བ
ལག་པ་ཉིད་ཆུ་རུ་སྤངས་བ་ཡིན
 
ད་ནས་མིའི་རིགས་ལ་སྐྱེ་རྒྱུན་མེད
ཆུ་ཁོལ་འཐུང་བའི་ཨ་ཕ་མེད
 
ལག་པར་མཛུབ་དཀྲིས་བསྐོན་ཡང
བདག་པོ་རྒྱག་འདོད་མ་བྱུང་པ
 
རྙེད་པ་བོར་བའི་ང་རང་འཁྱམ་པོ་རྐྱང་རྐྱང་ལྟ་བུ
རྒྱལ་སར་ཤི་བའི་དམངས་ཀྱི་བུ་རྒྱུད་འཇིགས
 
ཁལ་བ་ཅན་གྱི་འབྲོག་པ་ང་རང
མཚོ་མོའི་གཡས་རི་གཡོན་རིར་ཆས་ན
 
མཆོད་མེ་སྒྲོན་ནམ     ཨ་ཚེ
ས་གཞི་ཡང་ངོ་ཚ་བོ་བྱུང་བའི་ས་སྲོས
 
ངས་ཁྱེད་རང་དྲན་བཞིན་འདུག་ལབ་པ་དྲན
དེ་ནི་མཆོད་མེ་བདུན་ཚར་ཉེར་གཉིས་ཀྱི་གྲངས་སུ་འགྲོ
 
ཨ་ཕ་མེ་སྦྱིན་བྱེད་དགོས་ཀྱང་དགའ་མོད
ཨ་ཕས་རང་གི་བྱིས་པར་ཡང་བདག་པོ་ཐུབ་མ་བྱུང
གསར་རྩོམ་གྱི་བརྩེ་དུང་དེའི་འབྲི་ཐབས་ཀྱི་ཡན་ལག་རང་ཉིད་མ།
 
འདི་ཉིད་ང་ཁོ་ན་མཚོན་བྱེད
སྙིང་བོའི་ཅ་ལག་དག་ཆགས
ལད་ཟློས་ཀྱི་ཆུ་འཁོར་འདི་ཡང་གཅོག
རོགས་པ་ཐམས་ཅད་ངུ་སྙིང་བྱུང་ནས་ངུ་བ་མ་ནུས
སྐྱེ་བ་ཁེམ་གྱི་མིང་དང་རྟགས
འཚོ་བའི་སོ་མང་གྲངས་སུ་མི་འདུག་པའི་དུས་ཁེག
བརྩེ་དུང་ཟེར་བ་འཇའ་དང་རྒྱུ་འབྲས་འདྲ
ཚེ་སྲོག་འདི་ཡང་སྙིང་བོ་ཡོད་འདུག་གམ
ཧམ་སེམས་འཕེལ
ཆུང་མ་མེད་ཀྱང་དགའ་རོགས་ལ་ཡང
ཁ་པར་ངོས་ཁོ་ནར་ཡི་གེ་འགའ་ཤར
ངས་རྒྱ་གར་གྱི་ཐིག་དང་དབྱིན་ཡིག་གི་Oགཉིས་ནོར་སོང
ཁོ་མོས་རླངས་འཁོར་གཏོང་བཞིན་འདུག
སྟོད་གོས་ནག་པོར་དགའ་བའི་བུ་མོ་ངའི་འཇིགས་རྟེན་ནས་ཤི
ནམ་གུང་འདིར་ཡང་གཉིད་མེད་མཁན་འགའ་འདུག
དཔེ་མཚམས་འཇོགས་བྱེད་ཀྱི་གསེར་གྱི་ལོ་མ་ཟླ་བ་གཡངས་འཛོམས་ཀྱིས་རྙེད་འདུག
 
ད་ངས་ཅི་བྱ།
 
གནམ་གྱི་བུ་ལ་གནང་བའི་གསོལ་ཇ
མཚམས་འདིར་ཡུལ་གནམ་གྱི་བུ་ལ་བཤད
ངས་སྒེའུ་ཡོལ་ལས་སྒོ་ཡོལ་མཐོང
 
རྩྭ་ཐང་ཧམ་སེམས་ཀྱི་གཞོང་བར་བཅུས
ནགས་ཚལ་གཞུང་ལམ་གྱིས་གཏོར
ནང་སེམས་བརྩེ་དུང་གིས་འཇོམས
 
ལད་ཟློས་ཀྱིས་ཉེས་དམོལ་བྱས
དབུལ་ཕུང་ལ་བརྩི་བཀུར་བྱ་དགོས་པར་གྱུར
ང་ཡི་རྨི་ལམ་བོར་བའི་རྟ་ཕོ
 
མུན་པའི་ནང་ནས་སྐྲ་ལོ་སྨྲེང
ཁྱེད་ཀྱིས་ལན་གཅིག་འཆི་བ་མཐོང་གསུང
དེ་ནས་རི་མོའི་རོ་ལངས་བྱས་པ
གསུབ་ཐབས་མེད་པའི་སེམས་པའི་ལྗོངས་ཀྱི་མཛའ་གཞས།
 
​གསོན་ན་སྙིང་བོ་ཡོད་པར་རྟོགས་སམ
བསྐྱུར་བའི་བུ་དང་ཆུང་མ་འདས་སོང
 
རྒོད་ལ་ཤོར་བའི་ལོ་ཟླ
གཅན་གཟན་གྱིས་སྣུམ་ཡང་མ་ཚོར
 
ཞིང་སྙེ་མའི་བར་དུ
གཞས་བླངས་ཀྱང་ཉན་མཁན་མ་བྱུང
 
རྒྱང་རིང་ཡུལ་གྱི་བུ་མོ་རྙེད་པ་མེད་ཀྱང
རང་ཉིད་ཁོ་ན་དམར་གསོད་བྱ་ཐུབ
 
འགྲོ་ཐབས་འདུག་ཐབས་མེད་པའི་སེམས་པ
བར་སྟོང་ཆེན་པོ་བརྒྱུད་ནས་འཕུར་ཐབས་མ་བྱུང
 
དོན་ངོ་མར་ང་ལ་བརྩེ་དུང་ལས་གལ་ཆེན་ཞིག་ཡོད་དམ
མེད་པར་གྲུབ་པའི་གཞོན་པའི་སེམས་འདི
 
སྐྱོ་གར་རྒྱུན་དུ་འབྱུང་བའི་སེམས་པའི་ཡུལ་ལྗོངས
ཆགས་པའི་ཉམས་དང་ཀུ་རེའི་ཀློང་ནས་གཤེགས
 
ཁེར་རྐྱང་དེ་ནི་ཁྱོད་དང་མི་ཡི་སེམས་ནས་བོར་ཡང
ང་ལ་དེ་ཡི་གཡངས་ཤིག་འཁོར་ནས་ལོ་མང་ཡིན​
 
སྙིང་ཁམས་འཕར་འཕར་བྱས་པ
ལུས་ཡང་འདར་འདར་བྱས་ཡོང
 
རྩོམ་པ་པོ
ང་ལ་བརྩེ་དུང་སྙན་ངག་ཅིག་འབྲི་རོགས​
       2020 9 3མཚན་མོ་བླ་བྲང་ནས།​
བར་དུམ་ཆད་པོའི་སྐོར།
 
བྱང་ཆ་དོད་པའི་ཉམས་ཡང་འགྱུར་སོང
སྐབས་བབས་ཀྱི་དུ་བ་ཡང་ཆུ་ལ་ཁུར་སོང
ན་ཆུང་བའི་དུས་ཚོད་འདི
ཡོད་ཚད་བརྩེ་དུང་གིས་བཟུང་ཀྱང
འགྱོད་སེམས་དགའ་བ་ཉིས་བརྩེགས་ཀྱིས་​ཐོག་ཁང་དེ
འབྱུང་བ་རླུང་གིས་ཁུར་ཡང་མ་སྐྱོ​་ཞེས་ཤོར་བྱུང
 
​ཚེ་སྲོག་གི་ངོས་རྩུབ་གཏད་སོ་མ་ཡོད་པའི་དུས་བྱུང
ནང་སེམས་ཀྱི་ཁྲག་རྒྱུན་འཁྱག་རོམ་དུ་གྱུར
ཡོད་ཚད་ལ་ཁོ་ཆད་ནས་ཆེད་དུ་གནས་འདིར་ལོག
གསོན་པའི་སྙིང་བོ་ཚུད་ཆད་ཡང་ཤོང་ཐབས་མ་བྱུང
ད་ནི་ཁེར་རྐྱང་གི་རྐང་ལམ་དལ་འདེད་མྱུར་འདེད་བྱ
 
སྐྱ་བོ་སྐྱ་བོའི་ངོས་ཟུར་སྐྱ་བོ་སྐྱ་བོར་གྱུར
སྐྱ་བོ་རྐྱང་རྐྱང་གི་འཚོ་བ་སྐྱ་བོ་སྐྱོ་བོ་ཞིག་ཡིན་པ་དྲན
​སྙན་ངག་ཅིག་འབྲི་བའི་ཁོམ་པ་ཡང་འདུག་གམ
སེམས་ཀྱི་རས་གཞིར་ཚོན་རྩི་སྣ་ཚོགས་བླུགས
དེ་དག་སྒྲུང་གི་རྣམ་པས་ང་ལ་ཡང་ཡང་འབོད
ཆུ་བཞིན་ཚར་བ་མེད་པར་འཇིག་རྟེན་ཧྲིལ་བོར་བཞུར​
        2020 8 31ཉིན་བྱང་ཉི་མ་བླ་བྲང་གི་སྡོད་ཞག་ནས་མཚན་ལ་བྲིས།
                     རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease