ལྷ་ཚོགས།

    རྩོམ་པ་པོ། གངས་དཔལ།

         ལྷ་ཚོགས།

                  རྩོམ་པ་པོ།  གངས་དཔལ།




མེ་ངོགས་སུ་འཆར་བའི་སྣང་གཟུགས་སྣ་ཚོགས།
བྲེལ་འཚུབ་ཀྱི་རླུང་བུས་གཅུན་ནས་ཞོན་ཏེ།
མེ་ལྕེ་དང་ལྷན་ཅིག་མཆེད་པས།
གནམ་སའི་སྒེའུ་ཡོལ་ལྟ་བུའི་ངོས་ཆེན་པོ་ཞིག་ཏུ།
ལྷ་ཚོགས་ཀྱི་ངོ་གདོང་དང་ཁ་མིག་རིག་རིག་ཏུ་ལྟ།
འཚང་ཁ་ཤིག་ཤིག་ཏུ།
ཡང་ན་གློག་དམར་འཁྱུག་འཁྱུག་གིས།
དད་པ་དཀྱེལ་ཆེན་ཞིག་གི་མངའ་ཐང་ལས་རྙེད་པའི་བྱམས་དང་བརྩེ་བ།
ཚོགས་པ་དང་རུ་ཁག་གིས་བགོ་བཤའ་མ་བརྒྱབ་པར།
ངོ་སོ་དང་དངུལ་བུན་གྱིས་ཁ་ལོ་མ་བཏུལ་བར།
ཟས་ལྷག་ལྟར་སུ་ཞིག་གི་ཡོང་སྒོ་མ་ཡིན་པའི་ལོངས་སྤྱོད་རྐྱང་རྐྱང་རེད།
ལྷ་ཚོགས་ཀྱི་ཞབས་འོག་ཏུ་ཤོར་བའི་སེམས་ཀྱི་ཉི་ཟླ།
ཚད་སྒྲུབ་ཀྱི་ཤར་ནུབ་ལ་ཡིག་རྨོངས་ཀྱི་དུས་ཆད་མ་ནོར་ཚེ།
ཨུ་ཚུགས་བསྐྱེད་པའི་འགྲེལ་བཤད་ཀྱི་ནེམ་ལོ་རེ་རེ་ཡང་།
འོད་ཀྱི་མེ་ཏོག་འབུས་ཏེ།
ཚུགས་འགྱུར་གྱི་བློ་ཁ་ཐང་ཀ་བཞིན།
ཚད་མའི་མེ་ལོང་ཞིག་ཏུ་ཡོ་ཀྱོག་མེད་པར་འབྲི།
ལྷ་ཚོགས། རྩྭ་ཐང་ཡིད་ལ་འཛིན་རོགས།

                              རྩོམ་སྒྲིག་པ། འཕགས་མི།