ལྷ་ཚོགས།

    གངས། རྨ་ཆུ།

ལྷ་ཚོགས།
                རྩོམ་པ་པོ།  གངས། 



མདང་ནུབ་རྨི་ལམ་རབ་ཏུ་འཁྲིགས་པས་སེང་རས་ལྟ་བུའི་ནམ་མཁའ་འདི་ལ་ཨུ་ཁུངས་མང་བོ་བརྟོལ་སོང 
རང་གཟུགས་དང་བྲལ་བ་ནི་ངའི་རྣམ་ཤེས་ཏེ 
འདི་ལ་འཆི་བདག་གིས་ཀྱང་བརྡར་ཤ་གཅོད་ཐབས་བྲལ 
ཁོ་རང་ཕྱི་ནང་གང་ལའང་མི་གཏོགས
སྤྲིན་པ་དཀར་པོ་ཞིག་རི་རྩེ་ནས་གཡོ་བ་དང
ལན་རེ་ས་འོག་ནའང་གཡོ
 
རྒྱུ་སྐར་གྱི་འོད་མདངས་མག་མོག་ལ་ལྟ་ཞོར
མུན་པའི་ཁྱམས་ར་འདི་འགྲིམས་འདོད་མོད
གཡོག་པོས་རང་གི་ལག་པ་དེ་སྤྲིན་པར་འཁྲུལ
དེ་ནས་ཡང་སྐད་ཆ་སྙན་པོ་ཞིག་ཏུ་འཁྲུལ་ཡང་དེ་ཉིད་བཤད་ས་ནི་ལྷ་ཚོགས་ལས་མེད 
ལྷ་ཚོགས་ནི་རྨི་ལམ་བཤིག་ནས་ནང་སེམས་ཀྱི་གདན་ལ་བཞུགས་མཁན་དེའོ  
ལྷ་ཚོགས་ནི་རྨི་ལམ་ནང་མ་གཏོགས་མངོན་མི་ཐུབ་པའི་སྨིག་རྒྱུའི་ཤ་འོད་ཆེན་པོ་དེའོ 
 
ལོ་ངོ་མང་པོའི་རྗེས་སུ
ཁྱོད་ཚོ་ཞི་བདེ་རྒྱ་མཚོའི་རྦ་རླབས་རྩེ་ནས་འགྲེངས་དུས
ཐ་སྙད་ཀྱི་སྐུད་པས་བར་སྣང་དུ་བཏགས་པའི་ལྷ་ཚོགས་མཐོང་སྲིད
                                        ༢༠༡༧  ༧  ༢༡ ཉིན་རྨ་ཆུ་ནས།
                                                   
 རྩོམ་སྒྲིག་པ། འཕགས་མི།