དཔེ་འཕྲིན། མངོན་པ་མཛོད་ཀྱི་དོགས་སློང་ལྔ་བརྒྱ་པ།

    ཙོང་མདའ་ཨ་ཚེ་རྒྱལ་གྱིས་བརྩམས།


དཔེ་འཕྲིན། མངོན་པ་མཛོད་ཀྱི་དོགས་སློང་ལྔ་བརྒྱ་པ། 
                      
ཙོང་མདའ་ཨ་ཚེ་རྒྱལ་གྱིས་བརྩམས།


རྩོམ་པའི་དམིགས་ཡུལ།
      
མངོན་པ་མཛོད་ཀྱི་དོགས་སློང་ལྔ་བརྒྱ་པ་འདི་ནི་སྤྱིར་བོད་དུ་མངོན་པ་མཛོད་ལ། རྒྱ་གར་མཁས་པའི་རྒྱ་འགྲེལ་དང་བོད་ཀྱི་མཁས་པའི་གཞུང་འགྲེལ་མཚན་མོའི་སྐར་ཚོགས་ལྟར་ཤིན་ཏུ་མང་ན་ཡང་།  རྒྱ་བོད་ཀྱི་མཁས་པ་དེ་དག་དང་མཉམ་དུ་ཤེས་རབ་ཀྱི་རྩལ་སྦྱོང་བར། ལམ་སང་བསམ་གཞིག་གི་སྒོ་མོ་འབྱེད་པའི་དཔེ་ཆ་ཞིག་གཏན་ནས་མེད་སྟབས། འདི་འདྲ་བའི་དཔེ་དེབ་ཞིག་མཁོ་དགོས་ཆེ་བར་དམིགས་ཏེ། མི་ལོ་ཧྲིལ་པོ་བཞི་ལ་ཉེ་བར་ཆོས་གྲྭའི་གུང་སེང་སྐབས་མ་གཏོགས་ཉི་མ་རེ་རེ་བཞིན་ཆུ་ཚོད་བརྒྱད་དགུ་ཙམ་ལ་དུས་ཚོད་སྤྱད་དེ་བརྩམས་གྲུབ་པར་བྱས།





རྩོམ་སྟངས།

 འདིའི་ནང་དོགས་པ་རྣམས་ནི་བོད་ཀྱི་མཚན་ཉིད་བཤད་གྲྭ་ཁག་གི་མཛོད་ཀྱི་ཐུན་མོང་གི་བསླབ་དེབ་མཛོད་རང་འགྲེལ་གྱི་གཞུང་ཚིག་དང་། ཕལ་ཆེར་མཆིམས་འཇམ་པའི་དབྱངས་ཀྱིས་མཛད་པའི་མཆིམས་མཛོད་མངོན་པའི་རྒྱན་གཞུང་ལས་ཐད་ཀར་དྲངས་ཏེ་དོགས་སློང་ལྔ་བརྒྱ་ལྷག་བྱས་ཤིང་།  དོགས་སློང་དེ་དག་ཀྱང་དབུལ་པོས་ནོར་འཚོལ་བ་བཞིན་གང་རྙེད་རྙེད་དུ་མ་བཀོད་པར། ཕྱུག་པོའི་བང་མཛོད་བཞིན་མངོན་པ་མཛོད་ལ་སློབ་གཉེར་བ་རྣམས་ཀྱི་ཤེས་རབ་ཀྱིས་དཔྱད་པའི་གཞིར་བྱས་ན་དཔྱད་གཞིའི་རིན་ཐང་ཆེ་བའི་གཞུང་དང་མཐུན་པའི་དོགས་པ་ཚད་ལྡན་ཡིན་སྙམ་པ་ཐམས་ཅད་བྲིས་ཡོད་པས། ཆོས་བརྒྱུད་རིས་སུ་མ་ཆད་པའི་ཕྱོགས་སོ་སོའི་མངོན་པ་མཛོད་ལ་སློབ་གཉེར་བ་རྣམས་ཀྱི་སྤྱན་ལམ་དུ་འབུལ་ཐུབ་པའི་རེ་སྨོན་ཧ་ཅང་ཆེ་བས་བརྡ་ཁྱབ་འདི་གང་སར་བརྒྱུད་བསྐུར་གནང་བར་མཁྱེན་མཁྱེན།




བཀའ་དྲིན་ཞུ་ཡིག

       དེབ་འདིའི་འགྲོ་གྲོན་ཕྱོགས་ལ་ཐུགས་བརྩེ་ཆེན་པོའི་ངང་རོགས་རམ་གནང་མཁན་རང་དགོན་གྱི་མཆོག་སྤྲུལ་ནོར་མ་མཆོག་དང་། ཞུ་དག་དང་སྒྲིག་སྦྱོར། འགྲེམ་སྤེལ་སོགས་ལ་རྒྱབ་སྐྱོརགནང་མཁན་ཐམས་ཅད་ལ་ཁ་ཙམ་མིན་པར་སྙིང་ཁོང་རུས་པའི་གཏིང་ནས་ཤིན་ཏུ་བཀའ་དྲིན་ཆེ་ཞེས་ཞུ་བ་ལགས་སོ། །



                      རྩོམ་སྒྲིག་པ། མྱི་གསར་བ། 


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Neteas