དཔེ་འཕྲིན། ང་ཡི་སྙིང་པོ་ལགས།

    རྩོམ་པ་པོ། རྨིས་པ།


དཔེ་འཕྲིན། ང་ཡི་སྙིང་པོ་ལགས།

                     རྩོམ་པ་པོ། རྨིས་པ།


ང་ཡི་སྙིང་བོ་ལགསཞེས་པའི་རྩོམ་དེབ་འདི་ནི། ངས་མ་གཞི་ནས་ཤེས་རབ་ཀྱིས་བྲིས་པ་མིན་པར་ངེས་བརྟན་མེད་པའི་ཚོར་སྣང་གིས་བྲིས་པ་ཡིན་པས། འདི་ནི་ཤེས་རབ་ཅན་གྱི་མི་སྣ་ཞིག་དང་འཕྲད་པའི་རེ་བ་མེད་པར།  ཚོར་བ་ཅན་གྱི་ཀློག་པ་པོ་རེ་རེ་དང་འཕྲད་ཐུབ་པའི་སྨོན་འདུན་བྱེད་བཞིན་ཡོད།
ངས་རང་ཉིད་མཚམས་སྦྱོར་ཞིག་བྱེད།

ངའི་མིང་ལ་འཇུ་ཚེ་རྡོ་ཟེར། རྨིས་པ་ཡང་ཟེར། ཐེངས་རེར་ངས་རང་གི་བརྩམས་ཆོས་རེ་གྲུབ་དུས། མིང་འདི་གཉིས་ལས་གང་ཞིག་བཀོལ་སྤྱོད་བྱེད་དམ་སྙམ་ནས་དོན་མེད་དུ་གདམ་གའི་ནང་དུ་ལུས་པ་ཡང་ཡོད་མྱོང་། ང་ནི་ཆུང་ཆུང་ནས་རྩོམ་ཡིག་འབྲི་བར་དགའ། རི་མོ་འབྲི་བར་དགའ། རྗེས་ནས་བལྟ་དུས་དེ་དག་ནི་དོན་དུ་སྒྱུ་རྩལ་ཞེས་པ་དེར་དགའ་བ་ཡང་རེད་འདུག།  ངས་ཆུང་དུས་སུ་རྩོམ་དེབ་སྨིག་རྒྱུཟེར་བ་ཞིག་ཕུད་མྱོང་ན་ཡང་གྲངས་ཀ་ཙམ་ལས་རིན་ཐང་གང་ཡང་ཡོད་མ་མྱོང་། ད་ཐེངསང་ཡི་སྙིང་བོ་ལགསཞེས་པའི་རྩོམ་དེབ་འདི་ནི་ངའི་སྒེར་དེབ་གཉིས་པ་ལྟ་བུ་ཡིན་མོད། འདི་ལ་ཡང་སྙིང་བོ་གང་ཡང་ཡོད་པའི་ཡིད་ཆེས་བྱེད་ཐུབ་མེད། གང་ལྟར་ངས་ལྷུག་རྩོམ་གྱི་དེབ་འདི་བརྒྱུད་ནས་རང་ལ་སྙིང་བོ་ཞིག་འཚོལ་བ་ཙམ་ཡིན།ད་ལྟ་ང་རང་སྡེ་དགེ་ཞེ་ཆེན་བཤད་གྲྭ་ནས་གཞུང་བཀའ་པོད་ལྔ་ལས་སློབ་མཐར་ཕྱིན་ལ་ཉེ་བཞིན་ཡོད་ཅིང་།  སློབ་མཐར་ཕྱིན་པ་དང་མཉམ་དུ་རིག་གཞུང་དཔྱད་རྩོམ་གྱི་དཔེ་དེབ་ཅིག་ཕུད་ན་འདོད་པའི་སྟོང་བསམ་ཡང་ཡོད། གལ་ཏེ་བར་ཆད་འདྲ་མ་རྒྱུགས་ན། དེ་ནི་ངའི་སྒེར་དེབ་གསུམ་པ་ལྟ་བུ་ཡིན་རྒྱུ་རེད།  དེ་ལས་གཞན།  ང་རང་རི་མོ་འབྲི་མཁན་ཞིག་ཡིན་ཞེས་ལབ་ན་ཆོག་སྟེ། ངས་དོན་དག་ཡོད་མེད་ཀྱི་རི་མོ་མང་པོ་ཞིག་བྲིས་ནས་རང་གི་ཁང་ཆུང་ནང་དུ་བཙུད་བཞག་ཡོད། ད་དེ་དག་ནི་ངའི་མི་ཚེའི་ནང་གི་བྱ་གཞག་ཐོག་མ་ལྟ་བུ་ཡིན་ལ།  ལེ་ལོ་ཆེ་བའི་ཁ་སང་དེ་རིང་གི་ང་ལ་བསམ་ན། མི་ཚེའི་ནང་གི་བྱ་གཞག་ཐ་མ་དེ་མིན་པའི་ངེས་པ་ཡང་མི་འདུག།
                        རྩོམ་སྒྲིག་པ། མྱི་གསར་བ། 


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Neteas