དཔེ་འཕྲིན། རྫོང་སར་རྩོམ་རིག འདོན་ཐེངས་གསུམ་པ།
རྫོང་སར་རྩོམ་པ་པོ་མཐུན་ཚོགས།
རྫོང་སར་རྩོམ་པ་པོ་མཐུན་ཚོགས།

བརྩེ་བའི་ཀློག་མཁན་ལགས། སླར་ཡང་རྫོང་སར་རྩོམ་རིག་འདོན་ཐེངས་གསུམ་པ་མི་འགྱང་བར་སྒོར་བསླེབ་ལ་ཉེ་ཡོད། ང་ཚོས་ཐེངས་འདིའི་བརྩམས་ཆོས་དང་། དེབ་ཕྱི་ནང་གི་རྩོམ་སྒྲིག་ཇུས་འགོད་སོགས་ཕྱོགས་གང་ཐད་ནས་སྔར་ལས་གཟབ་ནན་གྱིས་འཐུས་སྒོ་ཚང་བར་འབད་བརྩོན་བགྱིས་ཡོད་པས། ཁྱེད་ཅག་གི་ཐུགས་ཡིད་དང་མཐུན་པའི་རེ་བ་ཡོད། དེ་བཞིན། ཁྱེད་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ནི་ང་ཚོ་ལ་མཁོ་བའི་བླ་མེད་ཀྱི་སྟོབས་ཤུགས་ཡིན་པ་ཡང་མ་བརྗེད་པར་གནང་རོགས། ལོ་སྔ་མར་ཕྱོགས་སོ་སོའི་གྲོགས་པོ་དུ་མས་དོ་སྣང་དང་རྒྱབ་སྐྱོར་བླ་ལྷག་བྱས་པར་བཀའ་དྲིན་ཞུ་དགོས་ཡོད།



རྩོམ་རིག་གི་བསྟན་པ་ནུབ་བཞིན་པའི་དུས་མཐའ་འདིར་ང་ཚོ་འདི་ལྟར་སྤྲོ་སྣང་དང་བརྩོན་ཤུགས་ཀྱིས་མཉམ་དུ་འཛོམས་པར་དགའ་བཞིན་ཡོད། གློག་རྡུལ་འཕྲུལ་ཆས་ཀྱི་དུས་རབས་འདི་ལ། སེམས་པ་རྣལ་དུ་ཕབ་ནས་དཔེ་དེབ་ཀློག་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་ནའང་། ང་ཚོས་ཐོག་མའི་སེམས་འདུན་སྙིང་ལ་བཅངས་ནས་འགན་འཁྲི་དང་དགའ་བའི་ལས་ལ་བརྩོན་བཞིན་ཡོད། བཀྲིས་བདེ་ལེགས།



ཞོར་དུ་ཞུ་འདོད་པ་ཞིག་ལ། ཐེངས་འདིའི་དེབ་སྒོར་ཐོན་པ་དང་མཉམ་དུ་ས་གནས་སོ་སོར་འགྲེམ་སྤེལ་བྱ་རྒྱུ་ཡིན་པས། བླུ་འདོད་པ་དག་གིས་གཤམ་གྱི་འབྲེལ་གནས་དག་བརྒྱུད་ནས་འབྲེལ་བ་གནང་རོགས་ཞུ་ཞུ།།




དཔེ་དེབ་ཉི་ཤུ་ཡན་ཆད་སྡེབ་ཉོ་བྱེད་མཁན་བྱུང་ན་གང་མཚམས་ཀྱི་རིན་གོང་ཕབ་གཅོག་བྱེད་ངེས་ཤིང་། རྒྱུན་ལྡན་གྱི་གནས་ཚུལ་འོག་ནས་སྤྱི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཚུན་ཆད་དུ་ས་ཆ་གང་ལའང་སྐུར་ཐུབ་ངེས་ཡིན།
འབྲེལ་བ་བྱ་ཡུལ།
Signature is customized by Neteas