
དཔེ་འཕྲིན། བརྩེ་ཆེན་འོད་སྣང་།
མཁྱེན་ལྡན་ཀློག་པ་པོ་རྣམ་པ་ཁམས་བཟང་། དེ་ཡང་བརྩེ་ཆེན་མི་ཉག་སྨོན་ལམ་ཆེན་མོའི་འཕྲིན་ལས་ཀྱི་འོད་སྣང་ཕྲན་ཙམ་མཚོན་ཆོག་པའི་ཟིན་དེབ་《བརྩེ་ཆེན་འོད་སྣང་》ཞེས་པ་འདི། སྐྱེས་ཆེན་དམ་པ་ཁོང་རྣམ་པ་དྲུག་གི་གསུང་ཕྱོགས་བསྒྲིགས་བགྱིས་པ་ཞིག་སྟེ། དགེ་འདུན་པའི་ཀུན་སྤྱོད་དང་། མཐུན་ལམ། གཞན་ཕན། ནང་པའི་ལྟ་བ། སྨོན་ལམ་ཆེན་མོའི་ཁ་ཕྱོགས་དང་བཅས། གཙོ་བོ་ནང་པའི་ལྟ་སྤྱོད་གཉིས་དང་། དེ་ལས་འཕྲོས་པའི་གསུང་བཤད་འབའ་ཞིག་ཡིན་པས། དེབ་འདིར་ཚར་གཅིག་གཟིགས་རྒྱུ་བྱུང་ན་ཕན་ལས་གནོད་མི་སྐྱེལ་སྙམ་པའི་ངེས་ཤེས་དང་གདེང་སྤོབས་ཅིས་ཀྱང་ཡོད།
གསུང་ཕབ་སྒྲིག་གི་ལས་རིམ་ནི་འགན་ལྕི་མོ་ཞིག་ཡིན་པ་ངོས་ཟིན་པའི་ཐོག་ནང་དོན་དང་ཕབ་སྒྲིག་གི་ཐད་ནས་སྒྲོ་བཀུར་དང་བྲལ་བ་ཞིག་ཡོང་ཆེད། གསུང་ཡིག་ཐོག་ཏུ་ཕབ་ཟིན་རྗེས་གསུང་པ་པོ་རྣམ་པ་དང་། ཁོང་རྣམ་པའི་སློབ་མ་རྣམས་ལ་སྤྱན་འབུལ་ཞུས་ཏེ། ནང་དོན་གྱི་ཆ་ནས་འབེབས་ནོར་དང་བརྡ་དོན་མ་འཕྲོད་པར་ཡོད་མེད་བཀའ་འདྲི་བྱས་ཤིང་། ཁོང་རྣམ་པས་ཀྱང་ངོས་ལེན་ཆེན་པོའི་ཐོག་ཞིབ་གཟིགས་དང་ལེགས་སོ་ཞེས་བསྔགས་བརྗོད་ཐོབ། མདོར་ན། ཁོང་རྣམ་པ་ལ་འགན་ཁུར་བའི་ཐོག་ནས་འབད་བརྩོན་ཞུས་པའི་ཁུལ་ཡིན།
ལྷ་ལུང་དགྲ་འདུལ་ནས་གུས་ཕུལ།



རྩོམ་སྒྲིག་པ། མྱི་གསར་བ།
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
Signature is customized by Neteas