དཔེ་འཕྲིན། རྒྱན་གྱི་མདོ་སྦྱར་ཡུམ་གསུམ་འཇུག་ངོགས།

    རྩོམ་པ་པོ། ངག་དབང་འཇིགས་བྲལ། བཀྲ་ཤིས་འགྱུར་མེད། བཀྲ་ཤིས་རྒྱལ་མཚན།


དཔེ་འཕྲིན། རྒྱན་གྱི་མདོ་སྦྱར་ཡུམ་གསུམ་འཇུག་ངོགས།


རྩོམ་པ་པོ། ངག་དབང་འཇིགས་བྲལ། བཀྲ་ཤིས་འགྱུར་མེད། བཀྲ་ཤིས་རྒྱལ་མཚན།


ཐོག་མའི་དབུ་ཁྱུད།

གཅིག རང་ཅག་ནི་སྟོན་མཆོག་འགྲོ་བའི་སྒྲོན་མེའི་རྗེས་འཇུག་ཅིག་ཡིན་པའི་ངོས་ནས་གཞུང་ཆེན་ཁག་ལ་སློབ་སྦྱོང་བྱེད་པའི་སྐབས་སུ། ཆོས་བརྒྱུད་བྱེ་བྲག་པ་ཞིག་གི་ཡིིག་ཆ་ཁོ་ན་གཙིིགས་སུ་མི་གཟུང་བ་སྟོན་པའི་གསུང་རབ་དངོས་སུ་མཇལ་ནས་སློོབ་སྦྱོོང་བྱ་དགོས་པ་ནི་ཧ་ཅང་གལ་འགངས་ཆེེ་ལ། ལྷག་པར་དུ་ཕར་ཕྱིན་མངོན་རྟོགས་རྒྱན་ལ་ཐོོས་བསམ་བྱེད་པའི་ཚེ་ཡུམ་གསུམ་གང་རུང་དང་སྦྱར་ནས་བཀླག་ན་རྒྱན་གྱིི་བརྗོད་དོན་རྟོོགས་ཐུབ་པར་དགེ་མཚན་འབུམ་གྱིིས་ཕྱུག་པས། ད་ཐེངས་སློབ་སྦྱོང་གི་བར་གསེང་དུ་འབད་འབུངས་ཀྱིི་མཐུ་ལས་གྲུབ་པའི་ཕར་ཕྱིན་མངོན་རྟོོགས་རྒྱན་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་སྦྱར་བའི་མདོ་སྦྱར་ཁག་གསུམ་དང་། འབྲེལ་ཡོད་ཀྱི་དཔྱད་གཞེ་མི་ཉུང་བ་ཞེིག་ཕྱོགས་གཅིག་ཏུ་བསྒྲིགས་ཏེ། <རྒྱན་གྱི་མདོ་སྦྱར་ཡུམ་གསུམ་འཇུག་ངོགས་>ཞེེས་པའི་དེབ་གཟུགས་ཀྱི་ཕྲེང་བ་འདི་ཕར་ཕྱིན་ལ་སློབ་སྦྱོང་བྱེད་པའི་བློོ་གསལ་གཞོན་ནུ་རྣམས་ཀྱིི་མགུལ་རྒྱན་དུ་ཕུལ་བའི་གོ་སྐབས་བྱུང་བས་ཡིིད་སེམས་རབ་ཏུ་སྤྲོོ། མདོ་སྦྱར་འདིས་ཁྱེད་ལ་མངོན་རྟོགས་རྒྱན་གྱི་ཚིག་དོན་ཆ་ཚང་ཤེར་ཕྱིན་ཡུམ་རྒྱས་འབྲིང་བསྡུས་གསུམ་ཀྱི་སྙིང་བསྡུས་ཡིན་པར་རྟོགས་ཏེ་རྒྱན་ལ་དད་གུས་རྣལ་མ་ཞེིག་འཕེལ་ཐུབ་པ་མ་ཟད། རྒྱན་གྱི་ནང་དོན་ཟབ་མོ་རྟོགས་པར་གསོན་ཤུགས་སྦྱིན་ངེས། སྔོན་གྱིི་སྐྱེས་ཆེན་རྣམས་ཀྱིས་ཡུམ་གསུམ་དང་འབྲེལ་བའི་མདོ་སྦྱར་ཡོད་པས་དེ་རྣམས་མཇལ་ཏེ། རྒྱན་དང་མདོ་གཉིས་སྦྱར་ནས་གཟིགས་རྟོོགས་མཛད་ཐུབ་ན་ཧ་ཅང་བཟང་མོད། དེ་ནི་དུས་ཚོད་དང་བརྩོོན་ཤེས་གང་མང་ཞེིག་མ་བརྒྱུད་ན་ཤིིན་ཏུ་འགྲུབ་དཀའ་བ་ཞེིག་ཡིིན་གཤིིས། ཁྱེེད་ཀྱིི་དུས་ཚོད་དང་འབད་བརྩོོན་ཆུང་ངུའི་ལམ་ནས་མདོ་ལ་བརྟེན་ནས་རྒྱན་གྱིི་ཟབ་དོན་མྱུར་དུ་རྟོོགས་པའི་རམ་འདེགས་འདིས་བྱེད་ཐུབ་ཅིིང་། གསེར་དང་འདྲ་བའི་དུས་ཚོད་ཀྱིི་བར་སྟོོང་ཕུལ་ཏེེ་དཔེ་ཀློག་གི་དབྱར་གཞུང་དུ། ཤེས་རིིག་གི་མེ་ཏོག་སྣ་ཚོགས་འཐུ་བའི་དུས་ཚོད་གྲོོན་ཆུང་དུ་གཏོང་ཐུབ་པས། བློོ་གསལ་དོན་ཉེར་ཅན་རྣམས་ལ་ཆ་རྐྱེེན་མི་ཉུང་བ་ཞེིག་བསྐྲུན་ཐུབ་སོང་སྙམ་པའི་སེམས་ཚོར་གཅིིག་གིས་དབུ་ཁྱུད་ཅིི་ལ་མི་འབྲི་ཨང་། 



གཉིས། དེབ་གཟུགས་འདིའི་ནང་སྡེ་དགེ་བཀའ་འགྱུར་ཁྲོོད་ཀྱིི་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱིི་མདོ་སྦྱར་དང་། རྫོོང་སར་བཤད་གྲྭས་བསྒྲིགས་པའི་འབུམ་པོ་ཏེི་བཅུ་གཉིིས་སྤྱིི་དེབ་དང་། དཔེ་ཆེ་བ་ཞེིག་ལ་འོོས་ཤིིང་འཚམས་པའི་བརྒྱད་སྟོོང་པའི་བོད་དེབ་འབྲིང་པོ་བཅས་ཀྱིི་མདོ་སྦྱར་ཆ་ཚང་དང་། དེ་དག་དང་འབྲེལ་ཡོད་ཀྱིི་དཔྱད་གཞེི་དང་དཔྱད་འབྲས་སྣ་མང་བསྡུས་ཏེེ་བཀོད་ཡོད། སྡེ་དགེ་པར་ཁང་ནས་ཡུམ་རྒྱས་འབྲིང་བསྡུས་གསུམ་དཔེ་ཆ་བ་ཞེིག་གིས་བླུ་ཐུབ་དཀའ་ཡང་། རྫོོང་སར་བཤད་གྲྭས་པར་གཞེི་གསར་དུ་བསྒྲིགས་པའི་སྡེ་དགེ་བཀའ་འགྱུར་གྱིི་ལྡེབ་གྲངས་དང་། མདུན་རྒྱབ་ཀྱིི་ཡིིག་ཕྲེེང་རྣམས་ཇི་མ་ཇི་བཞེིན་བཀོད་པའི་རྫོོང་སར་བཀའ་འགྱུར་དུ་གྲགས་པ་དེར། ཆེེ་ཆུང་གཉིིས་ལས་ཆེེ་བ་དེའི་དཔེ་སྣ་རིིང་ཐུང་སོགས་པར་ཁང་ཆོས་མཛོད་དུ་བཞུགས་པའི་བཀའ་འགྱུར་དང་གཅིིག་ཡིིན་པས། དཔེ་ཆ་བ་ཞེིག་ལ་ཅིི་གང་ཐད་ནས་སྟབས་བདེ་མོ་མེད་རུང་། ཆུང་བ་དེ་དཔེ་ཆ་བ་ཞེིག་ལ་མཚོན་ན་རིིན་གོང་དང་དེབ་གཟུགས་ཆེེ་ཆུང་སོགས་ཧ་ཅང་འཚམས་ཤིིང་། འབུམ་ཆེེ་ཆུང་གཉིིས་དང་ཉིི་ཁྲི་ཆེེ་བ། བརྒྱད་སྟོོང་ཆེེ་འབྲིང་གཉིིས་ཏེེ། སོ་སོས་གང་མོས་ལྟར་ལོགས་སུ་ཡང་བླུ་རྒྱུ་ཡོད་པ་མ་ཟད། ཡིིག་འབྲུ་དག་ཅིིང་ཤིིན་ཏུ་གསལ་བས་ལྟ་བདེ་མོ་ཡོད། དངོས་སུ་དཔེ་ཆ་འདི་དག་གི་ཆ་རྐྱེན་མ་འགྲིག་ནའང་རྒྱལ་དབང་ཀརྨ་པ་ཕྲིན་ལས་རྡོ་རྗེ་མཆོག་གིས་བཟོས་པའི་མ་ལག་ འདིའི་ནང་གི་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་མདུན་རྒྱབ་ཀྱིི་ཤོག་ངོས་རྣམས་ཀྱང་། སྡེ་དགེའི་ཡུམ་རྒྱས་འབྲིང་བསྡུས་གསུམ་ནང་ལྟར་བཀོད་པ་དང་། ཇོ་ནང་མདོ་སྔགས་རིིག་གཞུང་དཔེ་ཚོགས་ཀྱིས་བསྒྲིགས་པའི་ཉི་ཁྲི་སྤྱིི་དེབ་པོད་གཅིིག་ཅན་དེའི་མདུན་རྒྱབ་ཀྱིི་ཤོག་གྲངས་དང་ཡིིག་ཕྲེེང་རྣམས་སྡེ་དགེ་ཉིི་ཁྲི་ཇི་བཞེིན་བཀོད་ཡོད། རྒྱུ་མཚན་དེའི་དབང་གིས་ཡིག་ཆ་འདི་དག་གི་ཐོག་ནས་མདོ་སྦྱར་བྱས་པ་ཡིིན། དེས་ན་མངོན་རྟོོགས་རྒྱན་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་སྦྱར་ནས་བཀླག་འདོད་ཚེ་གོང་དུ་ངོ་སྤྲོད་བྱས་པའི་ཡིིག་ཆ་རྣམས་ནི་མེད་དུ་མི་རུང་བ་ཞེིག་ཡིིན་མོད། གལ་ཏེེ་དངོས་སུ་ཡིིག་ཆ་འདི་དག་སྟབས་མ་འགྲིག་ནའང་འདིར་སྡེ་ཚན་གཅོད་པའི་སྐབས་སུ་མདོ་རྣམས་མ་འདྲེས་པ་གསལ་བར་བཀོད་ཡོད་པས། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་ཡིག་ཆ་གཞན་གྱི་སྟེང་དུ་གཟིགས་ན་ཡང་ཧ་ཅང་སྟབས་བདེར་བྱས་ཡོད།



གསུམ། མདོ་སྦྱར་འདི་ནི་ཁྱེེད་ཀྱིིས་མངོན་རྟོོགས་རྒྱན་གྱིི་ཟབ་དོན་རྣམས་ཡུམ་གསུམ་དང་སྦྱར་ནས་བདེ་བླག་ཏུ་རྟོགས་པའི་ཐབས་ལམ་ཞེིག་ཡིིན་པས། འདི་ལ་བརྟེན་ནས་སོ་སོའི་ཡུམ་གྱིི་མདོ་རྣམས་ལ་མཚོན་བྱེད་ཀྱིི་ཆོས་དང་། ཡན་ལག་ཉིང་ལག་བཅས་ཀྱི་གཅོད་མཚམས་རྣམས་སུ་ས་བཅད་སོ་སོར་བཀོད་དེ། རྟགས་ཡང་དག་ཅིིག་བརྒྱག་ཐུབ་པ་ནི་ཤིིན་ཏུ་གལ་ཏེེ། མདོ་སྦྱར་འདི་ལ་རྟེན་ནས་རྒྱན་ཚར་གཅིིག་བཀླགས་ཟིན་རྗེེས་སླར་ཡང་ཕན་ཚུན་སྦྲག་མི་དགོས་པ་ཐད་ཀ་མདོ་ལ་བརྟེན་ནས་འཇུག་ཆོག་པ་མ་ཟད། ནམ་ཞེིག་ཡུམ་གྱིི་མདོ་བཀླག་དགོས་ཚེ་མདོ་རང་གི་སྟེང་ནས་རྒྱན་གྱིི་བརྗོད་དོན་རྣམས་དྲན་ཐུབ་པའི་དགེ་མཚན་ལྡན་ཞེིང་། མདོ་སྦྱར་འདི་དག་གི་དགོས་པའང་དེ་ཉིིད་ངོས་འཛིན་བྱེད་ཆེོག་ལ། དཔྱད་གཞེ་དང་དཔྱད་འབྲས་ཀྱིི་སྐབས་སུ་འབུམ་དང་རོང་སྟོན་བཀའ་འབུམ་གཉིིས་ཀྱིི་ལྡེབ་གྲངས་བཀོད་པ་དག་ནི་རྫོོང་སར་བཤད་གྲྭས་བསྒྲིགས་པའི་འབུམ་དང་རོང་སྟོོན་བཀའ་འབུམ་སྤྱིི་དེབ་ལྟར་བཀོད་ཡོད་པཔ་ཐུགས་འཇགས་འཚལ། མཇུག་མཐར་ང་ཚོ་ནི་སྐྱེེས་ཐོོབ་ཀྱིི་བློོ་གྲོོས་དང་བྲལ་ཞེིང་སྦྱོངས་ཐོོབ་ཀྱིི་ཤེས་རབ་དམན་པའི་ཁར། མི་ཤེས་པ་དང་ལེ་ལོའི་དབང་གིས་མདོ་སྦྱར་འདིའི་སྦྱོོར་དངོས་རྗེེས་གསུམ་གང་ཐད་ནས་ནོར་འཁྲུལ་དང་སྐྱོན་ཆ་ཡོད་སྲེིད་པས། ཀློག་པ་པོ་རྣམས་ཀྱིིས་ནོར་འཁྲུལ་ཡོ་བསྲང་གནང་བའི་རེ་སྒུག་དང་། མདོ་སྦྱར་འདིས་རྒྱན་གྱིི་ཟབ་དོན་དག་ལ་བློོ་གྲོོས་ཀྱིི་ལང་ཚོ་དབྱར་་གྱིི་ཆུ་གཏེེར་བཞེིན་རྒྱས་ཏེེ། ཡུམ་གསུམ་གྱིི་བརྗོད་དོན་སྙིིང་པོ་དངོས་བརྒྱད་དོན་བདུན་ཅུའི་དཔལ་ཡོན་ནང་སེམས་སུ་འཁྲུང་ཐུབ་པའི་སྨོོན་འདུན་གྲངས་མེད་ཞུའོོ།།

2024\\3\\19ཉིན་ཁམས་ཀྱི་བྱེ་མ་ཐང་ནས་རྩོམ་པ་པོས་ཕུལ།





མཇུག་སྡུད།

འོ་སྐོལ་གྱི་སྟོན་པ་བཀའ་དྲིན་ཅན་གྱི་གསུང་རབ་དྲི་མ་མེད་པ་ཇི་སྙེད་ཅིག་བཞུགས་པའི་ཁྲོད་ནས། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་རམ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་མདོ་ལ་འཇུག་བདེའི་ཐབས་ཏེ། < རྒྱན་གྱི་མདོ་སྦྱར་ཡུམ་གསུམ་འཇུག་ངོགས་> ཞེས་པའི་དཔེ་དེབ་འདི་ཉིད། ཕྲན་དང་ཕྲན་གྱི་སློབ་གྲོགས་དམ་པ་གཉིས་ཀྱིས་རྫོང་སར་ཁམས་བྱེའི་བཤད་གྲྭ་རུ་མངོན་རྟོགས་རྒྱན་ལ་སློབ་སྦྱོང་བྱེད་པའི་སྐབས་སུ། སྒེར་ངོས་ནས་རྒྱལ་བའི་ཡུམ་ཆེན་མོར་དཔེ་ཀློག་ཅུང་ཟད་ཐུབ་པའི་འདུན་པ་འགྲུབ་ཆེད་དང་། གཞན་མངོན་རྟོགས་རྒྱན་ལ་ཐོས་བསམ་བྱེད་པའི་སློབ་གཉེར་བ་རྣམས་ལ་ཤེར་ཕྱིན་གྱི་མདོ་དང་སྦྲགས་ཏེ། སྒོ་ཀུན་ནས་གཟིགས་བདེ་བ་དང་། འཇུག་བདེ་བ་ཡོང་ཆེད། མངོན་རྟོགས་གང་དང་གང་། མདོ་ཚིག་གང་དང་གང་གིས་བསྟན་པ་རྣམས་ཡུན་རིང་འབད་རྩོལ་གྱི་ངལ་བ་མི་དགོས་ཤིང་། གསེར་ལས་ལྷག་པའི་རིན་ཐང་གི་དུས་ཚོད་ཕོན་ཆེ་བ་དེ་འདྲ་གཏོང་མི་དགོས་པར་བདེ་བླག་ཏུ་འཇུག་ཐུབ་པའི་ཆེད་དུ། བོད་གངས་ཅན་ལྗོངས་ཀྱི་པར་ཁང་ཆེ་བཞིའི་ཡ་གྱལ་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོ་ན་བཞུགས་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཡི་སྟེང་ནས། འབུམ་ལ་དངོས་བརྒྱད་དོན་བདུན་ཅུ་ཙམ་དང་། ཉི་ཁྲི་དང་བརྒྱད་སྟོང་ལ་དངོས་བརྒྱད་དོན་བདུན་ཅུ་དང་། དེའི་ཡན་ལག་དང་ཉིང་ལག་ཐམས་ཅད་ལ་སོ་སོ་དང་། སྤྱི་བསྡོམས་གཉིས་ཀ་གླེགས་བམ་གྱི་དུམ་པ་དང་། དེབ་ཀྱི་ཚུར་ངོས་དང་ཕར་ངོས། གྲངས་ཀ་འདི་དང་འདི། ཡིག་ཕྲེང་འདི་དང་འདི་ཡི་བར་གྱིས་བསྟན་པ་བཅས། བློ་ཆུང་གི་ནུས་པས་ཇི་ཙམ་དཔོག་ཐུབ་ཚོད་ཀྱིས་ཁ་གསལ་དང་ཞིབ་ཆ་སྦྱར་ཅི་ཐུབ་བྱས་ཏེ། ཡི་གེའི་ཕུང་པོ་འདི་ད་ལམ་དེབ་གཟུགས་སུ་བསྐྲུན་པའི་ཁུལ་བྱས་ཡོད། གཞན་ཡང་ཡུམ་གསུམ་གྱི་བར་ལ་མངོན་རྟོགས་སྟོན་བྱེད་ཀྱི་མདོ་ཚིག་ཡོད་མེད། མངོན་རྟོགས་རྒྱན་གྱིས་མ་ཟིན་པའི་མདོ་ཚིག་ཡོད་མེད། སྔོན་དང་ད་ལྟར་བཞུགས་པའི་མདོ་ཡི་བར་ལ་མི་མཐུན་པ་དུ་མ་བཞུགས་པ་སོགས་ཀྱི་དོགས་གཞི། དོགས་གཅོད་བཅས་ཀྱིས་གྲུབ་པའི། འབུམ་གྱི་མདོ་སྦྱོར་སྐབས་ཀྱི་དོགས་གནད་བཞི། དགེ་འདུན་ཉི་ཤུའི་སྐབས་ཀྱི་དོགས་གཞི་བདུན། རོང་སྟོན་གྱི་འབུམ་ཊཱིཀ་ལས་བཏུས་པའི་དཔྱད་གཞི་ཉེར་བདུན། ཉི་ཁྲིའི་མདོ་སྦྱོར་སྐབས་ཀྱི་དཔྱད་གཞི་ཉི་ཤུ། རོང་སྟོན་གྱི་མཇལ་བའི་འབུམ་གྱི་དཔྱད་འབྲས་གསུམ། ཟུར་སྐོར་གྱི་གཞུང་ལས་བྱུང་བའི་དཔྱད་འབྲས་གཉིས་བཅས། ཡུམ་གསུམ་གྱི་དཔྱད་གཞིའི་ལྷན་ཐབས་ཐོར་བུ་བ་ཞིག་ཀྱང་ཕུལ་ཡོད་པས། བོད་གངས་ཅན་གྱི་རིས་སུ་མ་ཆད་པའི་སློབ་གཉེར་བ་ཡོངས་ལ། མཁོ་སོད་པ་ཞིག་དང། ཐུགས་དགྱེས་པ། ཡིད་ཀྱི་དགའ་སྟོན་དུ་འགྱུར་བའི་ཚོར་སྣང་ཞིག་དང་བཅས། རྒྱན་དང་རྒྱན་འགྲེལ་གྱི་རྩ་བའི་ཁུངས་ལ་ཐད་ཀར་དུ་འཇུག་པ་ལ་མཐུན་རྐྱེན་གལ་བོ་ཆེ་ཞིག་ཏུ་འགྱུར་བའི་རེ་བ་ཡང་ཤིན་ཏུ་ལྕི་མོད། དེ་ལྟ་ན་ཡང་། ཁོ་པ་དང་ཁོ་པ་ལྟ་བུ་དག་ནི་དཔྱོད་ཤེས་ཀྱི་བློ་མིག་ཤིན་ཏུ་དོག་ཅིང་། ཟབ་ཅིང་བརླིང་པའི་ནང་པའི་བཀའ་བསྟན་གསུང་རབ་ཀྱི་ཚོགས་ལ་ལྟ་བའི་ཤེས་རབ་ཀྱི་སྤྱན་རིས་ཀྱང་ན་མ་སྨིན་པ་ཤ་སྟག་ཡིན་པས། མདོ་ཚིག་བཅད་མཚམས་ནོར་བ། མདོ་སྦྱོར་གོང་འོག་འཁྲུགས་པ། མདོ་ཚིག་ཕྱིན་ཅི་ལོག་ཏུ་བཀྲལ་བ་སོགས། ཤེས་རབ་ཀྱི་ཚད་ངེས་ཅན་ལ་མ་སླེབས་པའི་རྐྱེན་གྱིས། དེབ་འདིར་ནོར་བ་དང་འཁྲུལ་བའི་རིགས་མང་དུ་ཡོད་ངེས་པས། མཆོག་ཏུ་བཀུར་བར་འོས་པའི་བླ་མ་དགེ་བའི་བཤེས་གཉེན་རྣམས་དང་། མཁྱེན་དཔྱོད་ཀྱི་བརྡ་ཡངས་པའི་ཕྱོགས་ཀྱི་སློབ་གཉེར་བ་དག་གིས་གང་ཅིའི་ཐད་ནས་ནོར་འཁྲུལ་མཛུབ་སྟོན་བྱེད་པའི་རེ་བ་སྙིང་ནས་ཞུས་པ་ལགས། དེ་དང་ཆབས་ཅིག་ཏུ། རིན་བྲལ་གྱི་མི་ལུས་རིན་པོ་ཆེ་གནང་བའི་སྐྱེ་བ་འདིའི་དྲིན་ཆེན་ཡབ་ཡུམ་ཟུང་དང་། ལེགས་པའི་ལམ་སྟོན་ཅིང་ཐུགས་རྗེས་བར་མེད་བསྐྱངས་པའི་དགེ་བའི་བཤེས་གཉེན་རྣམས་དང་། ཡུན་རིང་འདྲིས་ཤིང་བཤིབས་ནས་ཡོང་བའི་བརྩེ་བའི་ཆོས་གྲོགས་རྣམ་པས་གཙོས། འུ་ཅག་གི་མི་ཚེ་འདིར་སྒོ་ཀུན་ནས་སེམས་ཤུགས་དང་རེ་བ། འོད་སྣང་དང་མདུན་ལམ་སྩོལ་མཁན་ཡོངས་དང་། མ་ཟད། དེབ་ཆུང་འདིའི་ཕྱི་ཤོག་དང་དཔེ་སྒྲིག་ཞུ་དག་སོགས་ཀྱི་མཐུན་རྐྱེན་སྐྲུན་མཁན་ཡོངས་ལ་ཡང་། ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་བ་དང་། མཇུག་མཐར། ལས་དབང་གཅིག་པའི་རིགས་མཐུན་གྱི་སློབ་གཉེར་བ་ཡོངས་ཀྱི་ཐོས་བསམ་སྒོམ་གསུམ་གྱི་བྱ་བ་མཐར་ཕྱིན་ཏེ། ཐུགས་བཞེད་མཐའ་དག་གེགས་མེད་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུའོ།།                                                              ༢༠༢༤ལོ། ཟླ་བ། ༣ ཚེས། ༡༥ ཉིན། ཁམས་ཀྱི་བྱེ་མ་ཐང་ནས་རྩོམ་པ་པོས་ཕུལ་བ་དགེ།
                    རྩོམ་སྒྲིག་པ། མྱི་གསར་བ། 


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Neteas