དཔེ་འཕྲིན། མདུད་པ།

    རྩོམ་པ་པོ། ཚྭ་ནག གཉན་བུ།


དཔེ་འཕྲིན། མདུད་པ།


                           རྩོམ་པ་པོ། ཚྭ་ནག གཉན་བུ།  

 
    སྐུ་ཉིད་ཁམས་བཟང་།  བོད་སྐད་བོད་ཡིག་གི་ངོ་སོ་ཆུང་བའི་དུས་སྐབས་འདིར།  རང་ཅག་སྐད་ཡིག་འདིའི་བདག་པོར་གྱུར་བ་སུ་དང་གང་ཡིན་ཡང་འདིའི་ཚེ་སྲོག་སྲུང་བའི་འདུ་ཤེས་ཡོད་འོས་པར་སེམས། དེས་ན་ངེད་གཉིས་ཀྱི་མདུད་པ་ཞེས་པའི་སྙན་དེབ་འདི་ཕ་སྐད་མ་ཡིག་གི་སྒྲ་གདངས་དང་འབྲེལ་ནས་མཐོ་སྒང་གི་རྩྭ་ཐང་དུ་ལུག་ཁྱུ་བཞིན་གྲམ་ལ་ཉེ། རེ་བའི་གཟིགས་རྒྱ་ཡངས་པོར་འབྱེད་ཅིང་སེམས་ཀྱི་འཁྱེར་སོ་གཅིག་ཏུ་གྱུར་བའི་རིགས་མཐུན་གྱི་ན་གཞོན་ཚོགས། ངེད་གཉིས་ནི་ན་ཚོད་ཀྱི་ཚོར་བའི་རྟ་ཁྱུ་ཞེ་ནས་འདེད་ཅིང་། ནང་སེམས་ལ་སྔོག་འདོན་བྱེད་པར་སྤྲོ་བས་ཡི་གེའི་སྒྱུ་འཕྲུལ་གྱི་དབང་དུ་སོང་བ་ཞིག་ཡིན། དེ་བས་སྙན་དེབ་འདི་ནི་ངེད་གཉིས་ཀྱི་འཇིག་རྟེན་འདིར་བཞག་པའི་ཐོག་མའི་རྐང་རྗེས་ཙམ་པོ་བ་ཞིག་ཡིན་ཡང་སྲིད་ལ། འཚོ་བའི་ནང་གི་ཐོབ་ཤོར་དང་དགའ་སྡུག་གི་རྣམ་འགྱུར། མི་སྒེར་གྱི་བསམ་གཞིག་དང་ཤུགས་དྲགས་པའི་ཚོར་འདུ་སོགས་སྙིང་ཉེ་བའི་ཀློག་པ་པོ་རེ་རེ་ལ་སྤྲོད་སྟངས་ཤིག་ཀྱང་ཡིན་སྙམ། མོས་འདུན་ཡོད་པའི་འཛད་སྤྱོད་པ་ཚོས་འོག་གི་གཤེར་རིས་བརྒྱུད་ནས་འབྲེལ་བ་གནང་རོགས། ཐུགས་རྗེ་ཆེ། 

                     རྩོམ་སྒྲིག་པ། མྱི་གསར་བ། 

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Neteas