དཔེ་འཕྲིན། ཁབ་མིག་ལས་མཐོང་བའི་འཇིག་རྟེན།

    ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་།


དེབ་གསར་འགྲེམ་བརྡ། ཁབ་མིག་ལས་མཐོང་བའི་འཇིག་རྟེན།

ངག་རིག་འདབ་བརྒྱ་ལས་གྲོལ་བའི་རིག་པའི་ཉིང་བཅུད། སྒྲུང་གི་འཇིག་རྟེན་ལས་འཁྲུངས་པའི་འཚོ་བའི་ཁ་དོག  འདི་ན་ངོ་མཚར་གཏམ་གྱིས་ཕྱུག་པའི་སྒྱུ་རྩལ་གྱི་གསང་བའི་རྣམ་གཞག་ཡོད་ལ། འདི་ན་རིག་པའི་རྣམ་དཔྱོད་ལས་སྐྱེས་པའི་བདེན་དགེ་མཛེས་གསུམ་གྱི་དགའ་སྟོན་ཡོད། 

བོད་ཀྱི་རྩོམ་རིག་སྤྱི་དང་ལྷག་ཏུ་རྩོམ་རིག་གསར་རྩོམ་ལ་འཇུག་བཞིན་པའི་ན་གཞོན་དག་ལ་ཆེད་དུ་དམིགས་ནས་ད་ལམ་བོད་ཀྱི་སྒྲུང་ཐུང་ཡིག་བརྒྱ་མ་ཕྱོགས་བསྒྲིགས་ཐོག་མ(ཁབ་མིག་ལས་མཐོང་བའི་འཇིག་རྟེན)་ཞེས་པ་འདི་ད་ལྟ་དངོས་སུ་དཔར་བསྐྲུན་བྱས་ཏེ་ཉིན་འགའི་རྗེས་སུ་སྡེབ་འཚོང་དང་སིལ་འཚོང་བརྒྱུད་ནས་ས་གནས་སོ་སོར་འགྲེམ་སྤེལ་བྱེད་འཆར་ཡོད་ཅིང་། ཕྱོགས་བསྒྲིགས་ཀྱི་སྒྲུང་རྩོམ་དེབ་འདི་ནི་ད་སྔར་བོད་ཀྱི་རྩོམ་རིག་གི་སྐྱེད་ཚལ་དུ་བཞད་མ་མྱོང་བའི་གསར་གཏོད་ཀྱི་རྣམ་པ་ཞིག་ཡིན་པ་གདོན་མི་ཟ་ལ་འདིར་འདུས་པའི་སྒྲུང་རྩོམ་དག་ཀྱང་བོད་ཀྱི་རྩོམ་པ་པོ་རྒན་རབས་དག་གི་སྒྲུང་རྩོམ་ཤས་ཆེ་ཞིང་། མ་ཟད་གསར་རྩོམ་ལ་འཇུག་བཞིན་པའི་ན་གཞོན་ཁ་ཤས་ཀྱི་སྒྲུང་རྩོམ་དང་སྐད་གསུམ་སྨྲ་བའི་ལོ་ཙྭ་བ་རྒན་རབས་དག་གི་བསྒྱུར་རྩོམ་ཡང་འདུ། ད་དུང་སྒྲུང་རྩོམ་གྱི་གལ་ཆེའི་རང་བཞིན་རྟོགས་ཆེད་དམིགས་བསལ་གྱིས་སྐད་ཆའི་ལམ་སྟོན་དུ་སྒྲུང་རྩོམ་གྱི་ལམ་ཁ་དང་འབྲི་བའི་ཐབས་ལམ་སོགས་རྣམ་པ་དུ་མ་ལས་གྲུབ་པའི་ལེ་ཚན་བཞི་བཀར་ཡོད་ཅིང་སྒྲུང་དེབ་འདིས་མིག་སྔའི་བོད་ཀྱི་སྒྲུང་རྩོམ་གྱི་སྟོང་ཆ་ཞིག་སྐོང་ཐུབ་པའི་སྨོན་ལམ་དང་བཅས་ཕུལ་བ་ལགས།


རྩོམ་པ་པོའི་ངོ་སྤྲོད་འདྲ་པར།

སི་ཁྲོན་རྫ་ཆུ་ཁ།
ནས་སོན་དཔེ་ཁང་།  སྐད་འཕྲིན། wo1609908996
ཁ་པར་ཨང་གྲངས།  1399727509


སི་ཁྲོན་གསེར་རྟ།
ནཱ་ལེནྡྲ་ཤེས་རིག་དཔེ་ཚོང་ཁང་།  སྐད་འཕྲིན  nlz823
ཁ་པར་ཨང་གྲངས།   13990461823


ཟི་ལིང་གྲོང་ཁྱེར།   
ཀེ་ལ་ཤ་རིག་གནས་ལས་སྒྲུབ་ཁང་།  སྐད་འཕྲིན  Gelaishi_Design
ཁ་པར་ཨང་གྲངས།   18693189883


མཚོ་སྔོན་མགོ་ལོག
རྫ་སྦི་རག   18383608677
ཁ་པར་ཨང་གྲངས།  18197498250

                              རྩོམ་སྒྲིག་པ། གུ་དཔལ་ཤིས།