དཔེ་འཕྲིན། ལབ་ཀྱི་མདོ།

    ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་།


དེབ་གསར་ལབ་ཀྱི་མདོ་འགྲེམ་བརྡ།

                     ཁ་བ་རང་འཚོས་བརྩམས།
བོད་ཀྱི་སྤྱི་ཚོགས་སུ་གླུ་བ་འགའ་རེ་དར་དུས་དེའི་རྗེས་འབྲངས་ནས་ཡོངས་ཀྱིས་གླུ་ལེན་པ་དང་སྙན་ངག་པ་འགའ་རེ་དར་དུས་དེའི་རྗེས་འབྲངས་ནས་ཚང་མས་སྙན་ངག་འབྲི་བ་ལྟ་བུའི་གཡམ་ལ་བརྒྱུགས་པའི་ལས་ཀ་མང་མོད་ཀྱང་ང་ནི་དེ་དག་ལ་ཧ་ཅང་སུན་པའི་མི་ཞིག་སྟེ་རང་གིས་སྒྲུབ་འདོད་པའི་བྱ་བའམ་དགའ་ཕྱོགས་ལ་སྒེར་ཚུགས་ཀྱིས་གཙོར་སྙེག་དགོས་ཞེས་ནན་སྐུལ་བྱེད་མཁན་ཞིག་ཡིན།  སྤྱིར་བཏང་རང་གི་འདོད་པ་ལྟར་གྱི་མི་ཞིག་བྱ་བ་དང་གཞན་གྱི་ཟེར་སྒྲོས་ལ་མི་འཇིགས་པ་ནི་རབ་ཏུ་སྒྲུབ་དཀའ་བའི་དོན་ཞིག་ཡིན་ནའང་ང་ཡིས་དེའི་ཕྱོགས་སམ་ཆ་ཙམ་ལ་བསམ་བློ་གཏོང་མཁན་དེར་སྙིང་ཐག་པ་ནས་ཡི་རང་དང་རྒྱབ་སྐྱོར་བྱེད་ཀྱིན་ཡོད།
ད་ལན་གྱི་དེབ་འདིའང་ང་རང་གི་འདོད་པ་ལྟར་བྲིས་བའི་རྩོམ་ཉོག་ཅིག་ཡིན་སྲིད་ནའང་།  མེ་ཏོག་རེ་རེ་ལ་ཐུན་མིན་གྱི་མཛེས་སྡུག་དང་མི་རེ་རེ་ལ་ཡང་ཐུན་མིན་གྱི་བསམ་གཞིག་བྱེད་སྟངས་དང་སྒྱུ་རྩལ་གྱི་བློ་སྦྱོང་ཡོད་ངེས་པས་ན་ངའི་དེབ་འདི་ལའང་ཐུན་མིན་གྱི་ཆ་ཅུང་ཙམ་རེ་མངའ་སྲིད་ལ། དེ་ནི་ངའི་བསམ་གཞིག་གི་གྲུབ་འབྲས་དང་རྩོམ་རིག་སྒྱུ་རྩལ་ལ་དུངས་པའི་དན་རྟགས་ཆུང་ངུ་ཙམ་ཡང་ཅི་ལ་མིན།

        
                    རྩོམ་སྒྲིག་པ། མྱི་གསར་བ།