དཔེ་འཕྲིན། ནད་པ་རིང་ལུགས།

    པེ་ཅིན་རིག་གནས་དཔེ་སྐྲུན་ཁང་།


ནད་པ་རིང་ལུགས་ཚང་གི་དཔེ་ཆ་མཚམས་སྦྱོར་དང་། དཔེ་འཕྲིན།



ཁམས་ཡུལ་ཤུལ་གྱི་རྩོམ་རིག་ཚོགས་པནད་པ་རིང་ལུགསཚང་གི་སྙན་དེབནད་པ་རིང་ལུགསཞེས་པ་འདི་ནི།  རང་མི་རིགས་ཀྱི་རྩོམ་རིག་ལ་བློ་སེམས་གཅིག་ཏུ་དཀར་ཞིང་བོད་ཀྱི་སྤྱི་སྒེར་རྩོམ་སྟེགས་ཀྱི་དྲྭ་དེབ་ཚགས་གསུམ་ནས་རྩོམ་རིག་གི་གོ་གནས་འོས་འཚམས་རེ་འཐོབ་བཞིན་ཡོད་པའི་ན་གཞོན་སྙན་ངག་པ་ལྔ་ཡིས་ཉེ་བའི་ལོ་འདི་གར་བྲིས་པའི་སྙན་ངག་རྣམས་ལས་ལེགས་གྲས་དག་བདམས་ཏེ་ཕྱོགས་བསྒྲིགས་བྱས་པ་ཡིན།
མདོར་ན་ང་ཚོའི་སྙན་ངག་གི་སྒྱུ་རྩལ་ནི་དོན་མེད་ཚིག་རྒྱན་གྱིས་སྤུད་པའི་ཐ་སྙད་མང་པོ་ཞིག་ཕྱོགས་གཅིག་ཏུ་དཔྱངས་པ་ཙམ་མ་ཡིན་པར། ནང་སེམས་ཀྱི་འཆར་ཡན་དང་དགའ་སྐྱོའི་རྦ་རླབས་དྲག་ཏུ་གཡོས་པའི་མཛེས་སྡུག་ཅིག་ཐུན་མོང་གི་སྣང་ངོར་བཀྲམ་པ་ལགས་པས། སྤྱིར་བོད་ཀྱི་སྙན་ངག་དང་སྒོས་སུ་ཡུལ་ཤུལ་བའི་རྩོམ་རིག་དང་སྙན་ངག་གི་ས་ལམ་སྔར་ལས་ཡངས་བ་ཞིག་ཆགས་པར་ཆུ་རྒྱས་གཟིངས་མཐོ་དང་ཕྱར་བ་གྲུ་འདེགས་ཡོང་བའི་རེ་བ་ཅུང་ཙམ་ཞིག་ཁྱེར་ནས་ཐོན་ཡོད།

                                               
སིལ་ཚོང་དང་སྡེབ་ཚོང་གི་འབྲེལ་གནས།

ཟི་ལིང་གྲུ་ཆར། ༡༧༣༩༤༥༦༠༩༧༡
ཡུལ་ཤུལ་རྩམ་པ།   ༡༨༠༩༧༡༦༦༨༦༦
བླ་རུང་གུ་དཔལ་ཤིས། ༡༣༠༨༦༣༥༩༧༦༧

                                    རྩོམ་སྒྲིག་པ། མྱི་གསར་བ།