དཔེ་འཕྲིན། དུར་དུ་སྦས་པའི་ཐ་སྙད།

    ཡུན་ནན་རིག་གནས་སྒྱུ་རྩལ་པར་སྐྲུན་ཁང་།


དཔེ་འཕྲིན། དུར་དུ་སྦས་པའི་ཐ་སྙད།


སྙིང་ཉེ་བའི་ཀློག་པ་པོ་རྣམ་པ།    ཁྱེད་ཅག་ཁམས་བཟང་ཞུ།  དེ་ཡང“དུར་དུ་སྦས་པའི་ཐ་སྙད”འདི་ནི་ཕ་ཡུལ་དང་རྨི་ལམ་གཅིག་པའི་ན་གཞོན་ཚོམས་ཤིག་སྟེ།
གདུགས།  རྦ་རླབས། མེ་ཆར།  མེ་ཐུར།    མཚོ་བྱ།   ཝེར་མ།    ལྷམབཅས་ཀྱི་དུར་དུ་སྦས་པའི་འདས་མ་ད་གསུམ་གྱི་བརྗོད་བྱའི་འཇིག་རྟེན་རེ་རེ་རྗོད་བྱེད་ཐ་སྙད་ཀྱིས་མཛེས་པར་བརྒྱན་ཏེ། ཁ་དོག་མི་གཅིག་པའི་གཏམ་རྒྱུད་དང་། སྣང་ཚོར་མི་མཉམ་པའི་མཛེས་པ་དག་མི་ཡུལ་གྱི་དཔྱིད་ཀ་འདིར་ཐོག་མར་འཁྲུངས་པའི་དུས་ལ་སླེབས་པས། འཛུམ་གྱིས་ཁེངས་པའི་སྤྲོ་བས་བསུས་ཤིང་། ཚོད་དང་མཐུན་པའི་རིན་ཐང་རེ་གནང་བར་འཚལ་ལོ། །

འོན་ཀྱང་།  ང་ཚོ་ནི་སྙན་ངག་གི་མཛེས་སྡུག་ལ་དུང་བ་ཙམ་ལས་ཚིག་གི་བཙོ་སྦྱང་དང་དོན་གྱི་རྣམ་འགྱུར་གང་ནས་ཀྱང་མག་མོག་གི་དྲི་མས་ཁྱབ་པས་ཀློག་པ་པོ་དག་ལ་ངོམ་རིན་དང་ལྟ་རིན་གང་ཡང་མེད་སྲིད་ཀྱང་།  ལང་ཚོ་སྙན་ངག་ལ་བསྟིམས་ཤིང་ཕྱི་མིག་སྙན་ངག་ལ་བཞག་པའི་ང་ཚོས་སྙན་ངག་ལ་དགའ་བའི་རྣམ་འགྱུར་དང་མཛེས་སྡུག་ལ་དུང་བའི་མཚོན་བྱེད་ཙམ་དུ་ཕུལ་བ་ལས་གཞན་དུ་མ་མཆིས་སོ། 
སླད་མར་དཔེ་ཆ་འདི་ཉིད་ཉོ་བར་འདོད་ན་གཤམ་གྱི་གཤེར་རིས་བརྒྱུད་ནས་ཉོ་བར་ཞུའོ། ། 
འབྲེལ་གཏུགས་ཁ་པར། 18181449777
                      སྒྲིག་སྦྱོར་བ། མྱི་གསར་བ།