དཔེ་འཕྲིན།རྣམ་ཤེས་ཀྱི་ངལ་དུབ།

    ཡུན་ནན་རིག་གནས་སྒྱུ་རྩལ་པར་སྐྲུན་ཁང་།


དེབ་གསར་<རྣམ་ཤེས་ཀྱི་ངལ་དུབ་>ཀྱི་འགྲེམ་བརྡ།

གསར་སྐྱེས་གྲྭ་བཙུན་སྙན་ངག་པ་ངར་ཆ་ལགས་ཀྱི་སྙན་དེབ་འདི་ལས་ཁོང་གིས་རང་གི་མཐོང་ཐོས་མྱོང་གསུམ་གྱི་སེམས་ཚོར་སྣ་ཚོགས་ཚིགས་བཅད་སྙན་ངག་དང་རང་མོས་སྙན་ངག་གཉིས་ཀའི་ལམ་ནས་ཇི་བཞིན་དུ་མཚོན་ཡོད་པ་དང་། རྗེས་ཕྱོགས་བརྗོད་བྱའི་ཐད་ནས་ཁྱབ་ཇེ་ཆེར་བཏང་བ་ཡིན་ན། མ་འོངས་པར་སྙན་ངག་ཡག་པོ་འཁྱོང་སྲིད་པའི་སྙན་ངག་པ་ཞིག་ཏུ་འགྱུར་བར་གདོན་མི་ཟ།

                                                          མར་ཁུ་རྒྱལ་མཚན་གྱིས།

 

རྩོམ་ཡིག་ཀློག་མ་ཐུབ་ཀྱང་། ཁ་བྱང་གཅིག་པུས་བསམ་གཞིག་རི་འདྲ་བ་ཞིག་དྲུད་ནས་འོང་། ང་ཚོས་ནི་རང་ཉིད་ཀྱི་འདོད་རྔམ་ཁོ་ནས་རྣམ་ཤེས་ལ་རྫོགས་མཐའ་མེད་པའི་ངལ་དུབ་ཅིག་བསྐྲུན་ཡོད་ངེས། གལ་ཏེ་རྣམ་ཤེས་འདི་དབྱིབས་དང་ཁ་དོག་ལྡན་པའི་བྱ་དངོས་ཤིག་ཡིན་ཚེ། དེ་ནི་བལྟར་མི་བཟོད་པ་ཞིག་ཡིན་ཨང་། ཁྱེད་ཀྱི་སྙན་དེབ་འདི་བརྒྱུད་ནས་རྣམ་ཤེས་སྐོར་ཞིག་ངལ་དུབ་ཀྱི་འཆིང་རྒྱ་ལས་ཐར་བའི་རེ་བ་ཆེ།

 

                                                                ལྡོང་ཆུ་ཤེལ།

སུ་ཞིག་གིས་རྣམ་ཤེས་ཀྱི་ངལ་དུབ་ཚོར་ཚེ་ཅི་དགར་བག་ཕེབས་པའི་ངལ་གསོར་བསྟེན།  སྙན་ངག་ནི་སེམས་ཀྱི་སྐྱོ་ངལ་གསོ་བའི་གཉེན་པོ་གཅིག་པུ་དེ་ཡིན་ན།  ད་ནི་སྐུ་ཉིད་ཀྱི་སྙན་དེབ་ཀྱིས་ཀུན་ལ་བདེ་བའི་ལོངས་སྤྱོད་བར་མེད་དུ་སྩོལ་ཤོག་ཨང་།

 

                                                                 བདེ་སྐྱིད་སྒྲོལ་མ། 

 

སྙན་ངག་ནི་དབྱིངས་རང་བཞིན་གྱིས་དྭངས་པའི་མཛེས་རྟོག་གི་ཁམས་ཤིག་སྟེ། འཕོ་འགག་དང་སྐྱེད་འཕེལ་གྱི་ཆོས་ཅན་དུ་གྲུབ་པའི་གཉུག་མའི་འཁོས་ཀ་ཅན་གྱི་ཡིད་འགྱུར་ཞིག་ཡིན་ན། སྐམ་ཐན་དང་ཙད་པ་ཡིས་གདུང་བའི་བདག་ཉིད་ཅན་དག་ནི་སྙན་ངག་གི་སྲད་བུར་འཇུས་ཏེ་ཆོས་ཉིད་ཀྱི་དབྱིངས་སུ་ཞུགས་པའི་ཡིད་འགུག་གི་ཆོས་ཅན་ལ་བཤོལ་འདེབས་པ་དང་བརླ་རྡུང་གིན་འདུག་ན། ཚུལ་དང་ཚུལ་འཆལ་གྱི་ར་སྐོར་དུ་གསོན་པའི་ཁམས་འདི་ལ་ལོག་གཡེམ་གྱི་སྦྱོར་བ་གཞན་གྱིས་ཅི་བྱ་ཨང་། དེ་བཞིན་གྲོགས་པོ་ངར་ཆ་ལགས་ཀྱི་བརྩམས་ཆོས་དག་ཀྱང་དེའི་འཁོར་དུ་ཐེ་བའི་སེམས་བསྐྱེད་ཞུས་པ་ཡིན། 
                                                              ཞེས་ཛ་ཕོག་ཏུ་འབོད་པས།

འདི་ནི་རླབས་ཆེན་གྱི་སྐྱེས་བུ་ཞིག་གི་ཕྱག་རྗེས་ལས་གྲུབ་པའི་ཡིག་འཇོག་ཅིག་མིན་ཡང་།  རང་སེམས་ཀྱི་རྩྭ་ཐང་ན་བག་ཡངས་ཀྱིས་རྒྱུག་ཤར་གློད་པའི་རྟེའུ་ཞིག་དང་མཚུངས་པར། ཕ་མ་དང་ཨ་ཁུ་སོགས་ཀྱི་སེམས་པ་གསོ་བའི་གྲུ་ཆུང་ཞིག་འཁོར་བའི་རྒྱ་མཚོར་གཏོང་བ་ལགས་ན། ཁྱེད་གྲོགས་པོ་དང་ཀློག་པ་པོ་དག་གིས་རླབས་རྩེར་འཕྱོ་བའི་སེམས་ཀྱི་ལང་ཚོ་འདི་ག་བཞེས་སུ་གསོལ། 

                                                                       རྩོམ་པ་པོས།

དཔེ་ཆ་མངག་ཉོ་བྱེད་ས།
ཁ་པར་ཨང་གྲངས།13558513925
འཕྲིན་ཕྲན་འབྲེལ་གནས། 2579655228
                        སྒྲིག་སྦྱོར་བ། མགོ་ལོག་ཆུ་ཐིགས།