ཨ་མ་ལ་ཕུལ་བ།

    ཡིག་སྒྱུར་བ། ཆར་ཟིལ་མ།


ཨ་མ་ལ་ཕུལ་བ།
 
                         ཀྲའོ་དབྱིན་ཅུན།(赵英俊)
                                   ཆར་ཟིལ་མས་བསྒྱུར།


ཨ་མ། ངས་དུས་ཡུན་ག་ཚོད་ཅིག་ལ་ང་ཁྱེད་ལ་དགའ་ཞེས་བཤད་མེད།
ངས་ཤེས་ཡོད།  ཁྱེད་རང་ཏན་ཏན་ཁ་རོག་གེ་ངུས་ཡོད་སྲིད།
ཁྱེད་རང་ཤེས་མེད་ཚོར་མེད་ཅིག་ཡིན་ནམ།
ཡང་ན་ཡིད་ཆེས་བྱེད་མི་འདོད་པ་ཡིན།
ཁྱེད་ཀྱི་པང་གི་གཅེས་ཕྲུག་དེ། ད་ཆ་གནམ་འདེཊ་ས་གནོན་ཐུབ་པའི་མི་ཞིག་ཆགས་ཡོད།
 
ཨ་མ། ངས་དུས་ཡུན་ག་ཚོད་ཅིག་ལ་ཁྱེད་རང་དམ་པོར་ངང་འཁྱུད་མེད།
ངས་ཤེས་ཡོད། ཁྱེད་རང་ཁུ་སིམ་མེ་ཡིད་སྐྱོ་ངེས།
ཁྱེད་ཀྱིས་དོགས་པ་མ་བྱེད་རོཊ། ཁྱེད་ཀྱིས་ངེས་པར་དུ་ཡིད་ཆེས་དགོས།
ཁྱེད་རང་ནམ་ཡང་ངའི་ཆེས་སྙིང་ཉེ་བའི་མི་དེ་ཡིན།
 
ཨ་མ། ནམ་ཞིག་ལ་ང་རང་རྒྱང་དུ་བཞུད་དགོས།
ཁྱེད་ཀྱིས་ང་ལ་གནང་བའི་ཚེ་སྲོག་འདིའི་སྙིང་བོ་མངོན་འགྱུར་བྱེད་པར་ཆས་དགོས།
ངས་ཤེས་ཡོད། ཁྱེད་ཀྱིས་ཐུཊ་ཁྲལ་གནང་ངེས། 
ཁྱེད་རང་ཡང་ཁེར་རྐྱང་ལུས་སྲིད། 
ཁྱེད་ཀྱིས་ཀྱང་ཉན་འདོད་མེད་པ་ཤེས། ངས་དགོངས་དག་ཞུ་བར་གསན་རོགས།
 
ཨ་མ། དོན་དག་མང་པོ་ཞིག་ངས་གང་ནས་བཤད་དགོས་པ་ཤེས་མ་སོང་།
འཚར་ལོངས་དང་སྔོན་ལས་དེ་དག་སུས་ཀྱང་འགོག་རྒོལ་མི་ནུས་པ་ཞིག 
ཁྱེད་རང་ངའི་ཆེད་དུ་ང་རྒྱལ་སྐྱེད་དགོས། 
ང་ཡང་སྔ་ཙམ་ཕྱིར་ལོག་ཡོང་།
རྒྱུ་མཚན་ནི། ཁྱེད་ཡོད་སའི་གནས་ནི་གཞིས་ཁྱིམ་ཡིན།
                            ༢༠༢༠.༩.༡༢

给妈咪
 
       作词 : 赵英俊

 
妈 ,我多久没有说我爱你,
我知道你一定偷偷的哭泣。
是你不知不觉 ,还是不愿相信。
你怀里的Baby, 如今已顶天立地。
 
妈, 我多久没有紧紧抱你,
我知道你一定悄悄的伤心。
请你不要怀疑 ,请你一定相信,
你永远都是我 最最亲爱的人。
 
妈妈 ,我终有一天将要远行,
去实现你给我这个生命的意义。
我知道你会担心,也知道你会孤寂,也知道你不想听 。听我说对不起。
 
妈妈, 有太多不知从何说起,
那些成长和宿命谁都不能抗拒,
你要为我骄傲, 我也会早点回去。
因为你在哪里, 家就在哪里。

         རྩོམ་སྒྲིག་པ། མྱི་གསར་བ།

            མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease