༤ འོད་སྟོང་ལྡན་པའི་ཐེ་ཀོར་གྱི་མི་ཚེ།

    ཡིག་སྒྱུར་བ། སྒྲེ་བོ།


འོད་སྟོང་ལྡན་པའི་ཐེ་ཀོར་གྱི་མི་ཚེ། 
ཚན་པ་བཞི་པ།

                       སྟོང་བ།
 
                             སྒྲེ་བོས་བསྒྱུར།

          ཐེ་ཀོར་བྷོམ་བྷེ་ལ་(Bombay)་བཏང་བ་དང་བྷོམ་བྷེ་ནས་བུ་མོ་ཞིག་ལ་ཟུར་ཁྲིད་དགེ་རྒན་དུ་བསྟེན་པ་དང་བུ་མོ་དེ་ལ་ཡང་ཐེ་ཀོར་ལ་ཟུར་ཁྲིད་བྱེད་པའི་བྱ་བ་ཐོབ།  རིམ་གྱིས་ཁོང་གཉིས་བར་དུ་མཛའ་བརྩེའི་འབྲེལ་ལམ་ཇེ་མཐོར་གྱུར།  ཁོ་མོས་ཐེ་ཀོར་ལ་སྤོབས་པ་དང་སེམས་ཤུགས་བསྩལ་བ་ལ་བརྟེན་ནས་ཐེ་ཀོར་གྱིས་སྙན་ངག་ཅིག་ཀྱང་བརྩམས་ཡོད།  མ་ཟད་ཐེ་ཀོར་གྱིས་རང་གི་ཟུར་ཁྲིད་དགེ་རྒན་ལ་མིང་ཞིག་ཀྱང་ཕུལ་ཡོད་ལ།  དེ་ནི་ཁོང་གི་སྙན་ངག་ལས་མངོན་པའི་ནཱ་ལེ་ནེ་(Nalini)་ཞེས་པའི་ཐ་སྙད་འདི་ཡིན་ནོ།།

         ཕྱི་ལོ་
1887་ལོར་ཐེ་ཀོར་གྱི་རཱ་ཇཱིར་ཞི(Rajarshi)ཞེས་པའི་དཔེ་ཆ་དེ་དཔར་སྐྲུན་བྱས་པ་དང་།   ཕྱི་ལོ་1889་ལོར་ཐེ་ཀོར་གྱི་སྒྲུང་རིང་ཐོག་མ་རཱ་ཇཱ་ཨར་རཱ་ནེ་(Raja Aar Rani)་ཞེས་བྱ་བ་དཔར་སྐྲུན་དང་འགྲེམ་སྤེལ་བྱས།
སྤྱིར་ཕྱི་ལོ་
1890་ནས1900་བར་གྱི་དུས་ཡུན་དེ་ནི་ཐེ་ཀོར་གྱི་རྩོམ་རིག་གི་ཤེས་རབ་ཆེས་མཐོ་བའི་དུས་ཡིན།  དུས་ཡུན་དེའི་ནང་དུ་ཐེ་ཀོར་གྱི་ཕྱག་ལས་ཡག་ཤོས་ནི་མཱ་ནཱ་ཞི(Manashi)།   སཱོ་ནར་ཏཱ་རེ་(Sonar Teri)།   ཅཱ་ཐཱ་ལེ་(Chaitali)།    ཀཱ་སཱ་མེ་ཀཱ་(Ksamika)།   ཀཱལ་པཱ་ནཱ་(Kalpana)།    ཀཱ་རྡེ་ཨོ་ཀཱོ་མལ་(Kadi O Komal)་སོགས་གསར་བརྩམས་གནང་བ་དེ་ཡིན།  

         ཐེ་ཀོར་གྱི་བརྩམས་ཆོས་མང་ཤོས་ནི་བྷན་གཱ་ལེ་
(Bengali)་ཡི་སྐད་དུ་བརྩམས་ཡོད་ལ།  ཐེ་ཀོར་གྱི་གཏམ་རྒྱུད་འབྲི་རྩོམ་གྱིས་ནི་སྐབས་དེའི་བུད་མེད་ཀྱི་གནས་བབ་སྟོན་བཞིན་ཡོད།  ཐེ་ཀོར་གྱིས་ལྷག་བསམ་རྣམ་དག་གིས་བུད་མེད་ཡུགས་མོ་རྣམས་བསྐྱར་དུ་གཉེན་སྒྲིག་བྱེད་པའི་དབང་ཆ་ལ་རྒྱབ་སྐྱོར་མཛད་ཅིང་།  སྤྱིར་བུད་མེད་ཀྱི་ཐོབ་ཐང་ཡར་རྒྱས་གཏོང་བར་རྒྱབ་སྐྱོར་མཛད་བཞིན་ཡོད།  

         ཐེ་ཀོར་དགུང་ལོ་ཉེར་གཉིས་ལ་སོན་སྐབས།  ཐེ་ཀོར་གྱི་ཆེས་སྙིང་ཉེ་བའི་སྲིང་ཚབ་ཀཱ་རྡམ་རྦ་རེ་
(Kadambari)་ཡིས་རང་སྲོག་བཅད།  དེར་བརྟེན་ཐེ་ཀོར་ལ་རང་ཉིད་ཧ་ཅང་ཁེར་རྐྱང་ཡིན་པའི་ཚོར་སྣང་བྱུང་།  རྒྱུ་མཚན་ཐེ་ཀོར་ལ་མཚོན་ན་དུས་ཚོད་དེ་ནི་ཆེས་དཀའ་ཁག་ཆེ་བ་དང་བྱ་བ་གང་ལའང་ཚོད་ལྟ་ཅན་གྱིས་འཇུག་བཞིན་པའི་ན་གཞོན་གྱི་དུས་ཡིན་པས་སོ།།  ལར་ཀཱ་རྡམ་རྦ་རེ་(Kadambari)་ནི་ཐེ་ཀོར་གྱི་ཨ་མ་ལྟ་བུ་ཁོ་ན་མིན་པར།  ཐེ་ཀོར་གྱི་གཞོན་ནུའི་དུས་ཀྱི་གཤིས་ཀ་གྱོང་པོ་འདུལ་མཁན་དང་ཐེ་ཀོར་གྱིས་ལས་དོན་ཅི་ཞིག་སྒྲུབ་ཀྱང་རྒྱབ་སྐྱོར་གནང་མཁན་ཡིན།  དེར་བརྟེན་ཀཱ་རྡམ་རྦ་རེ་(Kadambari)་ཡི་འཆི་རྐྱེན་གྱིས་ཐེ་ཀོར་གྱི་ཚོར་ཤུགས་ཇེ་སྐྱེན་ལ་བཏང་ཞིང་།  དེ་ནས་བཟུར་ཐེ་ཀོར་གྱིས་ལས་དོན་ཅི་ཞིག་སྒྲུབ་ཀྱང་ཞིབ་ཇེ་ཚགས་དང་གཏིང་ཇེ་ཟབ་ལ་བཏང་ཡོད།   དེ་ལྟར་ཀཱ་རྡམ་རྦ་རེ་(Kadambari)་གྲོངས་པའི་མྱ་ངན་དྲགས་པོའི་དབང་གིས་ཐེ་ཀོར་གྱི་དབང་པོ་ཇེ་རྣོ་ལ་གྱུར་ཏེ།  ཐེ་ཀོར་གྱི་སྙན་ངག་(Tumi Ki Kebali Chhabi)་ཁྱོད་ནི་གཟུགས་བརྙན་ཁོ་ན་ཙམ་ཡིན་ནམ་ཞེས་པ་སོགས་སུ་མྱ་ངན་གྱི་ནམ་འགྱུར་ཡང་ཡང་མངོན་ཡོད་དོ།།

         ཕྱི་ལོ་
1998་ལོའི་ནང་ཐེ་ཀོར་དང་ཐེ་ཀོར་གྱི་ཆུང་མ།  དེ་བཞིན་བུ་ཕྲུག་ལྔ་སྟེ་བུ་མོ་གསུམ་དང་བུ་གཉིས་ཀ་བཅས་ཐེ་ཀོར་གྱི་གཞིས་ཀ་ཞཱལ་རྡཱ་ཧཱ་(Shealdah)་རུ་གནས་སྤོ་བྱས།  དེ་ནས་བུ་ཕྲུག་རྣམས་ལ་ཐེ་ཀོར་རང་ཉིད་ཀྱིས་སློབ་ཁྲིད་བྱེད་པར་སེམས་ཐག་བཅད།  སྐབས་དེར་ཐེ་ཀོར་གྱིས་རྒྱུན་ལྡན་སློབ་གྲྭ་དང་མི་འདྲ་བའི་སློབ་གྲྭ་ཞིག་དང་འཛིན་རིམ་ཞིག་ཚུགས་པའི་འཆར་གཞི་འདིང་འགོ་ཚུགས།  སྤྱིར་ཞཱན་ཐཱན་ནེ་ཁེ་ཐཱན་(Shantiniketan)་ན་ཐེ་ཀོར་གྱི་ཡབ་ཆེན་བཞུགས་ཡོད་པ་དང་།  དེ་ག་ནས་ཡབ་ཆེན་ལ་ལྟ་སྐྱོང་གནང་བཞིན་འདུག་རྒྱུ་ནི་ཐེ་ཀོར་གྱི་རྨི་ལམ་ཞིག་ཀྱང་ཡིན།  དེར་བརྟེན་ཕྱི་ལོ་1901ལོའི་ཟླ་བ་12པའི་ཚེས་22་ཉིན་ཞཱན་ཐཱན་ནེ་ཁེ་ཐཱན་(Shantiniketan)དུ་ཐེ་ཀོར་གྱི་བུ་ཕྲུག་ལྔ་ལ་དགེ་རྒན་ལྔ་གོ་སྒྲིག་བྱས་ཏེ་སློབ་ཕྲུག་ལྔ་དང་དགེ་རྒན་ལྔས་གྲུབ་པའི་སློབ་གྲྭ་ཞིག་སྒོ་འབྱེད་གནང་ངོ་།།
                               རྩོམ་སྒྲིག་པ། གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease