ཀློག་པ་པོར་ཕུལ་བ།

    ཡིག་སྒྱུར་བ། དཔོན་ཚང་རྡོ་རྗེ།


ཀློག་པ་པོར་ཕུལ་བ།

   བྷོ་ངྷི་ལེར་གྱིས་བརྩམས།
                ༧ དཔོན་ཚང་རྡོ་རྗེས་བསྒྱུར།

བླུན་རྨོངས  སྡིག་ཉེས  སེར་སྣ  ནོར་འཁྲུལ་སོགས་ཀྱིས
ངེད་ཅག་གི་སེམས་པ་བདག་གིར་བཟུང་ཞིང་ལུས་ལ་མནར་གཅོད་གཏོང
སྤྲང་ལྟོགས་དག་གིས་རང་ལུས་ཀྱི་ཤིག་སྲོ་གསོ་བ་ཇི་བཞིན
ངེད་ཅག་གིས་རང་གི་ཡིད་དུ་འོང་བའི་འགྱོད་གདུང་གཉོར་གྱིན་འདུག
 
ངེད་ཅག་གི་སྡིག་ཉེས་སྲ་ཞིང་བརྟན་ལ་ངེད་ཅག་གི་འགྱོད་གདུང་ཉམ་རེ་ཆུང
ངེད་ཅག་གིས་རང་གི་མཐོལ་བཤགས་ལ་རིན་གོང་མཐོན་པོ་བརྒྱབ་ཅིང
འཛུམས་བག་སྟོན་གྱིན་དགའ་སྤྲོའི་ངང་འདམ་མྱགས་ཀྱི་ལམ་ཕྲན་བརྒལ
སྣང་བར་རིན་ཐང་དམན་པའི་མིག་ཆུས་ནག་ནོག་མ་ལུས་བཀྲུ་ཐུབ་པར་སྙམ
 
སྡིག་པའི་སྔས་འགྲམ་དུ  ལྡབ་གསུམ་གྱིས་གཏུམ་ཞིང་དྲག་པའི་ས་དན1གྱིས
ངེད་ཅག་གི་རྣམ་ཤེས་ཡོམ་ཡོམ་སྒུལ་ཞིང་ར་རོ་བར་བཏང
ངེད་ཅག་གི་གསེར་བཙོ་མ་ལྟ་བུའི་འདུན་པ་དེའང
ནུས་མཐུ་རྫོགས་པའི་རྫས་འཕྲུལ་གྱི་མཁན་པོ་འདི་ཡིས་དུ་བར་སྒྱུར
 
བདུད་པོ་འདི་ཡིས་ངེད་ཅག་ཁ་ལོ་སྒྱུར་བྱེད་ཀྱི་སྐུད་པ་བཟུང་འདུག་ཅིང
ཕྱི་རོལ་གྱི་ཤིན་ཏུ་རྫོབ་པ་དག་གིས་ངེད་ཅག་ཀུན་ནས་བསླུས
ངེད་ཅག་ཉི་མ་རེ་རེ་དང་གོམ་པ་རེ་རེ་བཞིན་དམྱལ་བར་ལྷུང་ཞིང
དྲི་ངན་གྱིས་ཁྱབ་པའི་མུན་ནག་བརྒལ་ནའང་སེམས་འཚབ་ཅི་ཡང་མི་འདུག
 
སྤྲང་འཁྱམས་ཤིག་གིས་ཤུགས་ཆེན་པོས་འཕྱོར་སྒེག་ཟད་པའི་སྨད་འཚོང་མ་དེའི
བརྙས་བཅོས་ཐེབས་པའི་ནུ་མ་ཉིད་འཇིབ་ཅིང་ནུ་བ་ཇི་བཞིན
ངེད་ཅག་གིས་ལམ་བར་དུ་ཁ་རོག་གེར་གཞན་ལ་གསང་དགོས་པའི་སྤྲོ་དགའ་ལོངས་སུ་སྤྱད་ཅིང
དེ་ཉིད་ཡུན་རིང་བསྐྱུར་བའི་ཚ་ལུ་མ་ཞིག་ལྟར་དམ་དུ་འཚིར་བར་བྱེད
 
སྲིན་འབུ་གྲངས་མེད་དང་འདྲ་བར   བདུད་ཀྱི་དཔུང་ཚོགས་དེ
ངེད་ཅག་གི་ཀླད་པའི་ནང་དུ་འཚང་ག་བྱེད་ཅིང་བཟི་ནས་ར་རོ་བར་འགྱུར
ངེད་ཅག་གིས་དབུགས་ལེན་སྐབས་འཆི་བདག་ཉིད་ངེད་ཅག་གི་གློ་བའི་ནང་དུ་འཛུལ་ཞིང
གཟུགས་མེད་པའི་གཙང་ཆེན་ཞིག་དང་འདྲ་བར་གདངས་དམའ་བའི་ཤུགས་རིང་འབྱིན་པར་བྱེད
 
གལ་སྲིད་དུག་རྫས་དང་གློ་གྲི  བཙན་གཡེམ་དང་མེར་སྲེག་པ་བཅས་ཀྱིས
ཁོ་ཚོའི་ཡིད་འཕྲོག་པའི་ཁྲ་རིས་དེ་དག་སྤྱད་ནས
ངེད་ཅག་གི་ཉམ་ཐག་པའི་ལས་དབང་གི་ཕལ་བའི་མ་གདན་སྟེང་དུ་རྒྱན་ཕབ་མེད་ཚེ
ཀྱེ དེ་ནི་ངེད་ཅག་གི་རྣམ་ཤེས་ད་དུང་བག་འཁུམས་ཀྱི་ངང་དུ་གནས་ཡོད་པས་ཡིན་ནོ
 
འོན་ཀྱང་ངེད་ཅག་གི་སྡིག་ཉེས་སྟེ  རྫབ་རྫོབ་ཀྱི་སྲོག་ཆགས་གླིང་ཀ་འདི་རུ
ཟུག་སྐད་འབྱིན་པ  སྐད་འགྲགས་དང་ང་རོ་སྒྲོག་གིན་པ་མཐའ་དག་གམ
གང་སར་རྒྱུ་བའི་འཕར་སྤྱང་ངམ་སྟག་གཟིག བྱ་རྒོད
རྔོན་ཁྱིའམ་དུག་སྦྲུལ སྡིག་པ་ར་ཙ་དང་སྤྲེའུ་བཅས་ཀྱི་གྲས་སུ
 
གང་ལས་ཀྱང་རབ་ཏུ་མི་སྡུག་པ  གཏུམ་དྲག་དང་གདུག་རྩུབ་ཅན་ཞིག་འདུག་སྟེ
དེ་ཉིད་ཞི་བའི་ཟོལ་གྱིས་སྐད་སྒྲ་ཡང་མི་འབྱིན་པར་འདུག་མོད
དེས་ས་གཞི་ཆེན་པོ་འདི་སྐད་ཅིག་རིང་བཅོམ་ཆག་སྐྱ་ཉིལ་དུ་སྒྱུར་ཅིང
གླལ་སྒྱིང་བྱས་པ་ཙམ་གྱིས་ཀྱང་གོ་ལ་འདི་ཁྱུར་མིད་གཏོང་བསམ་གྱིན་འདུག
 
དེ་ལ་སུན་སྣང་ཅེས་བྱ་སྟེ  — མིག་ཟུང་དབང་མེད་དུ་མཆི་མས་བཀང་ཞིང
ཆུ་ཐ་འཐེན་བཞིན་སྐེ་གཅོད་སྟེགས་བུ་དྲན་གྱིན་འདུག
ཀྱེ  ཀློག་པ་པོ  ཁྱོད་ཀྱིས་ངོ་ཡ་བྱེད་དཀའ་བའི་འདྲེ་སྲིན་འདི་ངོ་ཤེས་པར་གྱིས་ཤིག
— ཟོབ་རྫུར་མཁས་པའི་ཀློག་པ་པོ  — ང་ཡི་སྤུན་ཟླ  — ང་ཡི་རིགས་མཐུན

 
致读者

    波德莱尔 者


愚蠢、罪孽、吝啬以及谬误,
占据我们的灵魂,折磨我们的肉体,
犹如乞丐养活它们身上的虱子,
我们居然哺育我们可爱的悔恨。

我们的罪孽顽固不化,我们的悔恨软弱无力;
我们居然为自己的供词开出昂贵的价目,
然后就破涕为笑,眉飞色舞地折回泥泞的道路,
自以为用廉价的眼泪就能洗去所有的污迹。

在恶的枕头上,正是三倍厉害的撒旦
久久地摇得我们的灵魂走向麻木,
而我们的如同贵重金属的意志,
也被这个神通广大的化学师全然化为轻烟。

正是这个恶魔牵着支配我们一切活动的线!
我们居然甘受令人厌恶的外界的诱惑;
每天,我们都逐步向地狱堕落,
穿过臭不可闻的黑暗也毫不心惊胆战。

彷佛倾家荡产的浪子狂吻狂吸
丰韵无存的妓女那饱受摧残的乳房,
我们在途中偷尝不可告人的幽欢,
使劲儿挤压它像挤一个放久的橙子。

宛如无数蠕虫,一群恶魔
聚集在我们的头脑里,挤来挤去,喝得酩酊大醉,
当我们呼吸的时候,死神每每潜入我们的肺里,
发出低沉的呻吟,彷佛无形的大河。

倘若毒药、匕首、强奸、纵火,
还没有用它们那迷人的纹路
点缀我们可怜的命运这平庸底布,
唉!那只是因为我们的灵魂还不够大胆。

然而,就在我们的罪恶这污秽不堪的动物园
所有正在低吠、尖叫、狂嗥、
乱爬的豺狼、虎豹、秃鹫、
母猎狗、蛇蝎、猴子等之间,

却有一头更丑陋、更狠毒、更卑劣!
虽然它并不凶相毕露,也不大叫大喊,
但它却会欣然将大地化为一片断壁颓垣,
即使打哈欠也想吞没整个世界;
 
这就是“厌倦” !——眼里不由自主地满含泪水,
它抽起水烟筒,对断头台居然浮想联翩。
啊,读者,你要知道这不好对付的怪物,
——虚伪的读者,——我的兄弟,——我的同类!


             རྩོམ་སྒྲིག་པ། མྱི་གསར་བ།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

Signature is customized by Netease